ཟི་ལིང་གྲོང་ཁྱེར་གྱིས་འགྲུལ་སྐྱེལ་རླངས་འཁོར་གཏོང་འདྲེན་གྱི་ལམ་ཐིག་རིམ་བཞིན་སླར་གསོ་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་རླངས་འཁོར་འབབ་ཚིགས་ཚད་ཡོད་འགན་འཁྲི་ཀུང་སི་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཟི་ལིང་གྲོང་ཁྱེར་གྱི་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་དུས་བབ་རྒྱུན་མཐུད་ངང་ཇེ་ལེགས་སུ་ཕྱིན་པ་དང་ཆབས་ཅིག ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་ཀྱིས་ཟླ6པའི་ཚེས7ཉིན་ནས་བཟུང་རླངས་འཁོར་གཏོང་འདྲེན་གྱི་ལམ་ཐིག་རིམ་བཞིན་སླར་གསོ་བྱས། ཟླ6པའི་ཚེས8ཉིན་ནས་བཟུང་ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་འབབ་ཚིགས་དང་། ཞིན་ཉིང་ལམ་འགྲུལ་སྐྱེལ་འབབ་ཚིགས་ཀྱིས་གོ་རིམ་ལྡན་པའི་ངང་རླངས་འཁོར་གཏོང་འདྲེན་གྱི་བྱ་བ་རིམ་བཞིན་སླར་གསོ་བྱས།

ཞིབ་ཕྲའི་ངང་བལྟས་ན། ཟླ6པའི་ཚེས7ཉིན་ཟི་ལིང་འགྲུལ་སྐྱེལ་ལྟེ་གནས་ས་ཚིགས་ཀྱིས་ཡུས་ཧྲུའུ་དང་ཏུའུ་ལན། ཞིང་སྡེ། ཞོན་ཧྭ། གུང་ཧོ་བཅས་ཀྱི་རླངས་འཁོར་གཏོང་འདྲེན་གྱི་བྱ་བ་སླར་གསོ་བྱས། ཟླ6པའི་ཚེས8ཉིན་ཟི་ལིང་འགྲུལ་སྐྱེལ་ལྟེ་བའི་ས་ཚིགས་ཀྱིས་ནང་ཆེན་དང་། རྫ་སྟོད།  འབྲི་སྟོད། གཅིག་སྒྲིལ། རྨ་སྟོད། ཚྭ་ཁ། ཝུའུ་ལན། ཕིན་ཨན(སྤྱི་སྤྱོད་རླངས་འཁོར)བཅས་ཀྱི་ལམ་ཐིག་སླར་གསོ་བྱས་པ་དང་། ཟླ6པའི་ཚེས8ཉིན་ནན་ཁྲོན་ནུབ་ལམ་གྱི་འགྲུལ་སྐྱེལ་འབབ་ཚིགས་ཀྱིས་རྟ་བོ་དང་དགའ་བདེ། དར་ལག པད་མ་བཅས་ཀྱི་རླངས་འཁོར་ལམ་ཐིག་སླར་གསོ་བྱས། 

འགྲུལ་བ་རྣམས་ཟི་ལིང་འགྲུལ་སྐྱེལ་ལྟེ་བའི་ས་ཚིགས་དང་། ནན་ཁྲོན་ནུབ་ལམ་འགྲུལ་སྐྱེལ་ས་ཚིགས། ཞིན་ཉིང་ལམ་འགྲུལ་སྐྱེལ་ས་ཚིགས་བཅས་སུ་རླངས་འཁོར་ལ་འདུག་སྐབས“ཨང་རིས་གཉིས”དང་། དངོས་མིང་ཐོ་འགོད། ལུས་པོའི་དྲོད་ཚད་འཇལ་བ། ལམ་ཐིག་ཧྲིལ་བོར་ཡང་དག་པའི་ངང་ཁ་ཐུམ་རྒྱག་པ་བཅས་བྱེད་དགོས། ས་ཚིགས་ནས་རླངས་འཁོར་པ་སེ་ཉོ་བ་དང་རླངས་འཁོར་ལ་སྒུག་དུས་བདེ་འཇགས་ཀྱི་བར་ཐག་འཛིན་དགོས་ཤིང་། རླངས་འཁོར་འབབ་ཚིགས་ཀྱིས་ས་ཚིགས་དང་རླངས་འཁོར་ལ་དུག་སེལ་བྱེད་པར་ཤུགས་སྣོན་རྒྱག་དགོས། ལྷག་པར་དུ་འགྲུལ་བར་གསལ་འདེབས་བྱེད་དགོས་པ་ཞིག་ནི་ཕྱིར་འགྲོ་དུས་ཚད་ལྡན་གྱི་རླངས་འཁོར་ལ་འདུག་པ་དང་རླངས་འཁོར་འབབ་ཚིགས་ལས་གནས་གཞན་དུ་རླངས་འཁོར་ལ་མི་འདུག་པ་དང་། མི་སྒེར་གྱི་འགོག་སྲུང་ཡག་པོ་སྒྲུབ་དགོས། རྒྱ་ཆེའི་འགྲུལ་བ་རྣམས་ཀྱིས་ཟི་ལིང་གྲོང་ཁྱེར་རིམས་ནད་འགོག་སྡོམ་ཐག་གཅོད་བྱ་བའི་བཀོད་འདོམས་པུའུ་ཡིས་རྒྱུན་རྣམ་ཅན་གྱི་ཞིབ་བཤེར་ཕྱོགས་བསྡུས་ཞབས་ཞུ་ལག་བསྟར་བྱ་རྒྱུར་གཞོགས་འདེགས་བྱས་ནས། ཟི་ལིང་དུ་ལོག་པའི་མི་སྣས་ཐོ་འགོད་སྙན་སེང་དོ་དམ་གྱི་ལམ་ལུགས་ལག་བསྟར་ནན་མོ་བྱེད་དགོས། ། 

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།