ཀྲུང་གོ་བོད་ཀྱི་དྲ་བ།

བརྩེ་བའི་བདུད་རྩིས་མཐོ་སྒང་ཡོངས་སུ་བརླན། བདེ་སྐྱིད་འཚོ་བ་བསྐལ་བརྒྱའི་བར་དུ་བརྟན།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་དང་གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།


1654563391600355.png

འབྲི་ཆུའི་མགོ་ཁུངས་མི་རིགས་སློབ་གྲྭའི་སློབ་མས་རླུང་འཕྲིན་ལུས་སྦྱོང་བྱེད་བཞིན་པ། 

1654563398426055.jpg

འབྲི་ཆུའི་མགོ་ཁུངས་སྡེ་བའི་སྡེ་མིས་ལག་བཟོ་སྒྱུར་རྩལ་ཐོན་རྫས་འགྲེམ་སྟོན་བྱེད་བཞིན་པ། 

1654563404338276.jpg

འབྲི་ཆུའི་མགོ་ཁུངས་སྡེ་བས་རྒྱལ་དར་སྒྲེང་བའི་མཛད་སྒོ་སྤེལ་བཞིན་པ། 

1654563411903309.jpg

མི་རྣམས་ཀྱིས་དགའ་བའི་གླུ་ལེན་ཞིང་སྐྱིད་པའི་བྲོ་འཁྲབ་ནས་བདེ་སྐྱིད་འཚོ་བ་སྤྲོ་བས་བསུ་བཞིན་པ། 

དུས་ཚོད་ནི་ལོ་རྒྱུས་ཀྱི་དཔང་པོ་ཉག་གཅིག་དང་། ཆེས་རླབས་ཆེ་བའི་རྩོམ་པ་པོ་དེ་ཡིན།

2016ལོའི་ཟླ8པའི་ཚེས22ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་གཟིགས་ཞིབ་གནང་སྐབས། ས་བབ་མཐོ་ཚད་ལ་སྨི3000ཡོད་པའི་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ན་གོར་མོ་གྲོང་ཁྱེར་གདང་ལ་གྲོང་རྡལ་གྱི་འབྲི་ཆུའི་ཆུ་མགོའི་གྲོང་ཚོར་རྟོག་ཞིབ་གནང་བར་ཕེབས། ཁོང་གིས་གྲོང་ཚོ་ཡོངས་ཀྱི་བོད་རིགས་སྤུན་ཟླ་ཚོ་ཁང་པ་གསར་པའི་ནང་བསྡད་ཡོད་པ་དང་ཡོང་འབབ་བརྟན་འཇགས་ཡོད་པ། ད་དུང་ཡོངས་ཁྱབ་ཏུ་གཞི་རྩའི་སྨན་བཅོས་འགན་བཅོལ་དང་རྒན་གསོའི་འགན་བཅོལ་ནང་ཞུགས་ནས་འཚོ་བའི་ཆུ་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཡོད་པར་གཟིགས་པས། སྤྱི་ཁྱབ་ཧྲུའུ་ཅིས་དགའ་སྤྲོའི་ངང“ཁྱེད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ད་དུང་ཡུན་རིང་པོ་ཡོད”ཅེས་གསུངས། 

ལོ་ངོ་དྲུག་གི་རིང་། འབྲི་ཆུའི་ཆུ་མགོའི་གྲོང་ཚོའི་མི་དམངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཀའ་གསུང་བློ་ལ་བརྟན་པོར་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅིའི་བརྩེ་སེམས་ཟབ་མོ་དཔའ་མཛངས་རྟུལ་ཕོད་ཀྱིས་འབྱོར་འབྲིང་གི་ལམ་བུའི་ཐོག་མདུན་སྐྱོད་བྱེད་པའི་དུང་བརྡ་ཞིག་ཏུ་འགྱུར་བར་བྱས། 

ལོ་ངོ་དྲུག་གི་རིང་། བརྩེ་བའི་བརླན་པའི་ས་བོན་ལ་རེ་བའི་མྱུ་གུ་སྨིན་ཞིང་།  འབྲི་ཆུའི་ཆུ་མགོའི་གྲོང་ཚོའི་མི་དམངས་ཀྱིས་ཕུགས་བསམ་སེམས་ལ་ཉར་ནས། ཞུམ་པ་མེད་པར་རྒྱང་སྐྱོད་ཀྱི་བགྲོད་ལམ་གསར་པའི་སྟེང་མདུན་སྐྱོད་དང་། དུས་རབས་གསར་པར་བྱས་རྗེས་འཇོག་བཞིན་ཡོད།

