ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁྱབ་ཁོངས་ཀྱི་དཔལ་འབྱོར་བརྟན་འཇགས་ཡོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁྱབ་ཁོངས་ཀྱི་དཔལ་འབྱོར་བརྟན་འཇགས་ཡོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་བ་དང་། འབྲེལ་ཡོད་ཕྱོགས་ཀྱི་བསམ་འཆར་དང་གྲོས་གཞིར་གསན་པ་མ་ཟད། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁྱབ་ཁོངས་སུ་དངོས་སྒྲུབ་བྱ་ཐབས་དོན་འཁྱོལ་བྱ་རྒྱུར་ཞིབ་འཇུག་བྱས། 

ཁོང་ཡུང་གིས་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་དམངས་སྲིད་ཁོངས་གཏོགས་ཀྱིས་མིག་སྔའི་དམངས་སྲིད་ལས་དོན་ལེགས་པོར་སྒྲུབ་པའི་གལ་ཆེའི་རང་བཞིན་དང་ཁ་ཚ་དགོས་གཏུག་གི་རང་བཞིན་ལ་ངོས་འཛིན་གང་ལེགས་བྱས་ནས། རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་བརྟན་འཇགས་ཡོང་བའི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དང་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་མཉམ་འདྲེས་དང་གཞི་གཅིག་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། “དུས་དང་རྣམ་པ་ཀུན་ཏུ་ལྷོད་གཡེང་དུ་གཏོང་མི་རུང་པའི”འགན་འཁྲིའི་འདུ་ཤེས་བཟུང་ནས། སེམས་ནུས་ཡོད་རྒུ་བཏོན་ནས་དམངས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་འཚོར་ཕན་འདོགས་རྒྱུ། དམངས་འཚོའི་མཐའ་སྐྱོང་འགན་ལེན་དྲ་བ་བརྟན་འཇགས་ངང་འཛུགས་པ་བཅས་བྱེད་དགོས། ཞིབ་ཕྲའི་ལས་དོན་ཁྲོད་སྲིད་ཇུས་བཟོ་བ་དང་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས། མཐིལ་རྟོགས་གྲལ་བཤེར་བྱེད་པར་ཤུགས་སྣོན་བརྒྱབ་སྟེ་སྤྱི་ཚོགས་ཀྱི་རོགས་སྐྱོབ་དང་འགན་ལེན་ཚད་གཞི། དངོས་ཟོག་གི་རིན་གོང་འཕར་བར་འབྲེལ་མཐུད་བྱེད་པའི་མཉམ་འགུལ་ལམ་སྲོལ་ལག་བསྟར་བྱས་ནས། གནས་སྐབས་ཀྱི་རོགས་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། སྲིད་ཇུས་ཀྱི་གསལ་འགྲེལ་ལ་ཤུགས་སྣོན་རྒྱག་པ། དུས་ཐོག་དང་གནད་འཁེལ། མ་དངུལ་འདང་བ་བཅས་ཀྱི་སྒོ་ནས་རིགས་སོ་སོའི་རོགས་སྐྱོབ་ཁ་གསབ་སྤྲོད་དགོས། རིམས་ནད་སྔོན་འགོག་ཚོད་འཛིན་དང་ལས་སྒོའི་ལས་དོན་ལ་གཅིག་གྱུར་འཆར་འགོད་བྱས་ནས། རིམས་ནད་སྔོན་འགོག་ཚོད་འཛིན་གྱི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ་དང་། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་དམངས་འཚོའི་བྱ་བ་དངོས་ཀྱི་བཟོ་འགོད་ལ་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་བ་བཅས་བྱས་ནས། དུས་ཚོད་དང་ལས་འགན་གཉིས་ཀ་ཡོངས་འགྲུབ་བྱེད་པར་འགན་ལེན་བྱེད་དགོས། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དེ་གྲོང་གསེབ་དར་སྤེལ་དང་འབྲེལ་མཐུད་ནུས་ལྡན་བྱེད་པའི་ལས་དོན་སོ་སོ་ཡག་པོར་བསྒྲུབས་ནས། དབུལ་པོར་བསྐྱར་ལོག་བྱེད་སླ་བའི་མི་འབོར་ལ་ལྟ་ཞིབ་བྱ་རྒྱུར་ཤུགས་སྣོན་བརྒྱབ་སྟེ། གཞི་ཁྱོན་ལྡན་པའི་བསྐྱར་ལོག་མི་འབྱུང་བའི་གཞི་ཐིག་བརྟན་སྲུང་བྱ་དགོས། ལྟ་སྐུལ་དོན་འཁྱོལ་བྱ་རྒྱུར་དམ་འཛིན་བྱས་ནས་རྩིས་བཤེར་ཤེས་རྟོགས་བྱུང་བའི་གནད་དོན་བཅོས་སྒྲིག་བྱེད་ཐབས་ཇེ་མགྱོགས་སུ་གཏོང་བ་དང་། རོགས་སྐྱོབ་ཐད་སྦྲེལ་ཁ་པར་འཛུགས་པར་ཤུགས་སྣོན་རྒྱག་པ་དང་། དྲ་ཐོག་ལས་སྒྲུབ་བརྒྱུད་རིམ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ནས་འགན་ལེན་ཞབས་ཞུར་སྔར་བས་དྲོད་ཁོོལ་ལྡན་པར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།