ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི“དྲུག་ལྔའི་ཁོར་ཡུག་ཉིན་མོའི”སྐབས་སུ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་དྲ་ཐོག་དང་ཡུལ་དངོས་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བྱེད་སྒོ་རབ་དང་རིམ་པ་སྤེལ་ཏེ། ཁོར་ཡུག་སྲུང་སྐྱོང་གི་སྒྲིག་ཆས་སྤྱི་དམངས་ལ་གཏིང་ཟབ་ངང་སྒོ་འབྱེད་པར་སྐུལ་འདེད་བཏང་། 

ཟླ6པའི་ཚེས5ཉིན། གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་ཤེས་རྟོགས་བྱུང་བ་ལྟར་ན། བྱེད་སྒོའི་སྐབས་སུ་སྒྲིག་ཆས་ལས་ཁུངས34ཡིས་བྱེད་སྒོ་སྤེལ་ནས། སྤྱི་དམངས་ཀྱི་ཁོར་ཡུག་གནས་ཚུལ་ཤེས་རྟོགས་བྱེད་པའི་དབང་ཆ་དང་ཞུགས་པའི་དབང་ཆ། ལྟ་སྐུལ་བྱེད་པའི་དབང་ཆ་བཅས་ནུས་ལྡན་ངང་འགན་ལེན་བྱས་པས། སྤྱི་ཚོགས་ཡོངས་ཀྱི་སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་གཏིང་ཟབ་ཏུ་ཕྱིན་ཡོད། སྤྱི་ དམངས་ཀྱི་ཐབས་ལམ་རྒྱ་ཆེར་གཏོང་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ཆེད་ལས་སྒྲིག་གཞིར་མངགས་བཅོལ་བྱས་ནས“མཚོ་སྔོན་ཞིང་ཆེན་གྱི་ཁོར་ཡུག་སྲུང་སྐྱོང་སྒྲིག་ཆས་སྤྱི་དམངས་ལ་སྒོ་དབྱེ་བྱེད་པའི”བྱ་རིམ་ཆུང་ངུར་ཞིབ་འཇུག་གསར་སྤེལ་བྱས་ནས། སྤྱི་དམངས་ཀྱིས་ཨང་རིས་ཨང་བཤེར་བྱས་ནས་བྱ་རིམ་ཆུང་ངུའི་ནང་བསྐྱོད་དེ་ལྟ་སྐོར་བྱེད་འདོད་ཡོད་པའི་སྒྲིག་ཆས་ལས་ཁུངས་བདམས་ཚེ། དྲ་ཐོག་ནས་ལྟ་སྐོར་བྱས་ཆོག་པ་མ་ཟད། ད་དུང་དྲ་ཐོག་ནས་སྔོན་མངགས་ཐོ་འགོད་བྱས་ཏེ། མི་གྲངས་ངེས་ཅན་ཞིག་ཟིན་རྗེས་སྒྲིག་ཆས་སྒོ་དབྱེའི་ལས་ཁུངས་ཀྱིས་གཅིག་གྱུར་སྒོས་སྒོ་དབྱེའི་བྱེད་སྒོ་སྒྲིག་འཛུགས་བྱས་ཆོག ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།