ཀྲུང་གོ་བོད་ཀྱི་དྲ་བ།

གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི10ལས་བརྒལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

01.jpg

ཁྲུང་ཁྲུང་སྐེ་ནག

02.jpg

མཚོ་སྔོན་པོའི་ཁྱད་ལྡན་གྱི་རྩ་ཆེའི་སྟོངས་ཉེན་ཆེ་བའི་ཕུའུ་ཧྲི་དགོ་བ།

03.jpg

ལོ་རེའི་ཟླ6པར། མཚོ་སྔོན་པོའི་གསེར་ཉའི་སྤོ་བགྲོད་དུས་ཚིགས་སུ་སླེབས་པ།

04.jpg

མཚོ་སྔོན་པོའི་རི་བོ་ཉི་ཟླའི་བརླན་ས།

གཡུ་ཡི་རླབས་ཕྲེང་མཁའ་རུ་འཕྱོ་བའི་མཚོ་སྔོན་པོ་ནི་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་གལ་ཆེའི་ཆུ་ཁུངས་ཡིན་ཞིང་། ནུབ་རྒྱུད་ཀྱི་བྱེ་འགྱུར་ཅན་ཤར་དུ་བསྐྱེད་པ་སྔོན་འགོག་བྱེད་པའི་རང་བྱུང་གི་འགོག་རགས་ཀྱང་ཡིན། ཟླ6པར་སླེབས་དུས། མཚོ་སྔོན་པོ་ནི་ཆེས་མཛེས་པའི་དུས་ཚིགས་སུ་སླེབས་ཤིང་། མཚོ་དང་མཚེའུ། བརླན་ས་དང་རྩྭ་ཐང་སོགས་གང་སར་དགོ་བའི་ཁྱུ་ཚོགས་རང་དགར་རྒྱུ་ཅིང་། གསེར་ཉའི་རྐྱལ་རྩལ་རི་དགར་མངོན་པ། བྱ་བྱེའུ་མཁའ་ལ་རྩེན་པ་སོགས་ཀྱི་མཛེས་ཉམས་སྣ་ཚོགས་མངོན་པར་གསལ་བས། མཚོ་སྔོན་པོས་འཛམ་གླིང་ལ་སྐྱེ་དངོས་སྣ་མང་རང་བཞིན་གྱི་མཛེས་བ་འགྲེམ་སྟོན་བྱེད་བཞིན་ཡོད།

2021ལོར་མཚོ་སྔོན་པོའི་ཆུ་ཁོངས་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4625.6བར་ཆེ་རུ་ཕྱིན་ནས2020ལོ་ལས་སྤྱི་ལེ་གྲུ་བཞི་མ37.8ཇེ་ཆེར་ཕྱིན་ཡོད། 2005ལོ་དང་བསྡུར་ན་ལོ་བཅུ་བདུན་རིང་ཆུའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ375.35ཆེ་རུ་ཕྱིན་ནས་ཆུ་གནས་སྨི3.29མཐོ་རུ་ཕྱིན་ཡོད། 

2002ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་མཚོ་སྔོན་པོར་འབབ་པའི་ཆུ་བོའི་ཆུ་ལམ་ལ་བརྟེན་ནས་ཙོང་ཉ་ཕྱིར་རྒྱུ་བའི་བགྲོད་ལམ་སོགས་བསྐྲུན་ནས་ཙོང་ཉ་ཁྱུ་ཚོགས་སླར་གསོ་བྱ་རྒྱུར་འདེགས་སྐྱོར་བྱས་ཡོད། མིག་སྔར་མཚོ་སྔོན་པོའི་འགག་རྩའི་རང་བཞིན་གྱི་ཉ་རིགས་ཏེ་མཚོ་སྔོན་པོའི་གསེར་ཉ་རིགས་ཐོན་ཚད་ཏུན་ཁྲི10.85ཟིན་པ་དེ་སྲུང་སྐྱོང་གི་ཐོག་མའི་དུས་ཀྱི་ལྡབ་42ཙམ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།