ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུ་ཀུང་ཟིས་ཉི་འོད་ཀློང་གི་མཚོ་སྔོན་གྱི་གཏམ་རྒྱུད་བྲིས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་དང་ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

11111.jpg

IBCགློག་གཡིས་རང་འགུལ་ཐོན་སྐྱེད་འཁོར་ཁང་།

2222.jpg

IBCགློག་གཡིས་རང་འགུལ་ཐོན་སྐྱེད་འཁོར་ཁང་།

333.jpg

ཞིབ་འཇུག་གསར་སྤེལ་ཚོགས་པ།

444.jpg

ཞིབ་འཇུག་གསར་སྤེལ་ཚོགས་པ།

ལོ་ངོ་དྲུག་གི་རིང་ལ། ཡོད་ཚད་མིག་གིས་འཚོས། 

ལོ་ངོ་དྲུག་གི་རིང་ལ། བློ་སྤོབས་སྔར་བཞིན་མཐོ། 

ལོ་ངོ་དྲུག་གི་རིང་ལ། བཀའ་མངགས་ཡིད་ལ་བཟུང་། 

ཟླ6པའི་ཚེས5ཉིན་གྱི་སྔ་དྲོའི་དུས་ཚོད9ཡི་སྟེང་། ཟི་ལིང་གི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་ཆུ་ཤར་བཟོ་ལས་གླིང་ཁུལ་དུ་ཡོད་པའི་རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་སི་ཟི་ལིང་ཉི་ནུས་ཡན་ལག་ཀུང་སིས་ཉིན་གཅིག་གི་ཐོན་སྐྱེད་མགོ་བརྩམས། ཡོངས་སུ་རང་འགུལ་ཡིན་པའི་སྙིགས་མེད་ཐོན་སྐྱེད་སྦྲེལ་ཐག་ཡོངས་སུ་འཁོར་སྐྱོད་བྱས་པ་དང་། ལས་མི་ཡོངས་རང་གནས་སུ་ལོག་པ། འཕྲུལ་ཆས་འཛིན་བྱེད་ཀྱིས་གོ་རིམ་ལྡན་པར་ལེན་པ། ཀུའེ་ལེབ་གློག་གཡིས་རེ་རེ་སྔ་རྗེས་སུ་ཐོན་སྐྱེད་བྱས་ནས་གོ་རིམ་རྗེས་མར་བཏང་། 

མཚོ་སྔོན་འོད་ནུས་ཐོན་ལས་འཕེལ་རྒྱས་འདི་ནས་མགོ་བརྩམས་ཤིང་། གོ་རིམ་དང་གོ་རིམ་དམ་དུ་སྦྲེལ་བའི་འོད་ནུས་ཐོན་ལས་སྦྲེལ་ཐག་གིས་མཐོ་སྒང་གི་གནའ་མཁར་ཟི་ལིང་རིམ་བཞིན་འོད་ནུས་ཐོན་ལས་ཀྱི་སྒྲིག་ཆས་རྟེན་གཞིར་བསྒྱུར་ཡོད་ཅིང་། མཐོ་སྒང་གི་འོད་ནུས་“ཀུའེ་ཀུའུ”སྟོབས་དང་བཅས་འཕེལ་བཞིན་ཡོད། 

འོད་ཡོད་ན་ཁ་ཕྱོགས་ཡོད་དེ། འདིའི་ཁྲོད་ཀྱི་ཁ་ཕྱོགས་དང་ཡིད་ཆེས་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་མངགས་ལས་ཡོང་བ་ཡིན། 2016ལོའི་ཟླ8པའི་ཚེས23ཉིན་གྱི་ཕྱི་དྲོར་ཕྱིར་དྲན་བྱས་ན། མཚོ་སྔོན་ལ་གཟིགས་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་སི་ཟི་ལིང་ཉི་ནུས་ཡན་ལག་ཀུང་སིར་ཕེབས་ཏེ། མཚོ་སྔོན་གྱིས་ཉི་འོད་ཕུན་སུམ་ཚོགས་པ་དང་ཚ་འོད་ཐོན་ཁུངས་མོད་པོ་སོགས་ཀྱི་དགེ་མཚན་ལ་བརྟེན་ནས་དྭངས་གཙང་ནུས་ཁུངས་འཕེལ་རྒྱས་ཐད་ཀྱི་གྲུབ་འབྲས་ལ་ཁས་ལེན་གང་ལེགས་མཛད། ཁོང་གིས་འོད་ནུས་གློག་འདོན་ཐོན་ལས་འཕེལ་རྒྱས་གཏོང་བར། འཆར་འགོད་དང་བཀོད་སྒྲིག་ལེགས་པར་སྒྲུབ་པ་དང་། སྲིད་ཇུས་ཀྱིས་རྒྱབ་སྐྱོར་དང་སྣེ་ཁྲིད་ལ་ཤུགས་སྣོན་པ། ཚད་ལྡན་ཅན་དང་གོ་རིམ་ཅན་འབུར་དུ་དོད་དགོས་ཞེས་བསྟན། 

