ཀྲུང་གོ་བོད་ཀྱི་དྲ་བ།

ཟློས་ཚིག་འདི་དག་ནི་ཁྱེད་དང་ང་ཡི་མ་འོངས་པར་འབྲེལ་བ་དམ་ཟབ་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : རིག་ལྡན་རྒྱ་མཚོ་དང་ཀླུ་མོ་མཚོ།རྡོ་རྗེ་བསམ་འགྲུབ་བཅས་ཀྱིས་བསྒྱུར།   སྤེལ་དུས། : 2022-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མཚོ་སྔོན་དཔལ་འབྱོར་འཕེལ་རྒྱས་ཀྱི་ཟློས་ཚིག་གཅེས་བསྡུས།

དམིགས་བསལ་གཅིག་དང་མཐོ་བ་གཉིས། ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས“སྐྱེ་ཁམས་སྲུང་སྐྱོང་དམིགས་བསལ་དུ་འཛིན་པ་རྒྱུན་འཁྱོངས་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། སྤུས་ཚད་མཐོ་བའི་འཚོ་བ་གཏོད་པ”བཅས་ཀྱི“དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་ལེན་བྱས་ནས། རི་སྔོ་ཆུ་དྭངས་རྨང་གཞིར་འཛིན་པ་དང་། སྤུས་ཚད་མཐོ་བའི་འཚོ་བ་གཙོ་བོར་འཛིན་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཁྱད་ཆོས་སུ་འཛིན་པ་བཅས་ལ་བརྟེན་ནས་དཔྱིད་ཀྱི་དཔལ་ཡོན་བཞད་པ་ལྟ་བུའི་མཚོ་སྔོན་གྱི་རྣམ་པ་གསར་པ་མངོན་པར་བྱེད་དགོས།

གནས་བཞི་འཛུགས་སྐྲུན། འཛམ་གླིང་རིམ་པའི་ཚྭ་མཚོའི་ཐོན་ལས་རྟེན་གཞི་མགྱོགས་མྱུར་གྱིས་བསྐྲུན་ནས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་དང་། རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས་ཕྱིར་འཚོང་བྱ་ཡུལ་བཅས་གཏོད་དགོས། “གནས་བཞིའི”འཛུགས་སྐྲུན་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་ཐོན་ཁུངས་ལེགས་ཆ་དང་འཕེལ་རྒྱས་ལེགས་ཆ། ས་ཁོངས་ཀྱི་ཁྱད་ཆོས་བཅས་ལ་རྒྱུས་ལོན་གནད་འཁེལ་གནང་བ་ཞིག་དང་། མཚོ་སྔོན་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྐུ་ངོས་སུ་འཆར་འགོད་གནང་བའི་འཐབ་ཇུས་གལ་ཆེན་ཞིག་ཡིན།

ལྗང་མདོག་ཐཱན་ཉུང་། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་ཟབ་མོ་ཡིད་ལ་བརྟན་པོར་བཅངས་ཏེ“གནས་བཞིའི”འཛུགས་སྐྲུན་ལ་དམ་པོར་དམིགས་ནས། ནུས་རྒྱུ་གཙང་མ་དང་། ཁྱད་ལྡན་ཐོན་ལས། སྐྱེ་ཁམས་འཕར་འདུས། སྒྲིག་སྲོལ་ལམ་སྲོལ་སོགས་ཐད་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་དང་གསར་གཏོད་བྱེད་པ་དང་། ལེགས་ཆའི་ཐོན་ལས་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། ལྗང་མདོག་ཐཱན་ཉུང་གི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས།

འཁོར་རྒྱུག  ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་ཚྭ་མཚོའི་ཐོན་ཁུངས་ཕྱོགས་བསྡུས་བེད་སྤྱོད་དང་། ནུས་རྒྱུ་གཙང་མ་འཕེལ་རྒྱས། རྒྱུ་ཆ་གསར་པ། ལྗང་མདོག་སྐྱེ་ལྡན་གྱི་ཞིང་ཕྱུགས་ཐོན་རྫས། སྐྱེ་ཁམས་ཡུལ་སྐོར། ཚོང་དོན་ཟོག་འགྲེམས། བེད་མེད་དངོས་ཟོག་རྙིང་པ་བསྐྱར་དུ་ཐོན་ཁུངས་ཅན་དུ་བསྒྱུར་བ་སོགས་འཁོར་རྒྱུག་དཔལ་འབྱོར་འཕེལ་རྒྱས་ཀྱི་ཐོན་ལས་ཕྲེང་འབྲེལ7བསྐྲུན་ཏེ་ཁྱད་ལྡན་ལེགས་ཆའི་ཐོན་ལས་སྟོབས་ཆེར་གཏོང་དགོས།