རེ་སྒུག་དྲག་པོ་དང་མངགས་བཅོལ་ཟབ་མོ་ནི། ལང་ལོང་དུ་བཞུར་བའི་འབྲི་ཆུའི་རླབས་རྒྱུན་དང་མཚུངས་ལ། ཡངས་ཤིང་རྒྱ་ཆེ་བའི་ཐོ་སྒང་ལ་གསོན་ཤུགས་དང་རེ་བ་བསྩལ་བས། གནས་འདིར་འཚོ་བའི་མི་རྣམས་ལ་མི་དམངས་ཀྱི་བདེ་སྐྱིད་འཚོ་བ་བསྐལ་བརྒྱའི་བར་དུ་བརྟན་པར་བྱས་ཡོད།

དཔྱིད་ཀྱི་དུས་སུ་གྲུ་ཆར་ངང་གིས་འཇོ། བདེ་སྐྱིད་འཚོ་བ་བསྐལ་བརྒྱའི་བར་དུ་བརྟན།

ལོ་ངོ70ལ་སླེབས་པའི་ཀྲི་པུའུ་ཧྲུའུ་ཅི་རྒན་པ་ཀུན་དགའ་རྣམ་རྒྱལ་གྱིས་ལོ་དྲུག་སྔོན་གྱི་མི་སེམས་འགུལ་བའི་དུས་དེ་ནམ་ཡང་བརྗེད་ཐབས་མི་འདུག

“སྤྱི་ཁྱབ་ཧྲུའུ་ཅི་རླངས་འཁོར་ནས་བབས་རྗེས། ངས་ཐོག་མར་སྤྱི་ཁྱབ་ཧྲུའུ་ཅིར་ཁ་བཏགས་ཕུལ་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ངའི་ལག་པར་འཇུས་ནས། ངས་གྲོང་ཚོའི་གནས་ཚུལ་འགྲེལ་བཤད་བྱས་པར་ཞིབ་ཏུ་གསན་པ་མ་ཟད། ད་དུང‘ཡག་པོ་བཤད་སོང’ཞེས་ང་ལ་བསྔགས་བརྗོད་ཀྱང་གནང་།”

ཀུན་དགའ་རྣམ་རྒྱལ་གྱིས་ད་དུང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གླེང་མོལ་གནང་བའི་སྐད་ཆའི་ཚིག་འབྲུ་རེ་རེ་བཞིན་ཚང་མ་སེམས་སུ་བཟུང་ཡོད་པ་མ་ཟད། ད་དུང་“ངའི་ལག་པར་འཇུས་བའི་ཕྱག་ཟུང་གཉིས་དྲོད་ཁོལ་ལྡན་པ་ཞིག་ཡིན་པའང་དྲན་ཡོང་”ཟེར།

ཀུན་དགའ་རྣམ་རྒྱལ་དང་འདྲ་བར། གྲོང་མི་ཧྲེན་ཀེ་ཡིས་སྤྱི་ཁྱབ་ཧྲུའུ་ཅིས་ཁོ་དང་གླེང་མོལ་གནང་བའི་གནས་ཚུལ་དེར་ཕྱིར་དྲན་ཞིག་བྱས་ན་ཁ་སང་བྱུང་བའི་གནས་ཚུལ་ཞིག་དང་འདྲ།

“སྐབས་དེར་སྤྱི་ཁྱབ་ཧྲུའུ་ཅི་འདིར་བཞུགས་ནས་ཚང་མ་དང་གླེང་མོལ་གནང་། ཁྱེད་ཀྱིས་བལྟས་དང་སྒྲོག་ཙེ་དང་རྐུབ་སྟེགས་འདི་དག་ད་དུང་སྔར་གྱི་གནས་སུ་བཞག་ནས་ཡོད། ང་ཚོའི་འབྲི་ཆུའི་ཆུ་མགོའི་གྲོང་ཚོར་ད་ལྟའི་འཚོ་བ་སྐྱིད་པོ་འདི་འདྲ་ཞིག་ཡོད་པ་ནི་སྤྱི་ཁྱབ་ཧྲུའུ་ཅིའི་ཐུགས་ཁུར་དང་ཁ་འབྲལ་ཐབས་མེད།” སྔོན་ཆད་བཤད་ལ་མི་མཁས་པའི་ཧྲེན་ཀེས་ད་ལྟ་བཅར་འདྲི་དང་ལེན་བྱེད་སྐབས་བྱང་ཆ་ལྡན་ཞིག་ཏུ་གྱུར་འདུག