ལོ་ངོ་དྲུག་གི་རིང་ལ། མཚོ་སྔོན་གྱི་འོད་ནུས་བཟོ་སྐྲུན་དང་གློག་འདོན་གཞི་གཅིག་དང་མཚོ་སྔོན་གྱི་དྭངས་གཙང་ནུས་ཁུངས་མཁོ་འདོན་གྱི“གཙོ་ཤུགས་དམག”ཡིན་པའི་རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་སིས་སྟོབས་ཤུགས་ཡོད་དགུ་རྩལ་དུ་སྤྲུགས་ནས། མཐོ་སྒང་གི་ཉི་འོད་ཐོན་ལས་ནང་དུ་འཕྲོས་སུ་བཅུག་ལ། མང་ཚོགས་ཀྱི་སེམས་སུ་འཚེར་དུ་བཅུག་ཅིང་། མཚོ་སྔོན་གྱི་མ་འོངས་པར་འཕྲོས་སུ་བཅུག་སྟེ། མཚོ་སྔོན་གྱི་ཉི་འོད་ཀློང་གི་གཏམ་རྒྱུད་གསར་པ་བྲིས། 

བཀའ་མངགས་ཟབ་མོ་དེ་དཔའ་བསྐྱེད་མདུན་སྐྱོད་ཀྱི་སྒུལ་ཤུགས་སུ་བསྒྱུར། 

ཟླ6པའི་ཚེས5ཉིན་གྱི་སྔ་དྲོར། རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་སི་ཟི་ལིང་ཉི་ནུས་ཡན་ལག་ཀུང་སི་རུ། ལས་མི་ཡོངས་ལས་རྐང་དུ་སླེབས་མ་ཐག IBCགློག་གཡིས་འཁོར་ཁང་བཟོ་བཀོད་པ་ཝེ་རུང་ཐོན་སྐྱེད་ཡུལ་དངོས་སུ་སླེབས། ལོ་ངོ་དྲུག་ནི་ཉི་མ་གཅིག་དང་མཚུངས་པར། ཝེ་རུང་ཐོན་སྐྱེད་སྦྲེལ་ཐག་གི་གམ་དུ་བསྐྱོད་ནས། གློག་གཡིས་ཐོན་སྐྱེད་ཀྱི་གནས་ཚུལ་ལ་ལྟ་ཞིབ་བྱས་པ་དང་། ཐོན་སྐྱེད་སྦྲེལ་ཐག་ཚང་མ་འཁོར་སྐྱོད་རྒྱུན་ལྡན་ཡིན་པར་གཏན་ཁེལ་བྱུང་རྗེས། ཁོ་མོ་རྣོ་སྐུད་རྒྱུ་ཆ་ཐོན་སྒོ་ནས་བསྡད་ཅིང་། སྐབས་བསྟུན་གྱིས་ཀུའེ་ལེབ་ཅིག་བླངས་ཏེ་ཕྲ་མཐོང་ཆེ་ཤེལ་འོག་ནས་སྐུད་ངོས་ལ་བརྟག་དཔྱད་བྱས་ཤིང་། ཐོན་སྐྱེད་བྱས་པའི་ཀུའེ་ལེབ་ཀྱི་སྐུད་ངོས་ཡོད་ཚད་གཏན་འཁེལ་བྱས་པའི་ཝེ་སྨི2ལ་སླེབས་པར་ཁག་ཐེག་བྱས། 

