ཀྲུང་གོ་བོད་ཀྱི་དྲ་བ།

མངགས་བཅོལ་ཡིད་ལ་བཟུང་། དངོས་བརྩོན་བརྟན་པོར་བསྐྱོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

མངགས་བཅོལ་ཡིད་ལ་བཟུང་། དངོས་བརྩོན་བརྟན་པོར་བསྐྱོད།

——སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱེད།

      1.བློ་བརྟན་འགྱུར་མེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏང་དགོས།

ནང་མཁོའི་འཐབ་ཇུས་རྒྱ་བསྐྱེད་ལ་མཉམ་འདྲེས་དང་ཞབས་ཕྱི་ལེགས་པོ་བསྒྲུབ་དགོས། 

ལྗང་མདོག་ཐཱན་དམའ་འཁོར་སྐྱོད་ཀྱི་དེང་རབས་ཐོན་ལས་སྒྲིག་གཞི་གཟུག་དགོས།

གྲོང་ཁྱེར་དང་གྲོང་གསེབ་ཀྱི་མངའ་ཁོངས་མཐུན་སྦྱོར་ངང་འཕེལ་རྒྱས་འགྲོ་བར་གཅིག་གྱུར་འཆར་འགོད་བྱ་དགོས། 

ཚན་རྩལ་གསར་སྐྲུན་གྱི་འཐབ་ཇུས་འདེགས་སྐྱོར་ཇེ་དྲག་ཏུ་གཏང་དགོས།

ཆུ་ཚད་སྔར་ལས་མཐོ་བའི་སྒོ་ནས་བཅོས་སྒྱུར་སྒོ་འབྱེད་བྱེད་པར་སྐུལ་འདེད་གཏང་དགོས།

2.བློ་བརྟན་འགྱུར་མེད་ཀྱིས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་གསར་བ་འཛུགས་སྐྲུན་བྱ་དགོས།

རྒྱལ་ཁབ་སྤྱི་གླིང་བརྗོད་དོན་ཡིན་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་མ་ལག་འཛུགས་སྐྲུན་མདུན་གྲལ་དུ་བསྐྱོད་དགོས།

གཙང་བོའི་འབབ་རྒྱུད་ལ་སྲུང་སྐྱོབ་དང་འཕེལ་རྒྱས་གཏོང་རྒྱུར་གཅིག་གྱུར་འཆར་འགོད་བྱ་དགོས།

སྐྱེ་ཁམས་མ་ལག་སྲུང་སྐྱོབ་དང་ཉམས་གསོ་བྱེད་པར་སྐུལ་འདེད་ཏན་ཏིག་གཏང་དགོས། 

མི་སྡོད་འཚོ་གཞིས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་བཅོས་གཏང་དགོས།

ཚན་རིག་དང་མཐུན་ཞིང་གོ་རིམ་ལྡན་པའི་སྒོ་ནས་ཐཱན་རྩེར་སོན་དང་ཐཱན་སྙོམ་སྦྱོར་བྱེད་པ་སྐུལ་འདེད་གཏང་དགོས། 

3.བློ་བརྟན་འགྱུར་མེད་ཀྱིས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏང་དགོས།

