ཀྲུང་གོ་བོད་ཀྱི་དྲ་བ།

ཚེ་རིང་ཐར་གྱིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས6ནས་ཚེས7ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ཨུའམ་ཧྲིན་ཀྲང་གཞོན་པ་ཚེ་རིང་ཐར་གྱིས་མཚོ་ལྷོ་ཁུལ་ཁྲི་ཀ་རྫོང་དུ་རྒྱལ་ཁབ་ཀྱི་དཔྱད་ཞིབ་དཔྱད་དཔོག་མིང་བཏགས་ལྟ་སྐུལ་གྱི་གནད་དོན་དག་ཐེར་བྱ་བར་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་བྱས་ནས། འདེབས་འཛུགས་རྟེན་གཞི་དང་གྲོང་གསེབ་དར་རྒྱས་ཀྱི་ཚོད་ལྟའི་གྲོང་ཚོ། སྣེ་འདྲེན་ཁེ་ལས། ཆེད་ལས་མཉམ་ལས་ཁང་སོགས་སུ་བསྐྱོད་ནས་ཞིང་འབྲེལ་རྣམ་གྲངས་འཛུགས་སྐྲུན་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས། རོང་འབྲོག་པའི་ཡོང་འབབ་འཕར་སྣོན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་རྟོག་ཞིབ་བྱས་པ་དང་། གནད་དོན་དག་ཐེར་མཛུབ་ཁྲིད་ཀྱི་བྱ་བར་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད། ཞིང་ཆེན་དང་ཁུལ་རྫོང་ཤང་སྡེ་བ་བཅས་རིམ་ལྔའི་ལས་བྱེད་པ་དང་མང་ཚོགས་འཐུས་ཚབ་ཚོགས་པར་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞིང་ཆེན་གྱི་སྐབས་བཅུ་བཞི་པའི་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་སྒྲོག་བྱས། 

ཚེ་རིང་ཐར་གྱིས་ནན་གྱིས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུ་དེ་མིག་སྔའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས། དགོངས་དོན་གྱི་ངོ་བོར་གཏིང་ཟབ་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་། འཇུག་གཞི་ཡང་དག་འཚོལ་བ། བྱ་ཐབས་ཞིབ་ཅིང་ཕྲ་ལ་ནན་ཏན་གྱིས་སྤྱོད་པ་བཅས་བྱས་ཏེ་ཚོགས་འདུའི་དགོངས་དོན་དོན་འཁྱོལ་བྱེད་པའི་བརྒྱུད་རིམ་དེ་དབུལ་ཐར་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་། གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ཞིབ་ཕྲའི་ལག་ལེན་དུ་འགྱུར་བར་བྱེད་དགོས། རིམ་པ་བཞིན་འགན་འཁྲི་གཟབ་ནན་དུ་གཏོང་བ་དང་། ནན་ཏན་གྱིས་ནུས་པ་ལྡན་པའི་སྦྲེལ་མཐུད་བྱེད་པའི་གནད་དོན་དག་ཐེར་ལ་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་དག་ཐེར་ལས་འགན་ལེགས་སྒྲུབ་བྱེད་པར་འགན་ལེན་བྱེད་དགོས། རོང་འབྲོག་པའི་ཡོང་འབབ“མཐོ་བ་གཉིས”ཀྱི་དམིགས་འབེན་ལ་དམ་པོར་དམིགས་པ་དང་། ཐོན་ཁུངས་ཀྱི་ལེགས་ཆར་གཞི་འཛུགས་པ། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཇེ་མགྱོགས་སུ་གཏོང་བ། ཞིང་འབྲེལ་ཞིང་ལས་སྣེ་ཁྲིད་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས། རོང་འབྲོག་པ་ཐོན་སྐྱེད་གཉེར་སྐྱོང་ནང་ཞུགས་པར་སྣེ་ཁྲིད་བྱེད་དགོས། ངལ་རྩོལ་ནུས་པ་རྩ་འཛུགས་བྱས་ནས་རང་ས་གནས་སུ་ལས་ཞུགས་དང་ཕྱིར་ལས་ཀར་ཕྱིན་ནས། རིམས་ནད་ཀྱིས་རོང་འབྲོག་པའི་ཡོང་འབབ་འཕར་སྣོན་ལ་ཤུགས་རྐྱེན་ཐེབས་པར་ཚོད་འཛིན་བྱེད་དགོས། རོང་འབྲོག་པའི་ཡོང་འབབ་སྤྱི་བསྡོམས་ལྟ་སྐུལ་ཚད་ལེན་ལ་ཤུགས་སྣོན་དང་། དངོས་ཐོག་བདེན་འཚོལ་གྱིས་ཡོང་འབབ་ཀྱི་རྩིས་གསལ་བོར་རྒྱག་དགོས། སྲིད་ཇུས་ཀྱི་མ་དངུལ་དང་། ས་ཆའི་ཁོར་ཡུག་དཔྱད་དཔོག མ་དངུལ་གཏོང་བ་སོགས་ཀྱིས་རྒྱུ་རྐྱེན་ལ་འགན་ལེན་བཟང་པོ་བྱས་ཏེ་གཙོ་གནད་རྣམ་གྲངས་ཐད་མགོ་ཁྲིད་ཀྱིས་འབྲེལ་མཐུད་དང་འགན་གཙང་ལེན་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས། རྣམ་གྲངས་འཛུགས་སྐྲུན་གྱི་འཕེལ་རིམ་འབྲེལ་མཐུད་ནུས་ལྡན་བྱེད་པར་མགྱོགས་མྱུར་སྒོས་སྐུལ་འདེད་གཏོང་དགོས། སློབ་གསོ་དང་སྨན་བཅོས། འཐུང་ཆུ་བཅས་ཀྱི་བདེ་འཇགས་སོགས་སྲིད་ཇུས་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ་སྤྱི་པའི་ཞབས་ཞུ་དང་རྨང་གཞིའི་སྒྲིག་བཀོད་ཀྱི་ཞན་ཆ་གསབ་དགོས། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་སྤྱི་ཚོགས་བཅོས་སྐྱོང་ལ་ཤུགས་བསྣན་ནས། བདེ་འཇགས་ཐོན་སྐྱེད་ཀྱི་འགན་འཁྲི་དང་ལས་འགན་དོན་འཁྱོལ་ཡོང་བར་ནན་ཏན་གྱིས་དམ་འཛིན་བྱས་ཏེ་གནོད་འཚེ་སྔོན་འགོག་དང་ཇེ་ཉུང་དུ་གཏོང་བའི་ལས་དོན་ལེགས་པོར་བསྒྲུབ་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།