ཀྲུང་གོ་བོད་ཀྱི་དྲ་བ།

བདེ་སྐྱིད་དཔལ་ལ་འགྲན་པའི་པན་ཡན་གྲོང་། ཕྱི་ཡི་བཀོད་ལེགས་ནང་གི་ཐོན་ལས་དར། གནམ་གཤིས་དྭངས་ལ་མཁའ་ཡི་དབུགས་ཀྱང་གཙང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་དང་གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1654651613331852.jpg

པན་ཡན་སྡེ་བའི་ཟུར་ཞིག

1654651620519470.jpg

ལུའི་ཡུའུ་རོང་དང་ཁོང་གི་རྒན་མོ་གཉིས་ཀྱིས་རང་ཁྱིམ་དུ་མེ་ཏོག་ལ་ཆུ་གཏོར་བཞིན་པ། 

1654651626668296.jpg

ལུའི་བཟང་སྐྱིད་སི་ལང་གིས་ཐད་གཏོང་ལམ་ནས་ཆང་ཚོང་བཞིན་པ། 

1654651633917402.jpg

གཙགས་དྲུབ་འགྲེམ་སྟོན་བྱེད་བཞིན་པ། 

ཞོགས་པར། མཐོ་སྒང་གི་ཉི་འོད་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཝོའུ་ཧྲི་གྲོང་རྡལ་པན་ཡན་གྲོང་ཚོར་འཕྲོས་བས། ཡུལ་དེའི་མི་རྣམས་གཉིད་ལས་སྐྲོག་པ་དང་། ཉིན་མོ་གསར་པ་ཞིག་ལ་བདེ་སྐྱིད་ཀྱི་འཚོ་བར་བརྩོན་པར་དབུ་ཁྱུད་བྲིས།

པན་ཡན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཐུགས་ཁུར་གནང་བའི་ས་ཁུལ་ཞིག་རེད། 2016ལོའི་ཟླ8པའི་ཚེས23ཉིན། མཚོ་སྔོན་དུ་གཟིགས་ཞིབ་གནང་བཞིན་པའི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་འཛུགས་སྐྲུན་བྱེད་བཞིན་པའི་པན་ཡན་སྡེ་གསར་དུ་ཕེབས་ཏེ། ཁང་པའི་བཟོ་བཀོད་ལ་གཟིགས་ཞིབ་དང་བཟོ་སྐྲུན་གྱི་འཕེལ་རིམ་ལ་བཀའ་འདྲི་གནང་ནས་མི་རྣམས་དང་བྱམས་བརྩེའི་ངང་གླེང་མོལ་གནང་།

དད་པའི་ཡིད་ཆེས་རབ་བརྟན་ན། འབྲས་བུ་འབྱུང་བ་སླུ་མེད་ཡིན།  “ཡུལ་གྱི་རི་ཆུས་གནས་དེར་འཚོ་བའི་མིའི་ཡུལ་སྲོལ་གོམས་གཤིས་བསྐྱེད”པ་ཡིན་པས“འཚོ་ཐབས་གསར་པ་ཞིག་ཆེད་དུ་གཞན་ཡུལ་བསྙེགས་དགོས་བྱུང་། ” ལོ་ངོ་དྲུག་གི་རྗེས་སུ། ད་ལྟའི་པན་ཡན་གྲོང་ཚོ་འདི་ཉིད“རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་མིག་དཔེ”རུ་གྱུར་ཡོད། 2021ལོར་པན་ཡན་གྲོང་ཚོའི་མི་རེའི་ཆ་སྙོམས་ཡོང་འབབ་སྒོར12300ཡིན་པ་དེ། 2015ལོར་སྒོར2600ལ་སླེབས་པས། སྔོན་དང་བསྡུར་ན་ལྡབ4ལྷག་ཙམ་གྱིས་འཕར་ཡོད་པ་དང་། གྲོང་ཚོའི་ཐུན་མོང་དཔལ་འབྱོར་སྡོམ་རྩིས་བྱས་ན་སྒོར་ཁྲི145ལ་སླེབས་ཡོད།

ད་ལྟ་གྲོང་གསེབ་དར་རྒྱས་གཏོང་བའི་བགྲོད་ལམ་སྟེང་། ཧོར་རིགས་ཀྱི་བུ་དང་བུ་མོ་རྣམས་ཀྱིས་དྲིན་དྲན་བཞིན་བརྩོན་འགྲུས་ཀྱི་གོམ་སྟབས་མདུན་དུ་སྤོ་བཞིན་ཡོད།