འཐེན་བཤེར་ཐེངས་རེ་རེའི་སྐབས་སུ། ཝེ་རུང་ནི་ཧ་ཅང་ཞིབ་ཚགས་ནན་ཏན་ཡིན། དེ་ནི་ཁོ་མོས་བསམ་བཞིན་བྱས་པ་མ་ཡིན་ཏེ། ལོ་ངོ་དྲུག་གི་སྔོན་དུ་སྤྱི་ཁྱབ་ཧྲུའུ་ཅི་དང་ཞལ་མཇལ་བ་ནས། ཁོ་མོར་སྐུལ་མ་ཆེན་མོ་ཐེབས་པ་ཡིན་པར་མ་ཟད། རང་ཉིད་ཀྱི་བྱ་བར་ངེས་པར་ཡག་ཐོག་ཡག་བརྩེགས་ཀྱི་རེ་བ་ནན་མོ་བཏོན་པས་ཀྱང་ཡིན། 

“ལོ་ངོ་དྲུག་གི་སྔོན་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཀུང་སིར་ཕེབས་ཏེ་གཟིགས་ཞིབ་གནང་། ངས་ཀུའེ་ལེབ་ལག་པ་གཉིས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅིར་སྤྲད་པ་ཡིན། སྐབས་དེར་ང་ལ་གཟི་བརྗིད་བླ་མེད་ཅིག་སྐྱེས་ཤིང་། ‘ཉི་འོད་ཐོན་སྐྱེད་སྦྲེལ་ཐག’འདི་ནི་རང་གི་སྟོབས་ཤུགས་ཡོད་དགུས་འབད་འཐབ་བྱ་རྒྱའི་ཁ་ཕྱོགས་རེད་ཅེས་སེམས་ཐག་བཅད།” ཅེས་ཝེ་རུང་གིས་བཤད། 

དོན་དངོས་སུ། སྤྱི་ཁྱབ་ཧྲུའུ་ཅི་རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་སི་ཟི་ལིང་ཉི་ནུས་ཡན་ལག་ཀུང་སིར་ཕེབས་ཏེ་གཟིགས་ཞིབ་གནང་བ་དེས་ཝེ་རུང་གཅིག་པུར་མ་ཟད། དེར་ཡོད་ཀྱི་ལས་བཟོ་ཡོངས་ལ་སྐུལ་ལྕགས་ཆེན་པོ་ཐེབས། 

སྤྱི་ཁྱབ་ཧྲུའུ་ཅིའི་སྐུ་འགྲམ་དུ་མཉམ་པར་བསྐྱོན་པའི་སྐལ་པ་ལྡན་པའི་ན་གཞོན་ལས་བཟོ་པ་ཐེན་ཅུན་གྱིས་སྐབས་དེའི་རྣམ་པ་ཕྱིར་དྲན་བྱས་ཏེ། “སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་དེས་ཁེ་ལས་ལས་བཟོ་པ་དང་། ལྷག་པར་དུ་ན་གཞོན་ལས་བཟོ་པར་སྐུལ་མ་ཆེན་པོ་བསྩལ་པ་རེད། ན་གཞོན་ལས་བཟོ་པ་ཞིག་ཡིན་པའི་ཆ་ནས། ངས་ནི་ཐོག་མའི་བསམ་འདུན་མི་བརྗེད་པར་མུ་མཐུད་དུ་མདུན་དུ་བསྐྱོད་དེ། རྒྱལ་ཁབ་ཀྱི་འོད་ནུས་ཐོན་ལས་འཕེལ་རྒྱས་ལ་རང་ཉིད་ཀྱི་སྟོབས་ཤུགས་དབུལ་རྒྱུ་ཡིན།” ཞེས་སེམས་ཚོར་ཆེན་པོས་བཤད། 

རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་སི་ཟི་ལིང་ཉི་ནུས་ཡན་ལག་ཀུང་སིའི་སྤྱིའི་ལས་འཛིན་གཞོན་པ་སུང་ཀྲི་ཁྲེང་གིས་ཁེ་ལས་ཀྱི་འཕེལ་རྒྱས་གླེང་སྐབས་བསྟན་དོན། “སྤྱི་ཁྱབ་ཧྲུའུ་ཅི་ཕེབས་པ་དེས་རང་ཞིང་གི་འོད་ནུས་ལས་རིགས་ཀྱི་ཆེས་ལེགས་པའི་ཁས་ལེན་ཡིན་ལ། ང་ཚོའི་བྱ་བའི་ཆེས་ལེགས་པའི་ཁས་ལེན་ཡང་ཡིན། ཉིན་དེ་ནས་བཟུང་། ཁེ་ལས་ཀྱི་ཡིད་ཆེས་བརྟན་ཅིང་། འོད་ནུས་ཐོན་ལས་ལ་ཐོལ་བརྒལ་འབྱུང་དུ་བཅུག་སྟེ། འཛམ་གླིང་གི་མདུན་གྲལ་དུ་བསྐྱོད་རྒྱུའི་ཆོད་སེམས་སྐྱེས།” 

ལོ་ངོ6གི་རིང་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་རེ་རེ་སྔ་མོ་ནས་ཁེ་ལས་རྒྱ་སྐྱེད་གསར་གཏོད་ཐད་དུ་དངོས་འབེབས་བྱས་ཏེ། མུ་མཐུད་དུ་ཐོལ་བརྒལ་འབྱུང་བའི་སྒུལ་ཤུགས་སུ་གྱུར། ཝེ་རུང་གིས། “ལོ་ངོ་དྲུག་གི་སྔོན་དུ། ངས་སྤྱི་ཁྱབ་ཧྲུའུ་ཅི་ལ་སྤྲད་པ་ནི་ཤེལ་རྐྱང་ཀུའེ་ལེབ་ཡིན་ལ། དེ་རིང་གི་དུས་ལ་སླེབས་དུས། ཁེ་ལས་ཀྱིས་དཀའ་སྤྱད་འབད་བརྩོན་བྱས་ཐོག ཤེལ་རྐྱང་གློག་གཡིས་དེ་ལས་རྩལ་སྔར་ལས་སྔོན་ཐོན་ཡིན་པའི་རྣམ་པNཅན་གྱི་གློག་གཡིསIBCལ་རིམ་སྤོར་བྱས། ཐོན་ཚད་ཕན་ཕྱོད་སྔོན་གྱི20%ནས24.2%བར་མཐོར་འདེགས་ཆེན་པོ་བྱུང་།” ཞེས་བཤད། 

བདེན་སྲུང་གསར་གཏོད་དེ་འཕེལ་རྒྱས་ཀྱི་སྣེ་ཁྲིད་པའི་སྒུལ་ཤུགས་དང་པོར་བསྒྱུར། 

ཟླ5པའི་ཚེས11ཉིན། 2022ལོའི་འཇར་མན་མཱོ་ཉི་ཧུ་རྒྱལ་སྤྱི་ཉི་ནུས་འོད་ནུས་འགྲེམ་སྟོན་ཆེན་མོ་གཟབ་རྒྱས་ངང་མགོ་བརྩམས། ཀྲུང་གོ་མཚོ་སྔོན་གྱི་རྒྱལ་ཁབ་གློག་གཏོང་རྨ་ཆུ་ཀུང་སི་ནི་གོ་ལ་ཧྲིལ་པོའི་ངོས་གཉིསIBCཐོན་རྫས་འབོར་ཆེན་ཐོན་སྐྱེད་བྱེད་པའི་ཁེ་ལས་ཁོ་ན་ཡིན་པས། ཁེ་ལས་དེའི་ཆེས་གསར་པའི་མུ་འབྲེལAndromeda(ལྷ་མོའི་ཁྲི)རྣམ་མངIBCཚགས་སྒྲིག་ལ་ཡོ་རོབ་ཚོང་རས་དོ་སྣང་བྱུང་། 