གསར་དར་ཐོན་ལས། རང་རྒྱལ་གྱི་ཏུན་ཁྲི་རིམ་པའི་ཐཱན་ཚི་སྣ་ཐོན་སྐྱེད་རྟེན་གཞི་ཐོག་མ་ཟི་ལིང་དུ་ཐོན་སྐྱེད་བྱེད་མགོ་ཚུགས་ཤིང་། དེས་ཀྲུང་གོར་ལོའི་ཐོན་ཚད་ཏུན་ཁྲི་རིམ་པའི་ཐཱན་ཚི་སྣ་ཐོན་སྐྱེད་རྟེན་གཞི་དང་པོ་ཡོད་པ་མཚོན་ལ། དེ་དང་ཆབས་ཅིག་རང་རྒྱལ་གྱིས་བཟོས་པའི་ཐཱན་ཚི་སྣའི་ཕྲེང་འབྲེལ་གྱི་རང་བརྟེན་ཚོད་འཛིན་ཐུབ་པའི་ནུས་པར་འགན་ལེན་ཐུབ་པ་དང་། རང་རྒྱལ་གྱིས་བཟོས་པའི་ཐཱན་ཚི་སྣའི་རྒྱལ་སྤྱིའི་འགྲན་རྩོད་ནུས་པ་དང་ཤུགས་རྐྱེན་ཐེབས་ནུས་སྔར་བས་ཆེ་རུ་ཕྱིན་ཏེ། རང་རྒྱལ་གྱི་ཚན་རྩལ་གསར་གཏོད་ལ་སྐུལ་འདེད་གཏོང་བ་དང་། ལག་རྩལ་བཀག་སྡོམ་ཚད་བརྒལ་བྱེད་པ། ཐོན་ལས་རིམ་སྤོར་ལ་འདེགས་སྐྱོར་བྱེད་པ། བཟོ་སྐྲུན་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བཅས་ལ་དོན་སྙིང་གལ་ཆེན་ལྡན་པའང་མཚོན་ཡོད།

བཅོས་བསྒྱུར་གསར་གཏོད། མཚོ་སྔོན་གྱིས་བཅོས་བསྒྱུར་གསར་གཏོད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཀྱི་མགོ་ཁུངས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བཀག་རྒྱ་ལས་བརྒལ་ནས། འདོན་སྤྲོད་ཕྱོགས་ཀྱི་གྲུབ་ཚུལ་རང་བཞིན་གྱི་བཅོས་བསྒྱུར་ཟབ་སྤེལ་དེ་གཙོ་གནད་དུ་བཟུང་སྟེ། གཙོ་གནད་ཁྱབ་ཁོངས་དང་གནད་འགག་གོ་རིམ་གྱི་བཅོས་བསྒྱུར་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། མུ་མཐུད་དུ་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་དང་གསོན་ཤུགས་སྣོན་དགོས།

ཕྱི་ཕྱོགས་སྒོ་འབྱེད། “རྒྱུད་གཅིག་ལམ་གཅིག”གི་གཙོ་གནད་མཚམས་ཚིགས་སུ་གནས་པའི་མཚོ་སྔོན་གྱིས། རྒྱལ་སྤྱིའི་གནམ་གྲུ་དང་མེ་འཁོར་གྱི་སྐྱེལ་འདྲེན་དང་། ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་པ་འཛུགས་སྐྲུན་བྱེད་པའི་ཐད་སྟོབས་ཤུགས་ཕུལ་བ་དེས། མཚོ་སྔོན་ལ་ཕན་ནུས་མཐོ་བའི“འཁོར་རྒྱུག་གཉིས”ཀྱི་གལ་ཆེའི་སྟོབས་ཤུགས་ཆགས་པར་རོགས་འདེགས་བྱེད་པ་དང་། “རྒྱལ་ནང་དང་རྒྱལ་སྤྱི་ཕན་ཚུན་འཁོར་རྒྱུག་དང་ཕན་ཚུན་སྐུལ་འདེད”ཀྱིས་མཚོ་སྔོན་གྱི“རྒྱུད་གཅིག་ལམ་གཅིག”གི་སྤུས་ཚད་མཐོ་བའི་འཛུགས་སྐྲུན་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་གཏོང་དགོས།

