ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་རྒྱལ་ཡོངས་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་བདམས་ཐོན་བྱུང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ5བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མི29བདམས་ཐོན་བྱུང་བ་དང་། འཐུས་མིའི་མིང་ཐོ་གཤམ་གསལ་ལྟར།(རྒྱ་ཡིག་གི་རུས་ཀྱི་པིར་རིས་ལྟར་བསྒྲིགས)

ཚེ་རིང་ཐར། (བོད་རིགས)མཱ་ཞའོ་ཡུས། (མོ། ཧུའེ་རིགས)ཝང་ལིན་ཧུའུ། ཝང་ཏིན་པང་། ཆོས་དབྱིངས་སྐྱིད། (མོ། བོད་རིགས)ཉིའུ་ཧྲིན་ཡིའུ། དཔལ་ཚེ་ལོ། ལུའི་ཀང་། ཀྲུའུ་ཀྲན་མིང་། ལིའུ་ཞིའུ་ཆིན། (མོ། སོག་རིགས)ཆི་ཧུང་ཧྥེང་། (མོ)དབྱང་ཡོན། (མོ། ཧུའེ་རིགས)དབྱང་ཀྲི་ཝིན།(ཧུའེ་རིགས)ཝུའུ་ཞའོ་ཅུན། ཝང་དབྱང་། ཀྲང་ཞའོ་ཅུན། ཀྲང་ཅིན་མེ། (མོ)ཁྲིན་ཀྲི་ཞིའུ།(མོ། ཧོར་རིགས)ཁྲེན་རུའེ་ཧྥེང་། ཀྲའོ་ཡུའེ་ཞ། (མོ)ཀྲའོ་ཁེ་ཀྲི། ཞིན་ཁྲང་ཞིང་། པད་གོ(བོད་རིགས)ཆན་ཅན་ཧྭ། དབྱིན་པའེ། (འཇང་རིགས)ཀོ་ཅུན། ཧན་ཧྲི། (ས་ལར་རིགས)ཅའོ་ཀྲིན།(མོ)ཚའེ་ཁྲིན་ཡུང་།

ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་གྱི་འཐུས་མི་དག་ནི་ཏང་གི་སྒྲིག་ཡིག་དང་ཏང་ཀྲུང་དབྱང་གིས་འཐུས་མིའི་འདེམས་བསྐོ་བྱ་བ་ལེགས་པར་སྒྲུབ་པའི་སྐོར་གྱི་བླང་བྱར་གཟབ་ནན་གྱིས་བསྟུན་ནས་བདམས་ཐོན་བྱུང་བ་ཡིན། འཐུས་མི་འདེམ་སྒུག་མི་སྣའི་ཐོག་མའི་འོས་མི་མཚམས་སྦྱོར་གྱི་མིང་ཐོ་དང་འཐུས་མི་དངོས་སུ་འདེམས་བསྐོའི་གོ་རིམ་ཁྲོད། ཚད་ལྡན་གྱི་ཆ་རྐྱེན་རྒྱུན་འཁྱོངས་དང་རྩ་འཛུགས་གཟབ་ནན་བྱས་པ་དེས་ཏང་ནང་ཁུལ་གྱི་དམངས་གཙོ་དར་སྤེལ་གང་ལེགས་བྱས་ཡོད། འཐུས་མིའི་བདམས་ཐོན་བྱུང་བ་དེ་གོ་རིམ་གྱི་གཏན་འཁེལ་དང་མཐུན་ལ། སྒྲིག་གཞིའི་བསྡུར་ཚད་དེ་ཏང་ཀྲུང་དབྱང་གི་བླང་བྱ་དང་མཐུན། 

ཏང་གི་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པར་ཞུགས་པའི་འཐུས་མིའི་ཐོབ་ཐང་ལ་ད་རུང་སྐབས་དེར་ཏང་གི་རྒྱལ་ཡོངས་ཀྱི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་འཐུས་མིའི་ཐོབ་ཐང་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་ངོས་ལེན་བྱ་དགོས། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།