དེ་དང་ཆབས་ཅིག་རྒྱལ་ཁབ་ཁྱིམ་སྤྱོད་གློག་ཆས་མ་འཇོག་རྨ་ཆུ་ཀུང་སིས་ཁོར་ཡུག་རྙིང་འགྱུར་སྔོན་འགོག་སོགས་ཀྱིIBCལྷུ་ལག་གི་ཁྱད་དུ་འཕགས་པའི་ནུས་པར་བརྟེན་ནས། PQPའོད་ཤུགས་ལྷུ་ལག་ཐོན་རྫས་ཀྱི་ཁས་ལེན་དཔང་ཡིག་ལ་རིམ་པ་བཞིན་ཚད་ལེན་ཚོད་ལྟ་བྱས་པ་བརྒྱུད། ཡང་བསྐྱརPVELགོ་ལ་ཧྲིལ་པོའི“ཆེས་ལེགས་པའི་མཚོན་ཚུལ”གྱི་ལྷུ་ལག་ཐོན་སྐྱེད་ཁེ་ལས་པར་དཔྱད་འདེམས་བྱས་པ་ནི། མིང་འདོན་ཐེངས་གཉིས་བྱས་པའི་ཨེ་ཤེ་ཡའིIBCཐོན་སྐྱེད་ཁེ་ལས་གཅི་པུ་དེ་ཡིན་ཞིང་། དེས་ཨེ་ཤེ་ཡའིIBCཐོན་སྐྱེད་ཁེ་ལས་ཀྱི་མཚན་སྙནPVELཡི“ཆེས་ལེགས་པའི་མཚོན་ཚུལ”གྱི་ཟིན་ཐོ་གསར་པ་བསྐྲུན་པ་རེད།

ཐེངས་རེར་རེར་ཐོན་རྫས་གསར་གཏོད་དང་། ཐེངས་རེར་རེར་ཁྲོམ་རའི་ཁས་ལེན་ཐོབ་པར་གདོང་གཏོད་པར། རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིས་ལས་མཚམས་བཞག་མ་མྱོང་ལ་ང་རྒྱལ་ཡང་སྐྱེས་མ་མྱོང་། དེ་ནི་ཁོང་ཚོས་ད་དུང་འགྲན་སློང་སྔར་ལས་མང་བ་ལེགས་འགྲུབ་བྱེད་དགོས་པས་རེད།

“གསར་གཏོད་ནུས་ཐོབ་དང་། ཚན་རྩལ་ཁེ་ལས་དར་རྒྱས་བཏང་བའི་ལོ་ངོ6གི་རིང་། རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིའི་འོད་ཤུགས་གློག་འདོན་འཕྲུལ་འཁོར་གྱིས་གློག་འདོན་ཚད་ཆན་ཝ་ཁྲི836.02ལ་སླེབས་པ་དང་། དེ2016ལོ་དང་བསྡུར་ན229%གྱིས་འཕར་ནས། ནུས་རྒྱུ་གསར་པའི་ཁོངས་གཏོགས་ཀྱི་གློག་འདོན་ཚད་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ཡོད། ང་ཚོའི་རང་བརྟེན་གསར་གཏོད་ནུས་པ་ཡང་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ནས། རྒྱལ་ནང་གི་ཆེས་ཐོག་མའིIBCགློག་རྫས་ཐོན་སྐྱེད་ལས་ཕྱོད24.2%ལ་སླེབས་པ་དང་། ཀལ་ཐེ་གཏེར་དང་ཤེལ་ཀའེ་བརྩེགས་རིམ་གྱི་གློག་རྫས་ཚོད་ལྟ་ཁང་གི་ལས་ཕྱོད28.08བར་མཐོ་རུ་བཏང་བས། མིག་སྔར་རྒྱལ་ནང་དུ་གནས་ཚུལ་སྤེལ་བ་ཆེས་མཐོ་བའི་ཟིན་ཐོ་རུ་སླེབས་ཡོད། ”ཅེས་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སི་ཟི་ལིང་ཉི་ནུས་ཡན་ལག་ཀུང་སིའི་སྤྱི་ཁྱབ་གཞོན་པ་ཀའོ་ཕུང་གིས་ངོ་སྤྲོད་བྱས།

དེ་རིང་ནི་སྤྱི་ཁྱབ་ཧྲུའུ་ཅིས་བཏོན་པའི“ངེས་པར་དུ་འོད་ཤུགས་ཐོན་ལས་ལེགས་པར་གཉེར་དགོས”ཞེས་པའི་མཛུབ་སྟོན་གལ་ཆེན་ལ་གདོང་གཏོད་པའི་དུས་ལ་སླེབས་ཡོད། རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིས་སྤྱི་ཁྱབ་ཧྲུའུ་ཅིའི་མངགས་བཅོལ་བློ་ལ་བརྟན་པོར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་མཆན་འགོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་པས། ཤེལ་མང་ཀུའེ་དང་། འོད་ཤུགས་གློག་རྫས་ལྷུ་ལག འོད་ཤུགས་གློག་ཁང་འཛུགས་སྐྲུན་གཉེར་སྐྱོང་དང་ལྷུ་ལག་ཕྱིར་བསྡུ་བཅས་ཀྱི་ལྗང་མདོག་འཁོར་རྒྱུག་གི་ཐོན་ལས་ཕྲེང་འབྲེལ་ཧྲིལ་པོ་ཆགས་ཡོད།

རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིའི་ཏུང་ཧྲི་ཀྲང་དང་ཏང་ཨུའི་ཧྲུའུ་ཅི་ཡའོ་ཞའོ་ཡན་གྱིས་བཤད་རྒྱུར། “ཀུང་སིས་མཚོ་སྔོན་དུ་འཛམ་གླིང་གི་ཟིན་ཐོ་གསར་པ་ལྔ་སྐྲུན་ཡོད་དེ། དེ་ནི་གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་འོད་ཤུགས་ཐོན་ལས་གླིང་ཁུལ་དང་། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་འོད་ཤུགས་རྐྱང་པའི་གློག་ཁང་། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་ཆུ་འོད་གསབ་རེས་གློག་ཁང་། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་འོད་ཤུགས་གློག་འདོན་དངོས་དཔང་རྟེན་གཞི། གོ་ལ་ཧྲིལ་པོའི་ཆེས་ཆེ་བའི་ནུས་རྒྱུ་གསར་པའི་ཁྱབ་ཚུལ་རྨ་པའི་པར་ཆས་ཁྱུ་ཚོགས་བཅས་ཡིན། ‘འཛམ་གླིང་གི་འོད་ཤུགས་ཀྲུང་གོ་ལ་བལྟ་བ་དང་། ཀྲུང་གོའི་འོད་ཤུགས་མཚོ་སྔོན་ལ་བལྟ་བ། མཚོ་སྔོན་གྱི་འོད་ཤུགས་རྨ་ཆུ་ལ་བལྟ་བ’ཞེས་པའི་མཚན་སྙན་ཐོབ་ཡོད།”

བགྲོད་ལམ་གསར་པར་འབད་པས་སྐྱོད། དུས་རབས་གསར་པར་བྱས་རྗེས་འཇོག མགོ་རྩོམ་ས་གསར་པའི་གནས་སུ་འགྲེང་ནས། རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིས་ཡིད་ཆེས་བརྟན་པོས། ནུས་རྒྱུ་གཙང་མའི་འཕེལ་རྒྱས་ཀྱི་འཆར་གཞི་མཐའ་འཁྱོངས་དང་། གསར་གཏོད་དངོས་སྒྲུབ་ཀྱི་འགན་འཁྲི་མཐའ་འཁྱོངས་བྱ་རྒྱུ་རེད།

འོད་ཤུགས+ཐོན་ལས་ཕྲེང་འབྲེལ་གྱིས་ཕན་འབྲས་ཆེས་ཆེར་བསྐྱེད་པ།

2016ལོའི་ཟླ8པའི་ཚེས23ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སི་ཟི་ལིང་ཉི་ནུས་ཡན་ལག་ཀུང་སིའི་གློག་རྫས་ཐོན་སྐྱེད་འཁོར་ཁང་དུ། འཐབ་ཡུལ་དང་པོར་འབད་བརྩོན་བྱེད་མཁན་ཀྱི་ལས་བཟོ་བར་བརྩེ་སེམས་ཟབ་མོས་བཀའ་གསུང་གནང་སྟེ། “མཚོ་སྔོན་དུ་ཉི་འོད་ནུས་པའི་འོད་འཕྲོའི་ཐོན་ཁུངས་འདང་ངེས་དང་། བྱེ་ཐང་ཅན་གྱི་ས་ཆའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། ཁྱེད་ཚོར་ཐོན་ལས་ཀྱི་ལེགས་ཆ་དང་། ལག་རྩལ་གྱི་ལེགས་ཆ། ཤེས་ལྡན་པའི་ལེགས་ཆ། མ་དངུལ་གྱི་ལེགས་ཆ་བཅས་ལྡན་པས་ངེས་པར་དུ་འོད་ཤུགས་ཐོན་ལས་ལེགས་པར་གཉེར་དགོས་པའི་རེ་བཅོལ་ཟབ་མོ་གནང་།” 