དཔལ་འབྱོར་གྱི་རྣམ་པ་བཞི། སྐྱེ་ཁམས་དཔལ་འབྱོར་སྟོབས་ཆེར་གཏོང་བ་དང་། འཁོར་རྒྱུག་དཔལ་འབྱོར་ལ་མུ་མཐུད་སྐུལ་འདེད་གཏོང་བ། ཤུགས་ཆེན་པོས་གྲངས་འཛིན་དཔལ་འབྱོར་འཕེལ་རྒྱས་གཏོང་བ། སྟེགས་བུའི་དཔལ་འབྱོར་མཉམ་སྐྲུན་ལ་མཐུན་སྦྱོར་བྱེད་པ་བཅས་ཀྱིས“དཔལ་འབྱོར་གྱི་རྣམ་པ་བཞི”གསོ་སྐྱོང་བྱེད་པ་དེ་དངོས་ཡོད་ཐབས་ལམ་དུ་བརྩིས་ནས། མཚོ་སྔོན་གྱི་ཁྱད་ཆོས་ལྡན་པའི་དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་འཛུགས་སྐྲུན་བྱེད་དགོས།

ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་པ། 2021ལོར་ལན་ཀྲོའུ་ནས་ཟི་ལིང་བར་གྱི་གྲོང་ཁྱེར་ཚོགས་པའི་འཛུགས་སྐྲུན་དེ་ངོ་བོ་རང་བཞིན་འཕེལ་རྒྱས་ཀྱི་དུས་སྐབས་སུ་བསྐྱོད་ཅིང་། ཀན་སུའུ་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱིས་གྲོང་ཁྱེར་ཚོགས་པའི་མཉམ་ལས་སྒྲིག་གཞི་དང་དམ་དུ་འབྲེལ་ནས། ཞིང་ཆེན་གཉིས་ཀྱི་གྲོང་ཁྱེར་བར་དང་སྡེ་ཁག་བར་གྱི་མཉམ་ལས་སྐུལ་འདེད་སྒྲིག་གཞི་འཐུས་ཚང་དུ་བཏང་སྟེ། གྲོང་ཁྱེར་ཚོགས་པའི་འཛུགས་སྐྲུན་བདེ་བླག་ངང་འབྲེལ་མཐུད་དང་ཞིང་ཆེན་གཉིས་ཀྱི་མཉམ་ལས་དེ་གཏིང་ཟབ་སར་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། 

1、ཉེ་བའི་ལོ་འགའི་རིང་། མཚོ་སྔོན་གྱིས་བརྟན་ཐོག་ཡར་འཕེལ་གྱི་བྱ་བའི་སྤྱིའི་བྱེད་ཕྱོགས་ལ་དམ་པོར་དམིགས་ཏེ། ལྗང་མདོག་ཐཱན་ཉུང་ཕྱོགས་སྒྱུར་གྱི་གོམ་སྟབས་ཇེ་མགྱོགས་སུ་བཏང་བས། འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་སྲ་བརྟན་དུ་གྱུར་ཞིང་འཕེལ་རྒྱས་ཀྱི་སྤུས་ཚད་མུ་མཐུད་དུ་མཐོར་འདེགས་བྱུང་བ་དང་། དཔལ་འབྱོར་གྱི་དངོས་ཤུགས་རིམ་བཞིན་ཇེ་ཆེར་སོང་ཡོད།

2、དེང་རབས་ཅན་གྱི་མཚོ་སྔོན་འཛུགས་སྐྲུན་བྱེད་པར་ངེས་པར་དུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྗོད་དོན་འདིར་དམ་པོར་དམིགས་ཏེ། ཆ་ཚང་བ་དང་ཡང་དག་པ། ཕྱོགས་ཡོངས་བཅས་ཀྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་ལག་བསྟར་བྱེད་པ་དང་། ཧུར་བརྩོན་གྱིས་རང་འགུལ་སྒོས་འཕེལ་རྒྱས་གསར་བའི་གནས་བབ་ཁྲོད་ཞུགས་པ་དང་དེར་ཞབས་ཞུ་བྱེད་དགོས།

3、ང་ཚོས་སྔར་ལས་ལྷག་པའི་སྒོ་ནས་བློ་མཐུན་ཞི་ཅིན་ཕིང་ལྟེ་བ་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་ཟབ་བྱས་ཏེ། ཐོག་མའི་བསམ་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོར་བཅངས་ནས། འབད་འབུངས་ཡར་བརྩོན་དང་ཞུམ་མེད་མདུན་སྐྱོད་བྱེད་དགོས།

4、ཁྱེད་ཀྱིས་ད་རུང་མཚོ་སྔོན་གྱི་དཔལ་འབྱོར་འཕེལ་རྒྱས་དང་འབྲེལ་བའི་ཟློས་ཚིག་གང་དག་ཡོད་པ་ཤེས་སམ། ཁྱེད་ཀྱིས་དཔལ་འབྱོར་ཁྱབ་ཁོངས་གང་དག་གི་འཕེལ་རྒྱས་དང་སྲིད་ཇུས་ལ་དོ་ཁུར་བྱེད་བཞིན་ཡོད་དམ། བསམ་འཆར་ཡོད་ཚེ་འཕྲིན་ལན་འཇོག་རོགས་ཞུ། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།