རྒྱ་ཆེ་ལ་དཀར་ཆ་དོད་པའི་བོད་ལུགས་བཟོ་བཀོད་ཀྱི་འགྲུལ་ཁང་ནང་། ཧྲེན་ཀེས་སྤྱི་ཁྱབ་ཧྲུའུ་ཅི་ཁོ་ཚོ་དང་ལྷན་དུ་བཞུགས་ཡོད་པའི་འདྲ་པར་མང་པོ་བཞག་འདུག

“ངས་སྤྱི་ཁྱབ་ཧྲུའུ་ཅི་ལགས་ལ་ང་ཚོ་སྐྱེ་ཁམས་གནས་སྤོ་མ་བྱས་སྔོན་ལ་དམར་ཆུ་གཙང་པོའི་འགྲམ་དུ་གཞིས་ཆགས་ནས། གུར་ཕུབ་པ་དང་རྩྭ་ཐང་དུ་ཉལ་བ་ཡིན། དེ་ནས་རྒྱལ་ཁབ་ཀྱིས་བསྐྲུན་པའི་ཁང་པ་གསར་པའི་ནང་སྤར་བ་ནས་བཟུང་། ཉལ་ཁྲིའི་ཐོག་ཏུ་ཉལ་ཐུབ་པ་བྱུང་ལ། ད་དུང་ཁྱིམ་ཆས་དང་ཁྱིམ་སྤྱོད་གློག་ཆས་ཀྱང་ཆ་ཚང་ཡོད་པས། ད་ལྟའི་འཚོ་བ་འདི་ལོ་ངོ་བཅུའི་ཡར་སྔོན་དང་བསྡུར་ན་ངོ་མ་བློ་ལ་ཤོང་དཀའ་བ་ཞིག་རེད།”

སྤྱི་ཁྱབ་ཧྲུའུ་ཅི་བློ་བདེ་བོ་ཡོང་ཆེད། ཧྲེན་ཀེས་ད་དུང་དཔང་ཡིག་དང་བྱང་བུ། རང་ཁྱིམ་གྱི་རྩྭ་ཐང་དཔང་ཡིག་དང་། སྨན་བཅོས་འགན་བཅོལ་བྱང་བུ། བུ་མོ་དབྱང་མཚོའི་ནགས་སྲུང་དོ་དམ་པའི་གདན་ཞུའི་གན་རྒྱའི་ཡི་གེ་སོགས་སྤྱི་ཁྱབ་ཧྲུའུ་ཅི་ལ་བསྟན།

“ངའི་སྐད་ཆར་ཉན་རྗེས། སྤྱི་ཁྱབ་ཧྲུའུ་ཅི་དགའ་སྤྲོ་སྐྱེས་ཤིང་། ཁོང་གིས་ང་ཚོར‘ཁྱེད་ཚོའི་བདེ་སྐྱིད་ཀྱི་འཚོ་བ་ད་དུང་ཡུན་རིང་པོ་ཡོད། ཁྱེད་ཚོ་ནད་མེད་ཚེ་རིང་ཡོང་བར་ཤོག་ཅེས་གསུངས།’

གྲོང་སྡེའི་རྣམ་པ་གསར་བསྒྱུར་དང་། བདེ་སྐྱིད་འཚོ་བའི་རི་མོ་བྲིས། ད་ལྟའི་འབྲི་ཆུའི་ཆུ་མགོའི་གྲོང་ཚོའི་དྲང་མོའི་ལམ་དང་གྲལ་འགྲིག་པའི་གྲོང་མིའི་སྡོད་ཁང་གཙང་ཞིང་དག་ལ། གསར་དུ་སྒོ་ཕྱེ་བའི་ཟ་ཁང་དང་། གཞོན་ནུའི་ལས་གཏོད་སྲང་ལམ། མི་རིགས་རྒྱན་གོས་ཚོང་ཁང་། གསར་དུ་བསྐྲུན་པའི་གྲོང་ཚོའི་ལོ་རྒྱུས་ཁང་སོགས་ཀྱི“རྣམ་པ་གསར་པ”རེ་རེའི་ཐོག་ནས། གནས་སྤོར་བྱས་ནས་གསར་དུ་བཙུགས་པའི་གྲོང་ཚོ་འདིས་ཏང་གི་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲངས་ནས་བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་ལ་ཡིད་ཆེས་ཇེ་བརྟན་དུ་ཕྱིན་པ་མཚོན་ཡོད།