གསར་བརྗེའི་ཡུལ་སྐོར་ཀུན་ལ་རྒྱ་ཆེར་དར།

ཟླ་དྲུག་པར། པན་ཡན་གྲོང་ཚོར་བསྐྱོད་པ་ན། གཙང་ལ་གོ་རིམ་ལྡན་པའི་གྲོང་ཚོའི་བགྲོད་ལམ་དང་། སྣ་མང་རྙོག་འཛིང་ལྡན་པའི་ར་སྐོར་མང་། ཁྱིམ་ཚང་རེ་རེའི་སྒོ་འགྲམ་དུ་མཛེས་ཤིང་ལྟ་ན་སྡུག་པའི་མེ་ཏོག་སྣ་ཚོགས་བཞད་ལ། ལམ་འགྲམ་གྱི་ལྗང་ལྡེམ་ལྡེམ་གྱི་ལྗོན་ཤིང་དག་གིས་གནད་འདིར་ཕེབས་པའི་མགྲོན་པོར་དགའ་བའི་བསུ་མ་བྱེད་པ་དང་གཉིས་སུ་མ་མཆིས།

མཚོ་སྔོན་གྱི་དབུལ་ཐར་འགག་སྒྲོལ་གྱི་ལོ་རྒྱུས་ཀྱི་ཞབས་རྗེས་འཚོལ་བར། པན་ཡན་གྲོང་གསེབ་ནི་མེད་དུ་མི་རུང་བའི་གནས་ཞིག་རེད། 2016ལོར་མི་རབས་ནས་མི་རབས་བར་རི་མགོར་བསྡད་པའི་ཝོའུ་ཧྲི་དང་ལིའུ་ཧྲིའི་དུད་ཚང129ཡི་མང་ཚོགས484རི་འདབས་ཀྱི་གཞུང་ལམ་འགྲམ་དུ་གནས་སྤར་ནས། པན་ཡན་གྲོང་ཚོ་དབུལ་ཐར་འགག་སྒྲོལ་བྱེད་པའི་མྱུར་ལམ་དུ་ཞུགས་མགོ་བརྩམས།

2016ལོའི་ཟླ8པའི་ཚེས23ཉིན་གྱི་སྔ་དྲོར། ཆར་པ་ཟམ་ཟིམ་ཞིག་འབབ་བཞིན་འདུག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཆེད་དུ་པན་ཡན་གྲོང་ཚོར་ཕེབས་ནས། ལས་མཇུག་བསྒྲིལ་མེད་ལ་ནིས་ཉུས་གྲོང་ཚོ་རུ་ཡུལ་གཞན་དུ་གནས་སྤོར་བྱས་པའི་དབུལ་སྐྱོར་བྱ་བར་གཟིགས་ཞིབ་གནང་། ལོ82ལ་སླེབས་པའི་བགྲེས་པོ་ལུའེ་ཡིའུ་རུང་གིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཁོ་གཉིས་ཀྱིས་གླེང་མོལ་བྱས་པའི་དོན་དག་དག་ཞིབ་ཅིང་ཕྲ་བའི་སྒོ་ནས་གསལ་བར་བཤད་རྒྱུར། “ཉིན་དེར་ངས་སྤྱི་ཁྱབ་ཧྲུའུ་ཅི་ལ་ལག་འཇུ་བྱས་པ་ཡིན། སྤྱི་ཁྱབ་ཧྲུའུ་ཅིས་བྱམས་བརྩེའི་ངང་ང་ལ་ལོ་ག་ཚོད་ཡིན་པ་དང་། ཁྱིམ་གྱི་གནས་ཚུལ་དང་གཟུགས་པོ་བདེ་ཐང་ཡིན་མིན། ང་ཚོ་གནས་འདིར་གཞིས་སྤར་རྗེས་འཚོ་བ་ཇི་འདྲ་ཡིན་པ་སོགས་སྐོར་གྱི་བཀའ་འདྲི་གནང་བ་མ་ཟད། ད་དུང་ང་ཚོ་དང་མཉམ་དུ་དྲན་རྟེན་འདྲ་པར་བསྐྱོན་པ་ཡིན།ཞེས་བགྲེས་སོང་ལུའེ་ཡིའུ་རུང་གིས་ཕྱིར་དྲན་ཁྲོད་དེ་ལྟར་བཤད།

