ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“དྲུག་གཅིག”ལ་རྟེན་འབྲེལ་ཞུ་བའི་དྲ་ལམ་དང་ཡུལ་དངོས་ཀྱི་བརྗོད་དོན་གཙོ་བའི་བྱེད་སྒོ་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “དྲུག་གཅིག”རྒྱལ་སྤྱི་བྱིས་པའི་དུས་ཆེན་སླེབས་པའི་སྐབས་འདིར། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས“ཏང་ནི་ཉི་མ་ང་ནི་མེ་ཏོག་ཡིན། བྱིས་པའི་སེམས་ཀྱིས་ཚོགས་ཆེན་ཉི་ཤུ་བསུ”ཞེས་པ་བརྗོད་དོན་གཙོ་བོར་བྱས་ཏེ། རྣམ་པ་སྣ་ཚོགས་ཡིན་པའི་དྲ་ལམ་དང་ཡུལ་དངོས་ཀྱི་བརྗོད་དོན་གཙོ་བོའི་བྱེས་སྒོ་སྤེལ་ཞིང་། རྒྱ་ཆེ་བའི་ན་ཆུ་བྱིས་པ་ཚོས་བདེ་ཐང་དང་དགའ་སྤྲོ། དོན་སྙིང་ལྡན་པའི་དུས་ཆེན་ཞིག་རོལ་ཏུ་བཅུག་པ་དང་། སྤྱི་ཚོགས་ཡོངས་སུ་ན་ཆུང་བྱིས་པར་སེམས་ཁུར་གཅེས་སྐྱོང་དང་སྲུང་སྐྱོང་གི་མཁའ་དབུགས་བཟང་པོ་ཆགས་པར་སྐུལ་འདེད་བཏང་། 

“བྱིས་པའི་སེམས་པ་ཏང་ལ་ཕྱོགས། ཚོགས་ཆེན་ཉི་ཤུ་སྤྲོ་བས་བསུ”ཞེས་པའི་ཡིག་གཟུགས་བརྩམས་ཆོས་འགྲེམ་སྟོན་བྱེད་སྒོ་སྤེལ་བ་དང་། ན་ཆུང་བྱིས་པར་སྣེ་ཁྲིད་དེ་ཏང་ལ་དགའ་བ་དང་རྒྱལ་གཅེས་བསམ་པ་སྐྱེད་སྲིང་བྱེད་པ། “དཔེ་ཆ་ཡི་དྲི་བསུང་མཚོ་སྔོན་ལ་ཁྱབ། དཔེ་ཀློག་གི་སྲོལ་བཟང་ཁྱིམ་ཀུན་ཏུ་དར”ཞེས་པའི་ཕ་བུའི་དཔེ་ཀློག་བྱེད་པའི་བརྙན་ཐུང་གཟིགས་འབུལ་བྱ་འགུལ་སྤེལ་ནས། དམངས་ཡོངས་དཔེ་ཀློག་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཕ་བུ་སྤེལ་རེས་ལ་སྟེགས་བུ་བསྐྲུན་ཏེ། དཔེ་ཆའི་དྲི་བསུང་ཁྱབ་པའི་ཁྱིམ་ཚང་གསར་འཛུགས་བྱས། “ལུས་སེམས་སྟོབས་ལྡན་ལུགས་དང་མཐུན། ཕ་བུའི་འཚོ་བ་ལོངས་སུ་སྤྱོད”ཅེས་པའི་ཕ་བུའི་ལུས་རྩལ་སྦྱོང་རྡར་འགྲེམ་གཏོང་བྱེད་སྒོ་སྤེལ་ཏེ། སྤྲོ་སེམས་འཁོལ་བའི་བྱེད་སྒོ་ཁྲོད་ཕ་བུའི་བརྩེ་སེམས་ཇེ་ཟབ་ཏུ་བཏང་བ་དང་། ཚན་རིག་གི་བདེ་ཐང་སྲུང་བའི་ཤེས་བྱ་ཁྱབ་བརྡལ་བཏང་སྟེ། ཁྱིམ་ཚང་གི་བདེ་ཐང་ཆུ་ཚད་མཐོར་བཏེགས། “གོས་དཀར་ཅན་ལགས། ངས་ཁྱོད་ལ་འདི་ལྟར་བརྗོད་འདོད”ཅེས་པའི་འགྲེམ་གཏོང་བྱེད་སྒོ་སྤེལ་ཏེ། ན་ཆུང་བྱིས་པ་ཚོས་སྐད་ཆ་དང་། རི་མོ། རོལ་དབྱངས་སོགས་ཀྱི་རྣམ་པས། སྨན་དོན་ལས་སྒྲུབ་པར་བཀའ་དྲིན་ཞུ་བའི་བསམ་པ་སྟོན་པར་སྣེ་ཁྲིད་དེ། “དྲིན་གཟོའི”ས་བོན་བྱིས་པ་ཚོའི་སེམས་སུ་བཏབ། 

གཞན་ཡང་། ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་ད་དུང“ཁྱིམ་ཚང་སློབ་ཁང”ཞེས་པ་བཙུགས་ཏེ། ཚན་རིག་དང་མཐུན་པའི་ཁྱིམ་ཚང་སློབ་གསོའི་ཤེས་བྱ་ཤུགས་ཆེན་པོས་ཁྱབ་བརྡལ་བཏང་། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་སྤྱོད་བཟང་ཁྱབ་སྒྲོག་ཧུར་ཐག་བྱས། ཁྱིམ་བདག་གིས་ཁྲིམས་ལྟར་ཁྱིམ་ཚང་སློབ་གསོའི་ལས་འགན་དང་ལྟ་རྟོག་འགན་འཁྲི་ལག་ཏུ་བསྟར་བར་སྣེ་ཁྲིད་དགོས། དུས་ཆེན་སྔོན་དུ། གཞིས་སྲུང་བྱིས་པ་དང་། དབང་པོ་སྐྱོན་ཅན་བྱིས་པ། དཀའ་ངལ་ཅན་གྱི་བྱིས་པ་བཅས་འཚམས་འདྲི་རྩ་འཛུགས་བྱས་པ་དང་། ཁོ་ཚོ་ལ་དུས་ཆེན་གྱི་རྟེན་འབྲེལ་སྨོན་ལམ་བསྐྱལ་ཏེ། ཁོ་ཚོར་མེས་རྒྱལ་ཁྱིམ་ཚང་ཆེན་མོའི་དྲོད་ཁོལ་མྱོང་དུ་བཅུག །

རྩོམ་སྒྲིག་པ། : གསང་བདག་རྒྱལ།