གློག་དྲ་ས་འོག་ཏུ་སྦས་ཏེ། གྲོང་ཚོའི་མི་རྣམས་ཀྱིས་བདེ་འཇགས་ཀྱིས་གློག་བཀོལ་སྤྱོད་བྱེད་བཞིན་ཡོད་པ་དང་། ས་འོག་ཆུའི་སྦུག་ལམ་བསྒྱུར་བཀོད་བྱས་པས་ཆུ་སྦུག་འཁྱགས་པས་བསྡམས་ནས་བཀད་དེ་ཆུ་ཕྱིར་ཤོར་བར་སེམས་ཁྲལ་མེད་ལ། རང་བྱུང་སོལ་རླངས་ཁྱིམ་ཚང་དུ་འཐེན་ཡོད་པས། གྲོང་མི་ཚོས་རྡོ་སོལ་སྲེག་པའི་དུས་རབས་ལ་རྩ་བ་ནས་བདེ་མོ་བཞག ཁང་པར་སྲུང་སྐྱོང་རིམ་པ་བསྣན་ནས་གྲོང་མི་ཚོས་དགུན་བསྐྱལ་བར་སྔར་ལས་དྲོ་སྐྱིད་སྦྱིན་ཡོད། ལེགས་བགྲུབ་བྱུང་ཟིན་པའམ་ཡང་ན་ལག་བསྟར་བྱེད་བཞིན་པའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྱུར་བཀོད་རྣམ་གྲངས་དག་ནི་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བ་དང་འབྲེལ་བ་དམ་ཟབ་ཡོད།

མ་འོངས་པར། འབྲི་ཆུའི་ཆུ་མགོའི་གྲོང་ཚོས་ད་དུང་ས་མཐོའི་ཁྱད་ལྡན་བོད་ལུགས་ཀྱི་ཡུལ་སྲོལ་གོམས་གཤིས་ལྡན་པའི་ཡུལ་སྐོར་གྲོང་ཚོ་འཛུགས་བསྐྲུན་དང་། གདང་ལ་གྲོང་རྡལ་གྱིས་ཀྱང་བོད་ཀྱི་ཁྱད་ལྡན་ཡུལ་སྐོར་གྲོང་རྡལ་ཆུང་ངུ་འཛུགས་སྐྲུན་བྱེད་དགོས། སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག་ཡུལ་སྐོར་ལས་རིགས་འཕེལ་རྒྱས་བཏང་ནས། ཐོན་ལས་གྲུབ་ཆ་སྣ་མང་ཅན་མངོན་འགྱུར་ཡོང་བར་བྱེད་པ་ནི་འབྲོག་པའི་སྣེ་ཁྲིད་ནས་བདེ་སྐྱིད་གྱི་བགྲོད་ལམ་ཐོག་སྐྱོད་པའི་སྒུལ་ཤུགས་གསར་པར་གྱུར་ཡོད།

 དྭངས་གཙང་ཆུ་བོ་ཤར་ཏུ་འབབ་པའི་སླད། །རང་ཡུལ་དྲན་གདུང་ཟབ་ཀྱང་གནས་སྤོར་བྱས།

“མི་ནི་རི་བོའི་འདབས་རོལ་དུ་འཚོ་བ་སྐྱེལ་བཞིན་ཡོད་རུང་། སེམས་པ་ད་དུང་རི་བོའི་ཕང་བ་རུ་འཁོར་ཡོད། “སྐྱེ་ཁམས་གནས་སྤོ་བྱས་པའི་གྲོང་ཚོ་ཞིག་ཡིན་པའི་ངོས་ནས། ལོ་ངོ་བཅུ་ལྷག་རིང་། འབྲི་ཆུའི་ཆུ་མགོའི་གྲོང་ཚོའི་མི་དམངས་རི་ནས་བབས་ཀྱང་། རྒྱང་རིང་གི་རི་ཀླུང་དང་རྩྭ་ཐང་ནི་སྔར་བཞིན་སེམས་ཀྱི་ཟབ་ས་ན་ཆགས་པའི་ཕ་ཡུལ་དེ་ཡིན།