“ད་ལྟ་འཚོ་བ་ངོ་མ་བཟང་པོ་འདུག གྲོང་ཚོར་ཆུ་དང་གློག རླངས། དྲ་བ། ལམ་སོགས་རྨང་གཞིའི་སྒྲིག་བཀོད་གང་དགོས་ཡོད་ལ། གྲོང་མི་ཚང་མས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པ་དང་ཡོང་འབབ་ཀྱང་བརྟན་འཇགས་བྱུང་ཡོད་པས་འཚོ་བ་ཇེ་ལེགས་སུ་འགྲོ་བཞིན་ཡོདཅེས་ལུའི་ཡིའུ་རུང་གིས་བཤད། ལུའེ་ཡིའུ་རུང་གི་ཁྱིམ་ཚང་དང་འདྲ་བར་ད་ལྟའི་པན་ཡན་གྲོང་ཚོའི་གྲོང་མིའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་ཡོད་པས། སྔོན་དང་བསྡུར་ན་འཚོ་བར་འགྱུར་ལྡོག་ཆེན་པོ་བྱུང་ཡོད།

དེར་བརྟེན་པན་ཡན་གྲོང་ཚོ་སྔ་རྗེས་སུ“ཀྲུང་གོའི་མཛེས་སྡུག་ལྡན་པའི་སྤྲོ་གསེང་གྲོང་གསེབ”དང་། “རྒྱལ་ཁབ་ཀྱི་ནགས་ཚལ་གྲོང་གསེབ” “རྒྱལ་ཡོངས་ཀྱི་གྲོང་གསེབ་ཡུལ་སྐོར་གྱི་གཙོ་གནད་གྲོང་ཚོ”སོགས་ཀྱི་མིང་ཐོའི་ནང་ཚུད་པ་མ་ཟད། “རྒྱལ་ཡོངས་ཀྱི་དབུལ་ཐར་འགག་སྒྲོལ་གྱི་མིག་དཔེ” “ཀྲུང་གོའི་གྲངས་ཉུང་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་གྲོང་ཚོ”སོགས་ཀྱི་གཟི་བརྗིད་མཚན་སྙན་ཀྱང་ཐོབ་ཡོད། ཐོན་ཁུངས་ཕུན་སུམ་ཚོགས་པ་དེ་ཇི་ལྟར་བྱས་ནས་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་ལེགས་ཆར་བསྒྱུར་དགོས་སམ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་བྱས་པར་བརྟེན་པན་ཡན་གྲོང་ཚོས་དབུལ་ཐར་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་དང་། སྡེར་མའི་འཚེམ་འདྲུབ་གླིང་། ཁྲོང་ཁི་རྟེན་གཞི་སོགས་ལ་བརྟེན་ནས་གསར་བརྗེའི་ཡུལ་སྐོར་བགྲོད་ལམ་བཏོད་ནས། “ཧོར་རིགས་ཀྱི་དམངས་སྲོལ+གསར་བརྗེའི་ཡུལ་སྐོར”གྱི་འཕེལ་རྒྱས་ཀྱི་ལམ་བུ་གསར་པ་འཚོལ་ཞིབ་དང་གསར་གཏོད་བྱེད་པར་ཧུར་ཐག་བྱས་ལ། “དྲིན་དྲན་དང་བདེ་སྐྱིད། གསར་བརྗེ”བཅས་ཟུང་དུ་འབྲེལ་བའི་ཁྱད་ལྡན་ཏང་འཛུགས་སྐྱོང་གི་ཟོང་རྟགས་བསྐྲུན་པ་རེད།