ཟླ6པའི་དབྱར་ཁར། ང་ཚོ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གུང་ཧོ་རྫོང་གི་བཏུལ་ཐང་དུ་སྐྱོད་སྐབས། སྔོ་མདོག་འོད་ཤུགས་ཀྱི་ཤེལ་ལེབ་ཀྱི་ངོས་རེ་རེས“ཉི་མའི་འོད་ཟེར་བསྡུ་བཞིན་ཡོད། ” དེའི་རྒྱབ་ལྗོངས་ནི་སྔོ་ལྗང་གི་སྤང་ཐང་དང་མུ་ཏིག་ལྟ་བུའི་ཁ་ཐོར་བའི“འོད་ཤུགས་དང་ལུག་ཁྱུའི”ཚོགས་པ་ཞིག་ཡིན་ལ། དེ་དག་ཚང་མར་གསོན་ཤུགས་ཀྱིས་ཁེངས་ཡོད། ཡིན་ནའང་སྔོན་ཆད་འདི་ནི་རླུང་འཚུབ་དང་བྱེ་རྡུལ་གྱིས་ཁེངས་པའི་ཐང་རྒོད་ཡིན་པས། རྩྭ་ར་ཉམས་ཞན་དུ་སོང་བ་དང་བྱེ་མ་གང་སར་འཕུར་བ་བཅས་ནི་མང་ཚོགས་ཀྱི་ཐོན་ལས་འཕེལ་རྒྱས་ཀྱི་ཞན་ཆ་ཞིག་ཏུ་གྱུར་ཡོད། 

འགྱུར་ལྡོག་བཏང་བའི་རྒྱབ་ལྗོངས་ནི་རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིས་ནུས་ཤུགས་ཡོད་རྒུས་ཐོན་ལས་དང་། སྐྱེ་ཁམས་འཕེལ་རྒྱས། མང་ཚོགས་ཀྱི་འཚོ་བ་བཅས་ཕན་ཚུན་སྤེལ་རེས་བྱེད་པའི་གསོན་ཉམས་ལྡན་པའི་ལག་ལེན་རེད། རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིའི་འབྲེལ་ཡོད་འགན་འཁུར་པས་བཤད་རྒྱུར། ཚ་རྔ་འགག་གི་ཆུ་འོད་གསབ་རེས་ཚོད་ལྟའི་ཁུལ་དུ་ཚོད་ལྟ་ཐེངས་མང་བྱས་རྗེས་སྡོམ་ཚིག་བཀོད་དོན། སྦུ་གུར་བརྟེན་ནས་ཞིང་ཆུ་གཏོང་བའི་བྱ་ཐབས་བརྒྱུད་ཚྭ་བཟོད་གྲོ་ཡི་སྔོ་ཁེབས་ཁྱབ་ཚད50%ཡན་ལ་སླེབས་ནས། སྐྱེ་སྟོབས་འབར་བའི་དུས་སུ་ས་ངོས་ཡོངས་ལ་ཁེབས་ཐུབ་པ་དང་། ས་ངོས་སུ་རླུང་འཚུབ་པ་བཀག་ནས་གླིང་ཁུལ་གྱི་མཛེས་ལྗོངས་མངོན་གསལ་དོད་པོས་ཇེ་ལེགས་སུ་གཏོང་ཐུབ། དེ་དང་ཆབས་ཅིག་འོད་ཤུགས་ཤེལ་ལེབ་ཀྱིས་ས་ངོས་ལ་ཉི་འོད་ཕོག་པའི་ཁྱབ་འགྱེད་ཀྱི་ཚད་དང་རླུང་ཤུགས་ཉུང་དུ་བཏང་ནས། བསྟུད་མར་གནམ་ཐིངས་བའི་ཆ་རྐྱེན་རླངས་པར་འགྱུར་ཚད50%ཡན་དམའ་བ་དང་། སྔོ་ཁེབས་ཁྱབ་ཚད80%མང་བ། མྱ་ངམ་ཐང་དུ་འགྱུར་བའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ100ཇེ་ཉུང་དུ་བཏང་བ་བཅས་བྱས་པས། ཤེལ་ལེབ་ཀྱིས་གློག་གཏོང་ཐུབ་པ་དང་དེའི་འོག་ཏུ་ལུག་འཚོ་སྐྱོང་ཐུབ་པས། “འོད་ཤུགས་དང་ལུག་ཁྱུ”དེའང་ས་གནས་དེ་གའི་ཐོན་ལས་ཀྱི་བཀྲག་མདངས་འཚེར་བའི་སྤུས་རྟགས་ཤིག་ཏུ་གྱུར་ཡོད།