2004ལོའི་ཟླ11པར། ཕ་ཡུལ་གྱི་ཉམས་ཞན་པའི་སྐྱེ་ཁམས་སྲུང་སྐྱོང་བྱ་ཆེད། གདང་ལ་གྲོང་རྡལ་གྱི་ཕྱུགས་ལས་གྲོང་ཚོ6གི་འབྲོག་ཁྱིམ128མི་རབས་ནས་མི་རབས་བར་གཏན་སྡོད་བྱས་མྱོང་བའི་རྩྭ་ཐང་དང་ཁ་བྲལ་ཏེ། ན་གོར་མོ་གྲོང་ཁྱེར་གྱི་ལྷོ་འདབས་སུ་གསར་དུ་བསྐྲུན་པའི་འབྲི་ཆུའི་ཆུ་མགོའི་གྲོང་ཚོར་གནས་སྤོར་བྱས་པ་ནས་བཟུང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཀྱང་འབྲི་ཆུའི་ཆུ་མགོའི་གྲོང་ཚོའི་གྲོང་མིའི་སེམས་སུ་ཟུག་ཡོད།

“རི་ནས་གནས་སྤོས་ནས་ཡོང་སྐབས། ང་ལོ་བཅུ་ལ་བུད་མ་ཐག་ཡིན། ལོ་དེ་དག་རིང་ནོར་ལུག་ལ་གཟན་རྩྭ་ཟ་རྒྱུ་མི་འདང་བས། ཕ་མས་ལུག་དེད་ནས་གནས་གང་སར་འགྲོ་དགོས་ཀྱི་ཡོད། ” ཀརྨ་ཆོས་སྒྲོན་གྱི་ཕྱིར་དྲན་ཁྲོད། རི་ཁའི་རྩྭ་ས་ནི་མ་གཞི་ནས་སྐྱ་སྒང་སྒང་ཡིན་ལ། ལོ་ན་ཆུང་བའི་ཁོ་མོས་སྐབས་དེ་དུས་རྩྭ་ཐང་གི་སྐྱེ་ཁམས་ཁོར་ཡུག་དེ་འདྲའི་བཟང་པོ་མེད་པ་ཤེས་ཀྱི་མི་འདུག

ད་སྐབས། ཀརྨ་ཆོས་སྒྲོན་ནི་སྡེ་བའི་ནང་གི་རླན་སའི་དོ་སྲུང་པ་ཞིག་ཏུ་གྱུར་ཡོད། ལོ་གཅིག་གི་དུས་ཚིགས་བཞིའི་ཆར་རླུང་ལ་འཛེམ་པ་མེད་པར་ཁོ་མོས་འགན་ཁུར་པའི་དོ་སྲུང་ཁུལ་དུ་སྐོར་ཞིབ་བྱེད་བཞིན་ཡོད། 

“ཟླ་རེའི་སྐོར་ཞིབ་ཐེངས་རེ་ནི་ལེ་བར420ཕ་རོལ་གྱི་ཐོ་ཐོ་ཆུའི་དཀྱིལ་ཁུལ་དུ་བསྐྱོད་པ་དང་། གནས་དེ་ནི་འབྲི་ཆུའི་འབྱུང་ཁུངས་སུ་གཏོགས་ལ། རི་རྒྱ་བསྡམས་པའི་གནས་ཡིན།” ཀརྨ་ཆོས་སྒྲོན་གྱིས་བྱ་བ་སྒྲུབ་ཐེངས་རེར་རྩྭ་ཐང་གཏོར་བརླག་བྱས་པའི་གནས་ཚུལ་ཡོད་མེད་ལ་ལྟ་བ་དང་། ད་དུང་དུས་ལྟར་འགྱུར་ལྡོག་ཆེ་བའི་གནམ་གཤིས་ལ་དོ་སྣང་བྱས་ཏེ། རི་སྐྱེས་སྲོག་ཆགས་ཀྱི་འགྲོ་འོང་ཟིན་ཐོར་ལེགས་པར་འདེབས་དགོས། 

“ཆུ་འཐུང་ཡང་ཆུ་མགོའི་བཀའ་དྲིན་མི་བརྗེད། ཕ་མེས་ཀྱི་ལག་ནས་འབྲི་ཆུ་འབྱུང་ཁུངས་སྲུང་སྐྱོང་བྱེད་པའི་འགན་ལྗིད་མོ་རྒྱུན་འཛིན་བྱེད་པ་དང་། ང་ཚོས་ངེས་པར་དུ་སྲུང་སྐྱོང་ལེགས་པོར་བྱེད་དགོས་ཏེ། ང་ཚོ་འདིར་ཡོད་པའི་མི་དང་མི་རབས་འདིའི་ཆེད་དུ་མ་ཟད། སྨད་རྒྱུད་ཀྱི་མི་དང་མི་རབས་རྗེས་མའི་ཆེད་དུ། དྭངས་ཤིང་གཙང་བའི་ཆུ་བོ་གཅིག་དུས་གཏན་དུ་ཤར་ཕྱོགས་སུ་འབབ་པར་བྱེད་པ་དང་། ‘མི་རབས་རྗེས་མར་རང་བྱུང་ཤུལ་བཞག་བརྒྱུད་སྤྲོད་ལེགས་པོ་བྱེད་པའི’ཁས་ལེན་མངོན་འགྱུར་བྱེད་དགོས།” ཞེས་འབྲི་ཆུའི་མགོ་ཁུངས་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བཀྲ་ཤིས་ཟླ་བས་དེ་ལྟར་བཤད། སྡེ་བའི་ཁྱིམ་ཚང་སོ་སོར་ཧ་ལམ་སྐྱེ་ཁམས་དོ་སྲུང་པ་ཡོད། མི་རབས་གཉིས་ལ་སྐྱེ་ཁམས་དོ་སྲུང་པའི་འགན་ཁུར་པའི་ཁྱིམ་ཚང་ཡང་མི་ཉུང་བ་ཞིག་ཡོད། 