པན་ཡན་གྲོང་ཚོའི་གསར་བརྗེའི་ཡུལ་སྐོར་ལམ་ཐིག་གི་ས་ཚིགས་དང་པོ་སྟེ། པན་ཡན་གྲོང་ཚོའི་དབུལ་ཐར་འགག་སྒྲོལ་གྱི་བརྗོད་དོན་གཙོ་བོའི་འགྲེམས་སྟོན་ཁང་དུ་པན་ཡན་གྲོང་མིའི་སྔོན་གྱི་འཚོ་བ་དང་ད་ལྟའི་འཚོ་བ་གཤིབ་བསྡུར་གྱི་ཡུལ་ལྗོངས་དང་། ཧོར་རིགས་ཀྱི་རིག་གནས་ངོ་སྤྲོད་བྱེད་པ་སོགས་ཡོད་པ་མ་ཟད། ད་དུང“ནམ་ཡང་དྲིན་དྲན་པ”ཞེས་པའི་འགྲེམས་བྱང་སྒྲིག་སྦྱོར་བྱས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་པན་ཡན་གྲོང་ཚོར་གཟིགས་ཞིབ་གནང་བར་ཕེབས་པའི་རྣམ་པ་མངོན་པར་བྱས་ཡོད། དེ་བཞིན་ལོ་རེའི་ཟླ8པའི་ཚེས23ཉིན། པན་ཡན་གྲོང་ཚོའི་མང་ཚོགས་རྣམས་ཀྱིས་རང་ཉིད་ཀྱིས་རྩ་འཛུགས་བྱས་པའི་ཞིང་པའི་སྤྲོ་སྐྱིད་ཁང་གི་ཟ་མ་འགྲེམས་སྟོན་དང་། ཧོར་རིགས་གླུ་གཞས་འགྲེམས་སྟོན། ཧོར་རིགས་རིག་གནས་འཁྲབ་སྟོན། ཧོར་རིགས་འཚེམ་དྲུབ་འགྲེམས་སྟོན་སོགས་ཀྱི་སྣ་མང་ཕུན་སུམ་ཚོགས་པའི་བྱེད་སྒོ་སྤེལ་གྱི་ཡོད་པ་རེད། 

པན་ཡན་གྲོང་ཚོར་བདེ་སྐྱིད་གྱི་མེ་ཏོག་རྣམ་པར་བཞད། ད་ལྟ་པན་ཡན་གྲོང་ཚོའི་གསར་བརྗེའི་ཡུལ་སྐོར་ཇེ་བཟང་ཇེ་རྒྱས་རེད། 2021ལོ་གཅིག་པུར་ཡང་ཡུལ་སྐོར་པ་ཁྲི7ལྷག་ལ་སྣེ་ལེན་ཞུས་ནས་ཡུལ་སྐོར་ཡོང་འབབ་སྒོར་ཁྲི165ལ་སླེབས་ཡོད། ཡུལ་སྐོར་གྱིས་ཞིང་པའི་སྤྲོ་སྐྱིད་ཁང་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་ནས་ད་ཡོད་ཀྱི་ཞིང་དུད་སྤྲོ་སྐྱིད་ཁང9ཡིས་ཞབས་ཞུ་དང་ གྱོན་གོས། ཚལ་རིགས། ཚལ་གོང་སོགས“གཅིག་གྱུར་དྲུག”གཅིག་གྱུར་བྱས་པ་བརྒྱུད། ཞིང་དུད་སྤྲོ་སྐྱིད་ཁང་འཕེལ་རྒྱས་ཀྱི་རིམ་པ་མཐོ་རུ་བཏང་ཡོད། “དབྱར་གྱི་དུས་སུ། གནས་འདིར་ཡུལ་སྐོར་དུ་ཡོང་མཁན་ཡང་རིམ་གྱིས་ཇེ་མང་དུ་འགྲོ་བཞིན་ཡོད་ལ། གཟའ་མཇུག་ཏུ་ང་ཚོའི་ཞིང་དུད་སྤྲོ་སྐྱིད་ཁང་ཧ་ཅང་འཁྲུག་ཆ་དོད་པོ་འདུག ལོ་གཅིག་ལ་ཡོང་འབབ་སྒོར་ཁྲི་བདུན་བརྒྱད་ཙམ་རག་ཐུབ། པན་ཡན་གྲོང་ཚོའི་ཁེ་གཉེར་པ་ཨ་ཅེ་ཞི་ཚོན་གྱིས་དེ་ལྟར་བཤད།