དེ་རིང་གི་བཏུལ་ཐང་གསར་གཏོད་འཕེལ་རྒྱས་ཀྱི“འོད་ཤུགས+སྐྱེ་ཁམས་བཅོས་སྐྱོང་། སྐྱེ་ཁམས་འབྲོག་ལས”བཅས་ཀྱི་གསར་སྤེལ་བྱེད་སྟངས་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་བསམ་བློ་མཚོ་སྔོན་དུ་གསོན་ཉམས་དོད་པའི་ངང་ལག་བསྟར་བྱས་པ་ཞིག་རེད། འོད་ཤུགས་འཕེལ་རྒྱས་འདི་དག་ཙམ་གྱིས་མི་ཚད་པར། “འོད་ཤུགས་དང་རོང་འབྲོག་ལས།” “འོད་ཤུགས+ཡུལ་སྐོར”“འོད་ཤུགས་དང་འཛུགས་སྐྲུན་ཟུང་དུ་སྦྲེལ་བ།” “འོད་ཤུགས་དང་ཕྱོགས་བསྡུས་རིག་ལྡན་ནུས་རྒྱུ།” ལྗང་ནུས་ཚབ་བྱེད་ཐུབ་པ། རིག་སྟོབས་ས་ཚིགས་སོགས་ཀྱི་ལས་རྣམ་གསར་པ་དང་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བྱུང་ཡོད། གཞན་ཡང་ཆུ་འོད་གསབ་རེས་དང་ཀྲའོ་ཝ་བརྒྱ་ཡི་ཉི་ནུས་ཀྱི་གློག་འདོན་དངོས་དཔང་རྟེན་གཞི་དང་། མཚོ་ལྷོ་ཁུལ་གྱི་ནུས་མང་གསབ་རེས་ཀྱི་གཅིག་སྡུད་དཔེ་སྟོན་རྣམ་གྲངས། “མཚོ་སྔོན་དང་ཧོ་ནན་གྱི་ཐད་རྒྱུག”དམིགས་བསལ་མཐོ་གནོན་ཕྱིར་གཏོང་རྟེན་གཞི་སོགས་ཀྱི་རྡོ་རིང་ལྟ་བུའི་རྣམ་གྲངས་སྔ་རྗེས་སུ་བསྐྲུན་པ་དང་མཉམ་དུ། རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིའི་འོད་ཤུགས་གློག་འདོན་འཛུགས་སྐྲུན་དང་གཉེར་སྐྱོང་ཆུ་ཚད་ཀྱང་གོ་ལ་ཧྲིལ་པོའི་མདུན་གྲལ་དུ་སླེབས་ཡོད།

ལོ་ངོ6ནི་ལས་མགོ་བརྩམས་པ་ཙམ་ཡིན་ཞིང་། རྒྱལ་ཁབ་གློག་ཤུགས་མ་འཇོག་རྨ་ཆུ་ཀུང་སིས་ཡང་དང་བསྐྱར་དུ་འབད་འབུང་ཡར་བརྩོན་བྱས་ཏེ། འོད་ཤུགས་ཐོན་ལས་རྒྱ་ཆེ་རུ་གཏོང་བ་དང་། མཚོ་སྔོན་གྱིས“གནས་བཞི”འཛུགས་སྐྲུན་ཁྲོད་གནད་དུ་ཁེལ་བའི་ཤུགས་འདོན་པར་སྐུལ་འདེད། མཚོ་སྔོན་གྱི་དཔལ་འབྱོར་སྤུས་ཚད་མཐོན་པོའི་སྒོ་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་མངགས་བཅོལ་བློ་ལ་བརྟན་པོར་འཛིན་དགོས།  །

རྩོམ་སྒྲིག་པ། : གསང་བདག་རྒྱལ།