ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ལྷ་སྒྲོན་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

3.jpg

4.jpg

5.jpg

6.jpg

པར་འདི་དག་ནི་མཚོ་སྔོན་པོའི་མཛེས་ལྗོངས་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ནས་ཤེས་གསལ་ལྟར་ན། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་དངོས་སུ་མཆན་ལན་སྤྲིངས་ནས་མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གཏོད་པའི་ལས་དོན་སྤེལ་རྒྱུར་རྩ་དོན་ཐོག་ནས་མོས་མཐུན་བྱུང་བ་དང་། དེས་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་དུས་མཚམས་སུ་སླེབས་པ་མཚོན་ཡོད།

མཚོ་བོད་མཐོ་སྒང་གི་བྱང་ཤར་རྒྱུད་དུ་གནས་པའི་མཚོ་སྔོན་པོ་ནི་རང་རྒྱལ་གྱི་སྐམ་སའི་ཚྭ་མཚེའུ་ཆེ་ཤོས་ཡིན་ཞིང་། རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན་ཞིག་ཡིན་པའི་ཆ་ནས། མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་རྒྱུན་འཁྱོངས་ཐུབ་ནས་སའི་གོ་ལའི་ལྷོ་བྱང་གི་དུས་བྱ་གནས་སྤོར་བའི“བར་བརྒྱུད་ས་ཚིགས”གལ་ཆེན་ཞིག་ཀྱང་ཡིན། རྒྱ་ཆེ་ཞིང་དམིགས་བསལ་ལྡན་པའི་ཆུ་ཁོངས་དེ་ནི་མཚོ་བོད་མཐོ་སྒང་ཐོག་གི་རྩ་ཆེའི་སྐྱེ་དངོས་རིགས་ཀྱི་གཞི་རྒྱུའི་མཛོད་ཡིན་པ་མ་ཟད། ནུབ་རྒྱུད་བྱེ་འགྱུར་ཤར་ཕྱོགས་སུ་མཆེད་རྒྱུ་བཀག་འགོག་བྱེད་པའི་རང་བྱུང་སྲུང་ཡོལ་ཡང་ཡིན། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་བསྐྲུན་རྒྱུ་དེ་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་བརྟན་པོ་སྐྲུན་པ་དང་། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གཏོད་པའི་ངོས་ནས་བརྗོད་ན་གལ་འགངས་ཆེ་ལ་དོན་སྙིང་ཡང་གལ་ཆེན་ལྡན་པ་རེད།

ཤེས་གསལ་ལྟར་ན། རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་མཆན་ལན་ནང་རྩ་བའི་ཆ་ནས་བརྟག་དཔྱད་བྱེད་པར་སྐུལ་འདེད་གཏོང་བ་དང་། ཚན་རིག་དང་མཐུན་པའི་ངང་མཐའ་མཚམས་ཀྱི་ཁྱབ་ཁོངས་གཏན་འཁེལ་བྱ་རྒྱུ། དོ་དམ་ཚོད་འཛིན་ཁུལ་དབྱེ་རྒྱུ། སྒྲིག་སྲོལ་ལམ་སྲོལ་འཛུགས་པར་སྐུལ་འདེད་གཏོང་རྒྱུ། འགལ་བ་དང་གདོང་ཐུག་གོ་རིམ་ལྡན་པའི་ངང་འདུམ་འགྲིག་བྱ་རྒྱུ། སྲུང་སྐྱོང་དང་སླར་གསོར་ཤུགས་སྣོན་རྒྱག་རྒྱུ། ལྟ་ཞིབ་ཚད་ལེན་དང་ལྟ་སྐུལ་དོ་དམ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་རྒྱུ། སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་དྲིལ་སྒྲོག་དང་ཁྱབ་གདལ་གཏོང་པར་ཤུགས་སྣོན་རྒྱག་རྒྱུ་བཅས་ཀྱི་བླང་བྱ་བཏོན་ཡོད།

མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡི་ཅུའུ་ཀྲང་གཞོན་པ་ཀའོ་ཅིང་ཡུས་ཀྱིས། མཚོ་སྔོན་པོའི་མཛེས་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་བླང་བྱ་དང་མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་གི་དཔེ་སྟོན་ཞིང་ཆེན་གཏོད་པའི་སྤྱིའི་བཀོད་སྒྲིག་གཞིར་བཟུང་།《མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་ཇུས་གཞི》གཏན་འབེབས་བྱེད་པར་དམ་འཛིན་བྱས་ནས། གསར་སྐྲུན་ལས་ཀའི་དམིགས་འབེན་དང་། ལས་ཀའི་ལས་འགན། འགན་སྲུང་བྱ་ཐབས་བཅས་ཁ་གསལ་བཟོ་རྒྱུ་དང་། དུས་མཚམས་དང་གོ་རིམ་དབྱེ་ནས་གསར་སྐྲུན་ལས་འགན་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ། མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ་ལ་གཞོགས་འདེགས་བྱས་ཏེ་ཞིང་ཆེན་དང་པུའུ་ཡི་འབྲེལ་གཏུག་ལམ་སྲོལ་འཛུགས་རྒྱུ། སྲིད་ཇུས་གལ་ཆེན་དང་ལས་ཀའི་བཀོད་སྒྲིག་གལ་ཆེན་ལ་ཞིབ་འཇུག་བྱ་རྒྱུ། གནད་དོན་གལ་ཆེན་མཐུན་སྦྱོར་ངང་ཐག་གཅོད་བྱ་རྒྱུ། གསར་སྐྲུན་ལས་དོན་བདེ་བླག་ངང་སྤེལ་རྒྱུར་འགན་ལེན་བྱ་རྒྱུ། ཞིང་ཆེན་ནང་ཁུལ་གྱི་ས་ཁུལ་ཁག་དང་སྡེ་ཚན་ཁག་གི་མཐུན་སྦྱོར་ལས་ཀའི་ལམ་སྲོལ་འཛུགས་རྒྱུ། སྡེ་ཁག་དང་ས་གནས་སྲིད་གཞུང་གི་འགན་འཁྲི་ཁ་གསལ་བཟོ་རྒྱུ། མཉམ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་ནས་འགྲིལ་ཤུགས་ཆགས་པར་བྱ་རྒྱུ། རྒྱལ་ཁབ་ཀྱི་སྤྱི་གླིང་ཚད་ལྡན་བཟོ་བའི་བླང་བྱ་ལྟར2024ལོར་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཛུགས་པའི་ལས་དོན་ལེགས་འགྲུབ་ཡོང་བའི་བརྩོན་ལེན་བྱ་རྒྱུ་ཡིན་ཞེས་བསྟན།

མིག་སྔར། མཚོ་སྔོན་ཞིང་ཆེན་གྱིས་གཙང་གསུམ་འབྱུང་ཡུལ་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་སྒྲིག་སྲོལ་གྱི་ཚོད་ལྟའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་འགྲུབ་ཟིན་ཡོད་པ་དང་། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དངོས་སུ་བཙུགས་པ་དང་། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་ལ་རྒྱལ་ཁབ་ཀྱིས་ཚོད་སྐོར་དང་ཞིབ་བཤེར་རྩིས་ལེན་ཐོབ་པ། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གྲུབ་འབྲས་ཐོབ་པའི་ངང་གསར་སྐྲུན་གྱི་དུས་མཚམས་སུ་སླེབས་པ། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་དུས་མགོའི་ལས་དོན་ལ་སྐུལ་འདེད་ཏན་ཏིག་བཅས་གཏོང་བཞིན་ཡོད་པས། མཚོ་སྔོན་གྱིས་མཚོ་བོད་མཐོ་སྒང་གི་རྒྱལ་ཁབ་སྤྱི་གླིང་ཚོགས་པ་འཛུགས་རྒྱུའི་ཐད་ངོ་བོའི་རང་བཞིན་གྱི་གོམ་སྟབས་ཤིག་སྤོས་ཡོད། །

རྩོམ་སྒྲིག་པ། : ལྷ་སྒྲོན་མཚོ།