ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་གཞོན་པ་ལུའུ་ཡུང་ལ་ཐུག་འཕྲད་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས7ཉིན་གྱི་ཕྱི་དྲོ། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཟི་ལིང་དུ་ཧྭ་ཝེ་ལག་རྩལ་ཚད་ཡོད་ཀུང་སིའི་སྤྱི་གཉེར་བ་ལུའུ་ཡུང་འཁོར་དང་བཅས་པར་ཐུག་འཕྲད་བྱས།

ཝུའུ་ཞའོ་ཅུན་གྱིས་ཐོག་མར་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གི་ཚབ་བྱས་ཏེ་ལུའུ་ཡུང་འཁོར་དང་བཅས་པར་དགའ་བསུ་ཞུས། ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་མི་དམངས་སྲིད་གཞུང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་སྐོར་གྱི་གཞུང་ལུགས་ཞིབ་བརྗོད་གལ་ཆེན་ལ་སློབ་སྦྱོང་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག དེ་མིན་མཚོ་སྔོན་གྱི་ཐོན་ཁུངས་དང་། གནས་ཚད་ཆ་རྐྱེན། ཐོན་ལས་རྨང་གཞི་སོགས་ཀྱི་དགེ་མཚན་ལ་རྐང་བཙུགས་ནས། “གྲངས་འཛིན་མཚོ་སྔོན”འཛུགས་སྐྲུན་ཐད་ཕན་འབྲས་གསར་བ་ལེན་པར་སྐུལ་འདེད་བཏང་། ཏག་ཏག་རྒྱལ་ཁའི་ངང་མཇུག་སྒྲིལ་བའི་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བས་བཏོན་པའི“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ་འཛུགས་སྐྲུན”གྱི་ཧུར་བརྩོན་དམིགས་འབེན་གྱིས། གྲངས་འཛིན་དཔལ་འབྱོར་གསོ་སྐྱོང་ཐད་བཀོད་སྒྲིག་གསར་བ་བྱས། ཧྭ་ཝེ་ཀུང་སི་ནི་མི་རིགས་ཁེ་ལས་ཀྱི་གཟི་བརྗིད་ཡིན་པ་དང་། མཚོ་སྔོན་གྱི་མཉམ་ལས་རྨང་གཞི་མཐུག་ཅིང་། ཁྱབ་ཁོངས་རྒྱ་ཆེ་ཞིང་། མདུན་ལྗོངས་ལེགས་པོ་ལྡན་པས། རེ་བར་ཕྱོགས་གཉིས་ཀྱིས་བརྗེ་རེས་སྦྲེལ་མཐུད་ལ་ཤུགས་བསྣན་ནས། རང་རང་གི་དགེ་མཚན་འདོན་སྤེལ་གྱིས། ཁྱོན་ཡོངས་ནས་འཐབ་ཇུས་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། མཉམ་རྒྱལ་འཕེལ་རྒྱས་མངོན་འགྱུར་ཡོང་བར་སྐུལ་འདེད་གཏོང་འདོད་ཡོད་ཚུལ་བསྟན། 

ལུའུ་ཡུང་གིས་ཀུང་སིའི་འཕེལ་རྒྱས་གནས་ཚུལ་མཚམས་སྦྱོར་བྱས་རྗེས། མཚོ་སྔོན་གྱིས་ནུས་ཁུངས་གཙང་མ་སོགས་ཐད་ཀྱི་ཐུན་མིན་དགེ་མཚན་ལྡན་པ་དང་། གྲངས་འཛིན་ཐོན་ལས་ཀྱི་རང་བྱུང་ཁོར་ཡུག་རྨང་གཞི། ཐོན་ལས་སྐྱེ་ཁམས་རྨང་གཞི་ལེགས་པོ་ལྡན་པས། མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་ཁམས་ཀྱི“མཐོ་ས”སྐྲུན་པ་དང་། ཐོན་ལས་ཀྱི་“གནས་བཞི”དང་“དེང་རབས་ཅན་དྲུག་གི་མཚོ་སྔོན་གསར་བ”འཛུགས་སྐྲུན་གྱི་ཧུར་བརྩོན་དམིགས་འབེན་དང་དམ་དུ་འབྲེལ་ཏེ། རང་སྟེང་གི་ལག་རྩལ་དགེ་མཚན་སྤྱད་ནས། བརྗེ་རེས་ལ་ཤུགས་བསྣན་ཏེ། མཉམ་ལས་ལས་གཞི་དོན་འཁྱོལ་ཡོང་བར་སྐུལ་འདེད་གཏོང་དགོས་ཚུལ་བསྟན། ཧྲིན་ཀྲང་གཞོན་པ་ལིག་ཁྲའོ་མཉམ་དུ་ཐུག་འཕྲད་ཁྲོད་ཞུགས།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།