ཁྱད་ལྡན་ཚོང་རྟགས་སྙན་གྲགས་རབ་ཏུ་རྒྱས།

“གྲོང་ཚོ་གསར་པ་འཛུགས་སྐྲུན་བྱ་རྒྱུ་ནི་ཐོན་སྐྱེད་འཕེལ་རྒྱས་དང་ལས་ཞུགས་ལ་སྐུལ་འདེད་དང་། གཞི་རྩའི་སྤྱི་པའི་ཞབས་ཞུ་འཐུས་ཚང་དུ་གཏོང་བ། མི་རིགས་དང་ས་ཁོངས། རིག་གནས་བཅས་ཀྱི་ཁྱད་ཆོས་དང་རྣམ་པ་སྲུང་སྐྱོང་བྱ་རྒྱུ་བཅས་དང་ཟུང་འབྲེལ་བྱས་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་ཐུགས་ཁུར་ཟབ་བཞེས་ཀྱི་གསུང་བཤད་རྣ་བར་སིམ་ནས་ཡོད། “གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོར་ཆགས་ཐུབ་པ”བཅས་ཀྱི་དམིགས་ཚད་ལ་དམིགས་ཏེ། པན་ཡན་གྲོང་ཚོས་དབུལ་ཐར་འགག་སྒྲོལ་གྱི་དུས་སྐབས་སུ་ཁྱད་ལྡན་ཐོན་ལས་སྐོར་གཅིག་འཕེལ་རྒྱས་བཏང་ནས། གྲོང་གསེབ་དར་རྒྱས་གཏོང་བའི་གོ་སྐབས་ལ་བརྟེན་ནས་པན་ཡན་གྲོང་ཚོའི་ཁྱད་ལྡན་སྤུས་རྟགས་ཁག་གཅིག་བཏོད་ཡོད་པ་རེད། 

པན་ཡན་པ་མཚོན་ནས་བཤད་ན། ལོ་འགའི་སྔོན་དུ། ཁྱིམ་ཚང་ཀུན་གྱིས་ཆང་བསྙལ་ཏེ། འབབ་འཕར་ཕྱུག་འགྱུར་གྱི་འདེགས་སྐྱོར་ཐོན་ལས་སུ་འཕེལ་རྒྱས་འབྱུང་བར་བསམ་པའི་དགུ་ལའང་ཤར་མྱོང་མེད། སྡེ་མིའི་ཡོང་འབབ་བརྒྱུད་ལམ་རྒྱ་སྐྱེད་ཆེད། པན་ཡན་སྡེ་བས་སྒོར་ཁྲི200ལྷག་བཏང་སྟེ་པན་ཡན་ཆང་བཙག་ཁང་བཙུགས། ཆང་བཙག་ཁང་གི་ཕྱིར་ཚོང་ཐིང་གི་དཀྱིལ་དུ་དམར་ནག་སེར་གསུམ་གྱི་ཆང་དཀར“8·23”ཅན་བཤམས་ཡོད་ཅིང་། ཕྱིའི་ཤོག་ཐིམ་སྟེང་དུ། “ཆང་ཕོར་གང་ལ་ཁམ་གསུམ་འཐུང་། ཁམ་དང་པོ་ཁ་ལ་གཉིས་པ་ཞིམ། གསུམ་པའི་བཀའ་དྲིན་སེམས་སུ་ཉར”ཞེས་པ་དང་། “ཁྱེད་ཀྱིས་འཐུང་བ་ནི་པན་ཡན་གྱི་ཆང་ཁོ་ན་མ་ཡིན་ཏེ། པན་ཡན་གྱི་དྲིན་གཟོ་དང་བདེ་སྐྱིད་ཀྱང་ཡིན” ཞེས་པ། “པན་ཡན་གྱི་ཆང་། གཏམ་རྒྱུད་ཀྱིས་ཕྱུག་པའི་ནས་ཆང་ཤེལ་དེམ་གང” ཞེས་པ་སོགས་ཀྱི་སྦྱར་ཡིག་བརྐོས་ཡོད། 

དྭངས་གཙང་ངར་ཁ་ཆེ་བའི་ཆང་ཕོར་གང་གིས་ཆང་གི་རིག་གནས་རྫོང་མཐུག་པོ་མཚོན་ཡོད་ལ། དྲིན་གཟོའི་བརྩེ་བ་ཟབ་མོ་ཡང་མཚོན་ཡོད། ཆང་བཙག་ཁང་གི་སྦྱིན་བདག་ཚའོ་ཁྲེན་ཁུའུ་ཡིས་ངོ་སྤྲད་པ་ལྟར་ན། “8·23”ནི་པན་ཡན་སྡེ་བས་ཆེད་དུ་འོས་སྦྱོར་བྱས་པའི་ཆང་དཀར་རིམ་པ་ཡིན་ལ། འོས་སྦྱོར་བྱས་མ་ཐག་དགའ་བསུ་ཆེན་པོ་ཐོབ་པ་དང་། ཐོན་རྫས་ཞིང་ཆེན་ནང་ཁུལ་གྱི་ཚོང་ར་དང་འབྲི་ཆུའི་ཟུར་གསུམ་ཁུལ་སོགས་སུ་བྲིན་ཆེ། ཤར་ནུབ་རྒྱུད་མཐུན་སྦྱོར་རྐྱེན་སྲོལ་འོག ཝུའུ་ཞི་གྲོང་ཁྱེར་ཞིན་ཝུའུ་ཆས་གཅིག་པུ་ནས་ན་ནིང་ཆང་ཏུན5བཙོངས། པན་ཡན་ཆང་གི་ཚོང་རྟགས་སྐྲུན་པ་བརྒྱུད། ཆང་བཙག་ཁྱིམ་ཚང10སྐུལ་ཁྲིད་བྱས་པ་དང་། སྡེ་མི20ལྷག་ལ་ལས་ཞུགས་ལས་རྐང་འདོན་སྤྲོད་བྱས་ཤིང་། ལོ་གཅིག་གི་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི180ལ་སླེབས། སྡེ་བའི་ཐུན་མོང་དཔལ་འབྱོར་ཡོང་འབབ་སྒོར་ཁྲི5ལ་སླེབས། སྡེ་མི་རེའི་ཟླ་རེའི་ཡོང་འབབ་སྒོར3000མངོན་འགྱུར་བྱས། 

