མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་གནང་བའི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་གཏོང་ཡོང་གི་སྔོན་རྩིས་བབ་མཚུངས་ཀྱི་ལེགས་སྒྲིག་བྱེད་པའི་སྐོར་གྱི་སྙན་ཞུ》ཡི་གྲོས་ཆོད།

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཆོག་མཆན་གནང་བའི《མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི2022ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་གཏོང་ཡོང་གི་སྔོན་རྩིས་བབ་མཚུངས་ཀྱི་ལེགས་སྒྲིག་བྱེད་པའི་སྐོར་གྱི་སྙན་ཞུ》ཡི་གྲོས་ཆོད།

(2022ལོའི་ཟླ6པའི་ཚེས1ཉིན་མཚོ་སྔོན་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་གསུམ་པའི་སྟེང་གྲོས་འཆམ་བྱུང)

མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་སོ་གསུམ་པའི་སྟེང་ཞིང་ཆེན་ནོར་སྲིད་ཐིང་གི་ཐིན་ཀྲང་བློ་མཐུན་ཧྥེང་ཀྲི་ཀང་གིས་ཞིང་ཆེན་མི་དམངས་སྲིད་གཞུང་གི་མངགས་བཅོལ་ལྟར《2022ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་གཏོང་ཡོང་གི་སྔོན་རྩིས་བབ་མཚུངས་ཀྱི་ལེགས་སྒྲིག་བྱེད་པའི་སྐོར་གྱི་སྙན་ཞུར》ཉན་པ་དང་། ཞིང་ཆེན་མི་དམངས་སྲིད་གཞུང་གིས་བཏོན་པའི2022ལོའི་ཞིང་ཆེན་རིམ་པའི་སྔོན་རྩིས་ལེགས་སྒྲིག་ཇུས་གཞིར་ཞིབ་བཤེར་བྱས་ཤིང་། ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་ནོར་སྲིད་དཔལ་འབྱོར་ཨུ་ཡོན་ལྷན་ཁང་གིས་བཏོན་པའི་ཞིབ་བཤེར་མཇུག་འབྲས་ཀྱི་སྙན་ཞུར་མོས་མཐུན་བྱུང་། ཚོགས་འདུའི་སྟེང《2022ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམས་སྤེལ་དང་གཏོང་ཡོང་སྔོན་རྩིས་ལེགས་སྒྲིག་བྱེད་པའི་སྐོར་གྱི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་སྙན་ཞུར》ཆོག་མཆན་ཐོབ་ནས། ཞིང་ཆེན་ཡོངས་དང་མཚོ་སྔོན་ཞིང་ཆེན་གྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ལེགས་སྒྲིག་འོས་འཚམ་བྱ་རྒྱུའི་གཏན་འབེབས་བྱས་པ་རེད། །

རྩོམ་སྒྲིག་པ། བདེ་ལེགས་མཚོ།

དཔྱད་མཆན 0 ཡོད།