……

“གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་བྱེད་པ་ནི་ཏང་ཀྲུང་དབྱང་གི་གཏན་ལ་ཕབ་པའི་སྲིད་ཇུས་ཆེན་མོ་ཡིན། སྐྱེ་ཁམས་གནས་སྤོ་ནི་སྲིད་ཇུས་འདི་དངོས་འབེབས་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་པས། ངེས་པར་དུ་རྩ་འཛུགས་ལག་བསྟག་ཡག་པོ་བྱེད་དགོས།” 

“མཚོ་སྔོན་གྱི་སྐྱེ་ཁམས་གོ་གནས་གལ་ཆེ་ལ་དམིགས་བསལ་ཡིན་པས། གཙང་གསུམ་འབྱུང་ཡལ་སྲུང་སྐྱོང་དང‘ཀྲུང་ཧྭའི་ཆུ་མཛོད’སྲུང་སྐྱོང་གི་འགན་ཁུར་ལྗིད་མོ་ངེས་པར་ཕྲག་ཏུ་ལེན་དགོས།” 

……

ལག་མཐིལ་གྱི་དྲོད་ཁོལ་ད་དུང་ཡལ་མེད་ལ། སྤྱི་ཁྱབ་ཧྲུའུ་ཅིའི་བཀའ་མངག་སྔར་བཞིན་རྣ་ལམ་ནས་འཇགས་མེད། དེ་སྔོན་གྱི་འབྲོག་པ་ནི་སྐྱེ་ཁམས་གནས་སྤོ་བརྒྱུད་དེ་གྲོང་ཁྱེར་གྱི་གཏན་སྡོད་སྡོད་དམངས་སུ་གྱུར། འགྱུར་བཞིན་པ་ནི་འཚོ་བ་རོལ་སྟངས་ཁོ་ན་མ་ཡིན་པར། རྟ་ལྕག་སར་བཞག་པའི་འབྲོག་པ་རིམ་བཞིན་རྩྭ་ས་བེད་སྤྱོད་པ་ནས་སྐྱེ་ཁམས་སྲུང་སྐྱོང་པ་དང་ཁེ་བཟང་མཉམ་སྤྱོད་པར་གྱུར། 

གཅིག་ཏུ་ན། འདི་ནི་མཐོ་སྒང་གི་བུ་དང་བུ་མོས་བརྩེ་བ་ཟབ་མོ་བཅངས་པ་ལ་ཕྱིར་ལན་ཆེས་ལེགས་པ་དེ་ཡིན་སྲིད། 

གྲོང་གསེབ་དར་སྤེལ་མཛེས་རིས་གསར་པ་ཞིག །རྩོལ་བརྟེན་ཕྱུག་འགྱུར་འཕྲུལ་གྱིས་རྣམ་པར་བྲིས། ། 

འབྲི་ཆུའི་མགོ་ཁུངས་སྡེ་བའི་གྲལ་འགྲིག་པའི་ཁང་ཀླད་དམར་པོ་དང་གཞིས་གྱང་དཀར་པོའི་ར་སྐོར་ནང་དུ། ཆེས་དམིགས་བསལ་དུ་མངོན་པ་ནི་སྡེ་དམངས་ནོར་བུ་སེང་འབྲུག་ཚང་རེད། སྨི་གྲུ་བཞི་མ300ལྷག་ཡོད་པའི་སྡོད་ཁང་ལ་ཉིས་ཐོག་ཡོད་ཅིང་། སྤྱི་ཁོག་བཟོ་སྐྲུན་སྔར་བཞིན་བོད་ལུགས་ཁྱད་ཆོས་ཡིན་ཡང་། ཁྱིམ་ཆས་ཐམས་ཅད་ཧ་ཅང་དེང་རབས་སུ་མངོན། 