པན་ཡན་ཆང་གི་མཚོན། པན་ཡན་སྡེ་བར་ད་དུང་ཁྱད་ལྡན་འདེབས་གསོ་དང་། གཙགས་དྲུབ་ཞིབ་འཇུག་སྔོག་འདོན། ཞིང་ལས་ངལ་གསོ། ཞིང་སྡེ་སྤྲོ་ཁྱིམ་ཁང་སོགས་ཐོན་ལས་མང་པོ་ཡོད། རིགས་མི་འདྲ་བའི་ཁྱད་ལྡན་ཐོན་ལས་ཀྱི་ཤུགས་རྐྱེན་མཐོར་འདེགས་པ་དང་། དེ་དག་སྔར་ལས་རྒྱ་ཆེ་བའི་ཚོང་རར་བསྐྱོད་པར་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད། བསྐྱོད་ཐུབ་པ་དང་། ཚུགས་ནུས་པ། གྲགས་ཆེ་བའི་ཚོང་རྟགས་བསྐྲུན་ཏེ། ཚོང་རྟགས་སྟོབས་ཤུགས་ནི་ཐོན་རྫས་ཕྱིར་ཚོང་ལ་སྐུལ་ཁྲིད་བྱེད་པ་དང་ཞིང་པའི་འབབ་འཕར་ཕྱུག་འགྱུར་ལ་རོགས་སྐུལ་བྱེད་པར་མེད་ཐབས་མེད་པ་ཞིག་ཏུ་གྱུར། 

ཐོན་ལས་སྟོབས་ལྡན་དང་ཚོང་རྟགས་སྤུས་ལེགས་སུ་སྒྲུབ་པ། སྐྱེ་ཁམས་སྲུང་སྐྱོང་གི་སྔོན་འགྲོའི་འོག པན་ཡན་སྡེ་བས་སྤུས་ལེགས་ཐོན་ཁུངས་སྔོག་འདོན་བྱས་པ་དང་། གྲོང་གསེབ་དཔལ་འབྱོར་ཐོན་ལས་རྩོམ་ཡིག་ལེགས་པར་བྲིས་པ། ཐོན་རྫས་ཞིབ་འཇུག་གསར་སྤེལ་དང་འཇོན་མི་ནང་འདྲེན། མ་དངུལ་འགན་སྲུང་སོགས་ཐད་ཀྱི་སྲིད་ཇུས་རྒྱབ་སྐྱོར་སྔར་ལས་ཤུགས་ཆེར་གཏོང་བ། པན་ཡན་ཚོང་རྟགས་དྲིལ་སྒྲོག་ཁྱབ་སྤེལ་བྱེད་ཤུགས་རྒྱ་བསྐྱེད་ནས། ཐོན་ལས་མང་པོ་ཞིག་མང་ཚོགས་ལ་འབབ་འཕར་ཕྱུག་འགྱུར་གྱི་འདེགས་སྐྱོར་ཐོན་ལས་སུ་འགྱུར་བར་བྱས་ཏེ། ཐོན་ལས་དར་རྒྱས་ཀྱིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་བཏང་ནས། “རི་སྔོ་ཆུ་དྭངས”དེ་ངེས་པ་དོན་གྱིས“གསར་རི་དངུལ་རིར”འགྱུར་དུ་བཅུག 

