ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་ཚོགས་འདུ་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-06-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས1ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གྱི་བརྙན་ལམ་ཚོགས་འདུ་ཟི་ལིང་དུ་འཚོགས་ཤིང་། ཚོགས་ཐོག་ནས་རྒྱལ་ཡོངས་ཏང་གི་ལོ་རྒྱུས་དང་ཡིག་ཚགས་སྡེ་ཁག་གི་འགན་ཁུར་པ་གཙོ་བོའི་ཚོགས་འདུ་དང་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་སྒྲོག་མཐར་ཕྱིན་བྱས་པ་དང་། 2021ལོའི་བྱ་བར་སྤྱི་སྡོམ་བྱས་ཏེ། ད་ལོའི་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཞིང་ཆེན་ཏང་ཨུའི་ལས་བགོས་འགན་གཉེར་ཏང་གི་ལོ་རྒྱུས་བྱ་བའི་མགོ་ཁྲིད་ཚོགས་འདུར་ཞུགས་ནས་གཏམ་བཤད། ཞིང་ཆེན་ཏང་ཨུའི་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གི་འགན་ཁུར་བློ་མཐུན་གཙོ་བོས་བྱ་བའི་སྙན་ཞུ་ཕུལ། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བའི་སྐོར་གྱི་རྣམ་བཤད་གལ་ཆེན་དང་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན། མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་བཅས་ཀྱི་དགོངས་དོན་མཛུབ་སྟོན་དུ་བཟུང་ནས། ཏང་གི་ལོ་རྒྱུས་ཀྱི་རུས་ཏང་ཡིན་པ་རྒྱུན་འཁྱོངས་དང་ཞིབ་འཇུག་བྱ་བར་ཚད་མཐོན་པོས་མཐོང་ཆེན་བྱེད་པ། སྲིད་སྐྱོང་མི་སྐྱོང་རྒྱུན་འཁྱོངས་དང་འགན་ནུས་བྱེད་ནུས་ལེགས་པར་འདོན་པ། རྨང་གཞི་་སྟོབས་ལྡན་པ་དང་རྩ་བ་བརྟན་པ་རྒྱུན་འཁྱོངས་དང་། དཔུང་ཁག་འཛུགས་སྐྱོང་ཇེ་དྲག་ཏུ་བཏང་སྟེ། དུས་རབས་གསར་པའི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་བྱ་བའི་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ལེན་དགོས། 

ཚོགས་ཐོག་ནས། ཞིང་ཆེན་ཡོངས་ཀྱི་ཏང་གི་ལོ་རྒྱུས་དང་ཡིག་ཚགས་སྡེ་ཁག་གིས་ཞིང་ཆེན་ཏང་ཨུའི་ཡང་དག་པའི་མགོ་ཁྲིད་དང་ཀྲུང་དབྱང་ཞིབ་འཇུག་གླིང་གི་སྟོབས་དང་ལྡན་པའི་མགོ་ཁྲིད་འོག ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དངོས་འབེབས་བྱེད་པ་དང་། ཡང་དག་པའི་ཏང་གི་ལོ་རྒྱུས་ལྟ་བ་འཛུགས་པ། གཞུང་དྲང་དང་ལས་བཀུར། རང་རྟོན། ཆོག་ཤེས་བཅས་ཡིན་པའི་ཏང་གི་ལོ་རྒྱུས་མི་སྣའི་སྤྱོད་ལམ་ཡིད་ལ་དམ་པོར་འཛིན་པ། ཏང་གི་ལོ་རྒྱུས་མི་སྣ་ལེགས་པོར་བྱེད་པ་དང་། ཏང་གི་ལོ་རྒྱུས་ལས་དོན་ཡག་པོ་སྒྲུབ་པ། ཏང་གི་ལོ་རྒྱུས་ཀྱི་གཏམ་ལེགས་པར་བརྗོད་པ། ཏང་གི་ལོ་རྒྱུས་བྱ་གཞག་དར་རྒྱས་ཡག་པོ་གཏོང་བ་བཅས་ཀྱི་དམིགས་འབེན་ལ་དམིགས་ཏེ། ཆེ་ཕྱོགས་ལ་ཞབས་ཞུ་དང་། ཏང་གི་ལོ་རྒྱུས་ཞིབ་འཇུག སྲིད་སྐྱོང་མི་གསོ། རང་ལུས་འཛུགས་སྐྱོང་། ཏང་གི་ལོ་རྒྱུས་ལས་དོན་འཛུགས་སྐྲུན་གྱི་ཆེ་ཕྱོགས་ཁྲོད། གསར་འབྱེད་གསར་གཏོད་དང་། འགན་འཁྲི་ཁུར་ལེན། དཔའ་སྤོབས་ཆེན་པོས་མདུན་སྐྱོད། བྱས་རྗེས་འཇོག་ཅིང་བྱ་གཞག་འཛུགས་པ། བྱེད་ཐབས་དངོས་དང་གྲུབ་འབྲས་བཟང་པོ། སྤྱོད་ཚུལ་ནན་མོ་བཅས་ལ་བརྟེན་ནས། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་ལས་དོན་གྱི་རྣམ་པ་གསར་པ་མུ་མཐུད་དུ་གསར་འབྱེད་བྱས་ཏེ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་ལ་ཏང་གི་ལོ་རྒྱུས་ཀྱི་གཟི་འོད་སྣོན་དགོས། 

ས་གནས་སོ་སོ་ལས་བགོས་འགན་གཉེར་བྱས་པའི་ཏང་གི་ལོ་རྒྱུས་ལས་དོན་འགན་ཁུར་པ་དང་ཏང་གི་ལོ་རྒྱུས་ལས་བྱེད་པ་ཡན་ལག་གི་ཚོགས་རར་ཚོགས་འདུ་ལ་ཞུགས། ཟི་ལིང་གྲོང་ཁྱེར་དང་མཚོ་ལྷོ་ཁུལ་ཏང་གི་ལོ་རྒྱུས་སྡེ་ཁག་དང་། ཧུའུ་ཀྲུའུ་དང་པདྨ་རྫོང་ཨུའི་གཙོ་འགན་ལས་གཉེར་ཏང་གི་ལོ་རྒྱུས་འགན་ཁུར་པས་བརྗེ་རེས་གཏམ་བཤད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།