ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་སྡེ་ཁག་གིས་ཁོར་སྲུང་སྒྲིག་ཆས་སྟེར་བའི་བྱ་འགུལ་རབ་དང་རིམ་པ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-06-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི“དྲུག་ལྔའི་ཁོར་ཡུག་ཉིན་མོའི”སྐབས་སུ། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་གིས་ཁོར་སྲུང་སྒྲིག་ཆས་སྟེར་བའི་དྲ་ཐོག་དང་ཡུལ་དངོས་མུ་འབྲེལ་བྱ་འགུལ་སྤེལ་ནས། ཁོར་སྲུང་སྒྲིག་ཆས་སྟེར་བར་སྐུལ་འདེད་བཏང་།

ཟླ6པའི་ཚེས5ཉིན། གསར་འགོད་པས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ནས་རྒྱུས་ལོན་པ་ལྟར་ན། བྱ་འགུལ་སྐབས་སུ་སྒྲིག་ཆས་ལས་ཁུངས34བྱ་འགུལ་ཁྲོད་ཞུགས་ནས། ཁོར་ཡུག་གི་ཤེས་རྟོག་དབང་ཆ་དང་། དེའི་ཁྲོད་དུ་ཞུགས་པའི་དབང་ཆ། ལྟ་སྐུལ་དབང་ཆ་བཅས་ལ་འགན་སྲུང་བྱས་པ་དང་། སྤྱི་ཚོགས་ཡོངས་ཀྱི་སྤྱི་དམངས་ཀྱི་སྐྱེ་ཁམས་ཁོར་སྲུང་འདུ་ཤེས་མཐོ་རུ་བཏང་། དམངས་ཡོངས་སུ་བཀྲམ་པའི་ཐབས་ལམ་རྒྱ་བསྐྱེད་ཆེད། རང་ཞིང་གིས་ཆེད་ལས་སྡེ་ཁག་ལ་བརྟེན་ནས“མཚོ་སྔོན་ཞིང་ཆེན་གྱི་ཁོར་སྲུང་སྒྲིག་ཆས་དམངས་ཡོངས་སུ་བཀྲམ་པའི”བྱ་རིམ་ཆུང་བ་གསར་སྤེལ་བྱས་པ་དང་། སྤྱི་དམངས་ཀྱིས་བྱ་རིམ་ཆུང་བའི་ཨང་བཤེར་བརྒྱུད་དེ། ལྟ་འདོད་པའི་སྒྲིིག་ཆས་ལས་ཁུངས་བདམས་ཆོག་ལ། དེ་ནས་དྲ་ཐོག་ནས་ལྟ་ཐུབ་པ་མ་ཟད། དྲ་ཐོག་ནས་མིང་ཐོ་འགོད་ཐུབ་པ་དང་། མི་གྲངས་ངེས་ཚད་ལོངས་རྗེས། སྒྲིག་ཆས་སྟེར་བའི་ལས་ཁུངས་ཀྱིས་གཅིག་བསྡུས་སྒོས་སྒྲིག་ཆས་སྟེར་བའི་བྱ་འགུལ་རྩ་འཛུགས་བྱེད་པ་ཡིན། 

དེ་མིན། ཐེངས་འདིའི་བྱ་འགུལ་གྱི་གྲ་སྒྲིག་དང་བྱ་འགུལ་སྤེལ་བ་སོགས་བརྒྱུད། ཞིང་ཆེན་ཡོངས་ཀྱི་ཁོར་སྲུང་སྒྲིག་ཆས་དམངས་ཡོངས་སུ་བཀྲམ་པའི་དྲིལ་སྒྲོག་ནང་དོན་ཕུན་ཚོགས་སུ་བཏང་བ་དང་། ཆེད་ལས་གསོ་སྐྱོང་བྱས་པའི་འགྲེལ་བརྗོད་མཁན་གྱིས། དྲ་ཐོག་དང་ཡུལ་དངོས་ཀྱི་ཐབས་ལམ་སྣ་ཚོགས་བརྒྱུད་དེ་དྲིལ་སྒྲོག་བྱས་ཤིང་། དེས་སྤྱི་དམངས་སུ་བཀྲམ་པའི་བྱ་བའི་རྨང་གཞི་སྲ་བརྟན་དུ་བཏང་། དེའི་ཁྲོད། ཟི་ལིང་གྲོང་ཁྱེར་གྱིས་ལྗང་མདོག་འཕེལ་རྒྱས་སྒྲོག་བཤད་རུ་ཁག་གསར་དུ་བཙུགས་ཤིང་། རིགས་སོ་སོའི་ཁོར་སྲུང་སྤྱི་ཕན་དང་བླངས་པའི་ཞབས་ཞུ་བྱ་འགུལ་སྤེལ་བ་དང་། གྲོང་ཁྱེར་ཐད་གཏོགས་འབྲེལ་ཡོད་ལས་ཁུངས་དང་།དམངས་ཆེན་འཐུས་མི་སོགས་རིགས་སོ་སོའི་ཚོགས་པ་རྩ་འཛུགས་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་ཚད་ལེན་དང་། བཙོག་ཆུ་ཐག་གཅོད། གད་སྙིགས་ཐག་གཅོད་སོགས་སྒྲིག་ཆས་ལ་བལྟས། མཚོ་ཤར་གྲོང་ཁྱེར་གྱིས་ཕྱིར་བཀྲམ་སྒྲིག་ཆས་ལེགས་འདེམས་དང་། ཁེ་ལས། ཕྱོགས་སོ་སོའི་སྟོབས་ཤུགས་གཅིག་བསྡུས་བྱས་ནས། གྲོང་ཁྱེར་སྡོད་དམངས་ཀྱིས་དྲ་ཐོག་དང་ཡུལ་དངོས་ནས་ཁོར་སྲུང་སྒྲིག་ཆས་ཀྱི་སྒོ་ཆེན་དུ“འཛུལ”། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱིས་སྨྱན་བྱད་གསར་འགོད་པའི་འཐུས་ཚབ་རྩ་འཛུགས་བྱས་ནས་ཕྱིར་བཀྲམ་བྱ་འགུལ་ཁྲོད་ཞུགས་པ་དང་། ཡུལ་དངོས་བཅར་འདྲི་དང་། སྨྱན་བྱད་གསར་བའི་ཐད་གཏོང་སོགས་ཀྱི་རྣམ་པས། དྲ་རྒྱ་དང་ཚགས་པར། བརྙན་འཕྲིན་སྨྱན་བྱད་སོགས་སྟེགས་བུ་སྤྱད་དེ་དུས་ཐོག་དུ་བརྡ་འཕྲིན་དྲིལ་སྒྲོག་བྱས། གྲོང་ཁྱེར་དང་ཁུལ་གཞན་དག་གིས་ཀྱང་རྣམ་པ་འདྲ་མིན་དང་། ཕུན་སུམ་ཚོགས་པའི་ཁོར་སྲུང་སྒྲིག་ཆས་སྟེར་བའི་བྱ་འགུལ་རབ་དང་རིམ་པ་སྤེལ།  ། 

རྩོམ་སྒྲིག་པ། : རིག་ལྡན་རྒྱ་མཚོ།