ཐད་གཏོང་ལམ་ནས་ཚོང་གཉེར་རབ་ཏུ་བྲིན། 

“གྲོགས་པོ་ཚོ། ཁམས་བཟང་། ང་ནི་ཞིང་པ་སི་ལང་ཡིན་ལ། དེ་རིང་མུ་མཐུད་དུ་ང་ཚོའི་ཧུའུ་ཀྲུའུ་ཡི་ཁྱད་ལྡན་སྨན་རྫས་དང་། ནས་ཆང་། མཐོ་སྒང་གི་ནོར་ལུག་ཤ་སོགས་འོས་སྦྱོར་བྱེད། ་་་་་ ” དུས་རྒྱུན་དང་མཚུངས་པར། པན་ཡན་སྡེ་བའི་གློག་རྡུལ་ཚོང་རྫས་ཞབས་ཞུ་ལྟེ་གནས་སུ། སྡེ་མི་ལུའི་བཟང་སྐྱིད་སི་ལང་གིས་རང་གི་སྟེགས་བུ་སོ་སོའི་ཐོ་འགོད་ཁ་ཕྱེ་ནས་ཐད་གཏོང་བྱེད་མགོ་བརྩམས། ཕྱོགས་གཅིག་གི་ཚོང་སྒྲོམ་སྟེང་དུ། ལས་རོགས་པ་ཡན་ཧའེ་པང་གིས་གཙགས་དྲུབ་ཐོན་རྫས་དང་། ནོར་ཤ་སྐམ་པོ། སྦྲང་རྩི། དབྱར་རྩྭ་དགུན་འབུ། ཞིང་པའི་ནས་ཆང་སོགས་ས་གནས་ཀྱི་ཁྱད་ལྡན་ཐོན་རྫས་ཤོམ་བཞིན་ཡོད། 

ཟི་ལིང་དུ་བཟོ་སྐྲུན་གཉེར་བ་དང་། མཚོ་ནུབ་དུ་འཕང་འབྲས་བཏབ་མྱོང་བའི་ལུའི་བཟང་སྐྱིད་སི་ལང་གིས་ད་ལྟ་ཕ་ཡུལ་དུ་ཐད་གཏོང་ལམ་ནས་ཚོང་གཉེར་བཞིན་ཡོད་ཅིང་། ཁོ་རང་ཤིན་ཏུ་ཡིད་ཚིམ་ཡོད། 2019ལོའི་ལོ་མཇུག་ཏུ། ལུའི་བཟང་སྐྱིད་སི་ལང་གིས་ཐད་གཏོང་ལམ་ནས་ཚོང་གཉེར་མགོ་བརྩམས་མོད། ཧ་ཅང་དར་ཆེ་བའི་སྐབས་ནི2021ལོའི་ཟླ6པ་ནས་ཡིན། ཁོས་ཧུའུ་ཀྲུའུ་ཡི་ཁྱད་ལྡན་སྤྲུ་སེར་དང་བྲག་སྐྱ་དཀར་པོ་སོགས་ཁྱད་ལྡན་སྨན་རྫས་དྲ་ལམ་ནས་བཙོངས་པ་ནས་བཟུང་། དེ་མ་ཐག་གཞན་ཡུལ་ཚོང་རས་དགའ་བསུ་ཆེན་པོ་ཐོབ། “དྲ་ལམ་འབྲེལ་འདྲེས་དང་ཉོ་ཚོང་བརྒྱུད་སྐུར་གྱི་རྣམ་པ་བརྒྱུད། རང་ས་གནས་ཀྱི་བསླད་མེད་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་ཚོང་བྱས་པ་དང་། ཚོང་ཐེངས་གཅིག་ལ་ཉུང་ན་སྒོར་ཁྲི་འགའ་དང་མང་ན་སྒོར་ཁྲི་བཅུ་ཁ་ལྷག་ལ་བུད་ཅིང་། ན་ནིང་ཉོ་ཚོང་སྒོར་ཁྲི326ལ་སླེབས་པ་དང་། ཡོང་འབབ་སྒོར་ཁྲི30ལྷག་ལ་བུད།” ལུའི་བཟང་སྐྱིད་སི་ལང་གིས་དེ་ལྟར་བཤད། 

