ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

       ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་པོ་མཛེས་ལྗོངས་ཁུལ་སྲུང་སྐྱོབ་བེད་སྤྱོད་དོ་དམ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་ཆར་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡིས་དངོས་སུ་ཡིག་ལན་སྤྲིངས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་བྱ་བར་རྩ་དོན་སྟེང་མོས་མཐུན་བྱུང་བ་དང་། དེས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་དུས་མཚམས་སུ་སླེབས་པ་མཚོན་ཡོད། རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་ཚད་ལྡན་བླང་བྱ་ལྟར། 2024ལོར་བསླེབ་དུས་རང་ཞིང་གིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱེད་པའི་ལས་དོན་ཡོངས་སུ་འགྲུབ་པར་བརྩོན་ལེན་བྱ་རྒྱུ་རེད།  །

微信图片_20220609090803.png

微信图片_20220609090817.png

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།