གྲོང་གསེབ་ཕྱོགས་ཡོངས་ནས་དར་སྤེལ་གཏོང་བར་སྐུལ་འདེད་གཏང་དགོས།

ལས་ཞུགས་རྒྱ་སྐྱེད་དང་ཡོང་སྒོ་འཕར་སྣོན་ཡོང་བར་སྐུལ་སྤེལ་གཏང་དགོས།

གཞི་རྩའི་སྤྱི་པའི་ཞབས་ཕྱིའི་ཆུ་ཚད་མཐོར་འདེགས་སུ་གཏང་དགོས།

རིམ་པ་མང་པོའི་སྤྱི་ཚོགས་འགན་སྲུང་མ་ལག་འཐུས་ཚང་དུ་གཏང་དགོས།

4.བློ་བརྟན་འགྱུར་མེད་ཀྱིས་ཏང་གི་མི་རིགས་ལས་དོན་ལ་སྐུལ་འདེད་གཏང་དགོས།

ཀྲུང་ཧྭ་མི་རིགས་ཐུན་མོང་ལ་དབང་བའི་བསམ་པའི་ཁྱིམ་གཞིས་སྒོ་ཀུན་ནས་གཟུག་དགོས། 

རིགས་སོ་སོའི་མི་རིགས་རྣམས་ཕན་ཚུན་འབྲེལ་འདྲིས་དང་བརྗེ་རེས། མཉམ་འདྲེས་བྱེད་པར་སྐུལ་སྤེལ་གཏང་དགོས།

མི་རིགས་མཐུན་སྒྲིལ་ཡར་ཐོན་གསར་སྐྲུན་གཏིང་ཟབ་ཏུ་གཏང་དགོས།

ཁྲིམས་ལྟར་ཆོས་ལུགས་ལས་དོན་དོ་དམ་བྱ་དགོས།

5.བློ་བརྟན་འགྱུར་མེད་ཀྱིས་ཆུ་ཚད་མཐོ་བའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱ་དགོས།

རྒྱལ་ཁབ་བདེ་འཇགས་མ་ལག་དང་ནུས་པ་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་བཅོས་སྐྱོང་གསར་སྐྲུན་ལ་སྐུལ་འདེད་གཏང་དགོས། 

ནུས་ཡོད་ཀྱིས་སྤྱི་པའི་བདེ་འཇགས་ལ་འགན་སྲུང་བྱ་དགོས།

6.བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོའི་ཆབ་སྲིད་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།

དུས་རབས་གསར་བའི་དམངས་ཆེན་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱ་དགོས།

དུས་རབས་གསར་བའི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱ་དགོས།

ཏན་ཏིག་གིས་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་ལ་སྐུལ་འདེད་གཏང་དགོས།

ཆེས་ཁྱབ་རྒྱ་ཆེ་བའི་རྒྱལ་གཅེས་འཐབ་ཕྱོགས་གཅིག་གྱུར་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།

ཏང་གི་མང་ཚོགས་ཚོགས་པའི་བྱ་བ་དང་དམག་དམངས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་བསྣན་དགོས།

7.བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དར་རྒྱས་གོང་འཕེལ་ལ་སྐུལ་འདེད་གཏང་དགོས།

སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་གཏང་དགོས།

འདུ་ཤེས་འཛིན་སྟངས་བྱ་བའི་མགོ་ཁྲིད་དབང་ཆ་དམ་པོར་གཟུང་དགོས།

རིག་གནས་ལས་དོན་དང་རིག་གནས་ཐོན་ལས་དར་སྤེལ་གཏང་དགོས།

8.བློ་བརྟན་འགྱུར་མེད་ཀྱིས་ཏང་གི་འཛུགས་སྐྲུན་དེ་སྔར་ལས་སྟོབས་ལྡན་དུ་གཏང་དགོས།

དར་ཆ་གསལ་སྒྲེང་གིས་ཏང་གི་ཆབ་སྲིད་འཛུགས་སྐྲུན་ལ་ཤུགས་བསྣན་དགོས།

ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་དགོས།

སྤུས་ཚད་མཐོ་བའི་ཆེད་ལས་ཅན་གྱི་ལས་བྱེད་དཔུང་སྡེ་གཟུག་དགོས།

གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ཕྱོགས་ཡོངས་ནས་གོང་འཕེལ་དང་ཕྱོགས་ཡོངས་ནས་བརྟན་བརླིང་ཡོང་བར་སྐུལ་འདེད་གཏང་དགོས། 

རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་བཟང་སྒྲིག་ནན་བྱ་དགོས།

རུལ་སུངས་ངོ་རྒོལ་འཐབ་འཛིང་གི་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་སྲ་བརྟན་འཕེལ་རྒྱས་སུ་གཏང་དགོས།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།