པན་ཡན་སྡེ་བར་མི་སྒེར་གྱི་ཐད་གཏོང་ལམ་ནས་ཚོང་གཉེར་བྱེད་མཁན་ལས་གཞན། “རང་ལྡན་བཞུར་ཚད་ཅན”གྱི་ཐད་གཏོང་པ་གཅིག་ཀྱང་ཡོད་དེ། དེ་གྲོང་རྡལ་བཅོ་ལྔའི་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་པན་ཡན་སྡེ་བའི་སྡེ་སྡོད་ལས་བྱེད་པ་ལི་ཝེ་ཡིན། 2021ལོ་ཟླ8པའི་ཚེས23ཉིན། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་ཞིང་ལས་ཞིང་སྡེ་ལེ་ཚན་ལྟེ་གནས་ཀྱིས་གྲོང་གསེབ་དར་སྤེལ་ལྟ་ཞིབ་གནས་གཞི་འབེབས་ཐོག་མ་པན་ཡན་སྡེ་བ་བཏང་བ་དང་། ལི་ཝེ་གྲོང་གསེབ་དར་སྤེལ་གྱི་ལྟ་ཞིབ་པ་ཞིག་ཏུ་གྱུར། 

གྲོང་གསེབ་དར་སྤེལ་གྱིUPཐོག་མ་ཡིན་པའི་ཆ་ནས། ལི་ཝེ་ཡིས་པན་ཡན་སྡེ་བའི་གྲོང་གསེབ་དར་སྤེལ་གྱི་གསོན་ཉམས་ལྡན་པའི་ལག་ལེན་ལ་དམིགས་ཏེ། 2021ལོའི་ཐད་གཏོང་ཐེངས་འགའི་ཁྲོད། ཧུའུ་ཀྲུའུ་ཡི་ཡུལ་སྐོར་ཐོན་ཁུངས་ངོ་སྤྲད་པ་དང་། དྲ་གྲོགས་དང་མཉམ་དུ་པན་ཡན་སྡེ་བའི་སྡེ་མིའི་ཉིན་རྒྱུན་གྱི་འཚོ་བ་མྱོང་རོལ་བྱས་པ། གྲོང་གསེབ་དར་སྤེལ་གྱི་རྣམ་པ་གསོན་པོ་ཕུན་སུམ་ཚོགས་པར་སླར་མཚོན་པར་བྱས་ཤིང་། པན་ཡན་སྡེ་བས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཉིས་ནུས་ལྡན་གྱིས་སྦྲེལ་བའི་གནད་འགག་གི་སྐབས་སུ་ཤུགས་ཆེན་པོས་དྲིལ་སྒྲོག་བྱས་ཏེ། བྱེད་ཐབས་གསར་པ་མུ་མཐུད་དུ་འཚོལ་ཞིབ་བྱས། 

“དྲ་ལམ་ཐད་གཏོང་ཚོང་གཉེར་ནི་དྲ་ལམ་དུ་དངོས་པོ་ཉོ་བའི་གནས་བབ་གསར་པ་དང་འཕེལ་ཕྱོགས་གསར་པ་ཡིན། དར་སྲོལ་གསར་པ་འདི་དང་བསྟུན་ནས། ང་ཚོའི་པན་ཡན་སྡེ་བས་ཀྱང་འཕེལ་རྒྱས་ཀྱི་ལམ་བུ་གསར་གཏོད་བྱས་ཏེ། ཐད་གཏོང་ཚོང་གཉེར་གྱིས་ཞིང་པའི་འབབ་འཕར་ལ་རོགས་སྐུལ་བྱེད་དགོས།” ལི་ཝེས་དེ་ལྟར་བཤད། ལོ་དྲུག་གི་རིང་ལ་པན་ཡན་པས་བཀའ་མངག་ཟབ་མོ་ཡིད་ལ་དམ་པོར་བཟུང་སྟེ། བསམ་བློ་བཅིངས་འགྲོལ་དང་། འདུ་ཤེས་སྒྱུར་བ། དྲིན་གཟོ་དཔའ་བསྐྱེད་བཅས་བྱས་ཤིང་། རང་ཉིད་ཀྱི་དཀའ་སྤྱད་འབད་བརྩོན་ལ་བརྟེན་ནས་དབུལ་ཐར་ཕྱུག་འགྱུར་གྱི་འབྱོར་འབྲིང་ལ་སྙེག་པ་དང་། དངོས་གཉེར་ལ་བརྟེན་ནས་སྔར་ལས་མཛེས་པའི་བདེ་སྐྱིད་འཚོ་བ་གསར་སྐྲུན་བྱས། ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།