སྡེ་བའི་ནང་གི་ཆེས་ཐོག་མར་ཕྱིར་སྐྱོད་ལས་གཏོད་བྱེད་མཁན་ཞིག་ཡིན་པའི་ཆ་ནས། ནོར་བུ་སེང་འབྲུག་གི་སྔ་དུས་སུ་བཟོ་སྐྲུན་གཉེར་བ་དང་། ནོར་ལུག་གསོ་བ་བཅས་བརྒྱུད་ཅིང་། དེའི་སྟེང་རྒྱལ་ཁབ་ཀྱི་དམངས་ཕན་ཁ་གསབ་སྲིད་ཇུས་བསྣན་པས། ཁོའི་སྒོར་ཁུག་རིམ་བཞིན་ཁ་བཀང་བ་དང་། 2020ལོར་ཁོས་སྡེ་བའི་ནང་དུ་སྐྱེ་ཁམས་བསླད་མེད་ནོར་ལུག་ཤ་ལས་སྣོན་ཕྱིར་ཚོང་རྟེན་གཞི་བཙུགས་ཏེ། མིང་དོན་མཚུངས་པའི་སྡེ་བའི་ནང་གི་ཕྱུག་འགྱུར་སྣེ་ཁྲིད་པར་གྱུར། 

ཐོབ་ཐང་གསར་པ་ཡོད་རྗེས། ནོར་བུ་སེང་འབྲུག་ལ་ལས་དོན་གཉེར་བའི་སྟོབས་ཤུགས་ཀྱིས་ཁེངས། “ཕ་མེས་ཡང་མེས་འབྲོག་པ་ཡིན་པས། ཆེས་བྱང་ཆ་ལྡན་པ་ནི་ནོར་ལུག་གསོ་སྐྱོང་ཡིན། ང་ཚོ་རྩྭ་ཐང་ནས་གནས་སྤོས་ཟིན་ན་ཡང་། སྔར་བཞིན་ལག་རྩལ་ལ་བརྟེན་ནས་ཕྱུག་འགྱུར་བྱེད་ཆོག་ལ། ང་ཚོའི་ནོར་ལུག་ཤ་ནི་ཐོ་ཐོ་ཆུ་བོའི་འགྲམ་རྒྱུད་ཡིན་ལ། བྲོ་བར་འཛད་སྤྱོད་པས་དགའ་བསུ་ཐོབ་པ་དང་། འདི་ཡིས་ང་ཚོའི་ཁྱད་ཆོས་སོར་འཇོག་བྱས་པ་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་གོམ་སྟབས་ཆེན་པོ་ཞིག་སྤོས།”

“རི་མགོ”ནས“རི་འདབས”སུ་སྤོས་པ་དང་། ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལ་ལེགས་བཅོས་ཆེན་པོ་བྱུང་ན་ཡང་། འབྲི་ཆུའི་མགོ་ཁུངས་སྡེ་བའི་མི་གཅིག་ཀྱང་སྔར་སྐྱེ་ཁམས་སྲུང་སྐྱོང་ལ་བྱས་རྗེས་བཞག་པ་དང་བློས་བཏང་བའི“བྱས་རྗེས”སྟེང་ནས“སྒུག་བརྟེན་སློང”གསུམ་མ་བྱས། “འབྲོག་པ”ནས“སྦྱིན་བདག”ཏུ་གྱུར་པའི་ནོར་བུ་སེང་འབྲུག་ནི་འབྲི་ཆུ་མགོ་ཁུངས་སྡེ་བའི་མི་གཞན་འགྱུར་བྱུང་བའི་བསྡུས་གཟུགས་ཤིག་ཡིན། 

2016ལོར། བསམ་སྐྱིད་ནི་སྡེ་བའི་ནང་དུ་རེ་གཉིས་ལས་མེད་པའི་སློབ་ཆེན་སློབ་མའི་གྲས་ཤིག་ཡིན་ལ། ཁོ་མོས་གོས་སྦྱོང་དང་། ཐོན་སྐྱེད། ཕྱིར་ཚོང་བཅས་གཞི་གཅིག་ཏུ་འདུས་པའི་མི་རིགས་ལས་རྩལ་སྒྱུ་རྩལ་ཐོན་རྫས་མཉམ་ལས་ཁང་ཞིག་འཛུགས་རྒྱུ་ཐག་བཅད་པ་དང་། ཁྱིམ་ཚང་སོ་སོས་བཟོ་ཤེས་པའི་ལག་བཟོ་མཛེས་སྤྲས་ཐོན་རྫས་ཚོང་རར་བཀྲམ། 

“སྐབས་དེར་ལག་བཟོ་རྐྱང་པ་ཡིན་པའི་མཛེས་སྤྲས་ཐོན་རྫས་ནི་ནང་ལོག་ཚོང་རར་བྲིན་ཆེ་ལ། མཉམ་ལས་ཁང་བཙུགས་ན་བོད་ཀྱི་སྲོལ་རྒྱུན་ལག་རྩལ་ལ་སྲུང་སྐྱོང་བྱས་ཏེ་ཉམས་མི་སྲིད་པར་མ་ཟད། སྡེ་མི་ལ་དངོས་ཡོད་ཀྱི་ཡོང་འབབ་དང་ལས་གཏོད་ལས་ཞུགས་བཅས་ཀྱི་ཕན་བདེ་སྐྲུན་ཐུབ།” ཅེས་བསམ་སྐྱིད་ཀྱིས་བཤད། ལས་གཏོད་ཀྱི་ཐོག་མའི་དུས་སྐབས་ཀྱི་དཀའ་སྡུག་བརྒྱུད་རྗེས། ད་སྐབས་ཚོང་ལས་ཅུང་ཙམ་དར་རྒྱས་ཆེ། ད་ལོར་གཞི་ཁྱོན་རྒྱ་བསྐྱེད་དེ་སྡེ་བའི་ནང་གི་བོད་རིགས་བུད་མེད་སྔར་ལས་མང་པོས་རིག་གནས་སློབ་སྦྱོང་དང་། ན་གཞོན་སྔར་ལས་མང་པོ་མི་རིགས་རིག་གནས་དང་དངོས་པོ་མ་ཡིན་པའི་ཤུལ་བཞག་རིག་གནས་རྒྱུན་འཛིན་བྱེད་པའི་གྲས་སུ་ཞུགས་སུ་འཇུག་པའི་འཆར་གཞི་འདུག 

ལོ་འདི་འགར། བསམ་སྐྱིད་རྒྱུན་དུ་སོའུ་ཀྲོའུ་དང་ཧང་ཀྲོའུ་སོགས་གྲོང་ཁྱེར་ཆེན་མོ་དག་ཏུ་ལས་ལ་བྲེལ་ཞིང་། རིག་པ་སྤྱན་པའི་ཁོ་མོས་སྔ་མོ་ནས་སྲོལ་རྒྱུས་མཛེས་སྤྲས་འདི་དག་རྒྱལ་ཡོངས་ཀྱི་ས་ཆ་སོ་སོར་འོས་སྦྱོར་བྱས་ཚར། 

བཀའ་མངག་ཟབ་མོ། སེམས་གཏིང་དུ་ཉར། ལོ་དྲུག་གི་རིང་ལ། འབྲི་ཆུའི་མགོ་ཁུངས་སྡེ་མིས་སྤྱི་ཁྱབ་ཧྲུའུ་ཅིར་དྲིན་གཟོ་བའི་བརྩེ་བ་དེ་ལས་སྒྲུབ་ལས་གཏོད་དང་དཔའ་མཛངས་རྟུལ་ཕོད་ཀྱིས་ཧུར་ཐག་བྱེད་པའི་སྟོབས་ཤུགས་སུ་བསྒྱུར། ད་སྐབས་སྡེ་མིའི་མི་རེའི་ཆ་སྙོམས་ཡོང་སྒོ་ཁོ་ན་གནས་སྤར་མ་ཐག་པའི་སྐབས་ཀྱི་སྒོར2000མ་ལོན་ཙམ་ནས་སྒོར23000ལ་ཉེ་བར་འཕར་ཡོད། 

མ་འོངས་པར་ཁ་ཕྱོགས་ཏེ། འབྲི་ཆུའི་མགོ་ཁུངས་སྡེ་བ་ནི་གསོན་ཤུགས་ཀྱིས་ཁེངས་ཤིང་རེ་བས་གཏམས་པའི་མུ་ཏིག་རྡོག་པོ་ཞིག་དང་འདྲ་བར། དུས་རབས་གསར་པའི་ཉི་འོད་ཀྱི་ཀློང་ན། མི་དམངས་ལྟེ་བ་ཡིན་པའི་རླབས་ཆེན་གཟི་འོད་འཕྲོ་བཞིན་འདུག ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།