ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བའི་སྐབས་བཅུ་གསུམ་པའི་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་སྐོར་གྱི་གྲོས་ཆོད།

ཉིས་སྟོང་ཉེར་གཉིས་ལོའི་ཟླ་ལྔ་བའི་ཚེས་ཉེར་དྲུག་ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་རྒྱས་འཛོམས་གྲོས་ཚོགས་ཐེངས་བཞི་པའི་སྟེང་གྲོས་འཆམ་བྱུང་།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་བས་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ་ལ་བཤེར་ཞིབ་དང་ཆོག་མཆན་བཀོད། གྲོས་ཚོགས་ཀྱིས་ཞིང་ཆེན་སྐབས་བཅུ་གསུམ་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་བྱ་བར་ཁས་ལེན་གང་ལེགས་གནང་།

གྲོས་ཚོགས་སྟེང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་ལ། ཞིང་ཆེན་ཡོངས་ཀྱི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་སྐུལ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་སྔར་ལས་མཐུན་སྒྲིལ་དམ་ཟབ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་འཛུབ་སྟོན་དུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་སྟོབས་ལྡན་མགོ་ཁྲིད་འོག སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་འཛུབ་སྟོན་གལ་ཆེན་གྱི་དགོངས་པ་དོན་འཁྱོལ་དང་། ཏང་ཀྲུང་དབྱང་དང་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བླང་བྱ་དོན་འཁྱོལ་ནན་མོ་བྱེད་པ། བརྟན་ཚུགས་གཉིས་ཀྱི་ཐག་གཅོད་རང་བཞིན་ལ་གོ་བ་ཟབ་མོ་ལེན་པ་དང་། འདུ་ཤེས་བཞི་ཇེ་དྲག་དང་ཡིད་རྟོག་བཞི་ཇེ་བརྟན། སྲུང་སྐྱོབ་གཉིས་ལེགས་པར་སྒྲུབ་པ། ཏང་ཁྱོན་ཡོངས་ནས་བཅོས་སྐྱོབ་ནན་མོ་བྱེད་པར་ཐོག་མར་ཆབ་སྲིད་སྟེང་བལྟ་བ་དང་། ཏང་ཁྱོན་ཡོངས་ནས་བཅོས་སྐྱོང་ནན་མོ་བྱེད་པའི་ཆེད་དོན་འགན་འཁྲི་དང་ལྟ་སྐུལ་འཛུབ་སྟོན་གྱི་ངེས་གནས་ལ་རྒྱུན་ལོན་གསལ་བོ་བྱས་ལ། ཆབ་སྲིད་ལྟ་སྐུལ་འཛུབ་སྟོན་དང་པོར་བཞག་ནས་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་པའི་རང་རྟོགས་སྔར་ལས་སྲ་བརྟན་དུ་བཏང་། མ་ལག་བཅོས་སྐྱོང་དང་རྩ་ལག་མཉམ་བཅོས་བྱེད་པ་རྒྱུན་འཁྱོངས་བྱེད་པ། རུལ་སུངས་བྱེད་མི་ཕོད་པ་དང་རུལ་སུངས་བྱེད་མི་རུང་བ། རུལ་སུངས་བྱེད་མི་འདོད་པ། རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་རྣམ་གནོན་རང་བཞིན་གྱི་རྒྱལ་ཁ་ལེན་པ་དང་མུ་མཐུད་སྲ་བརྟན་དུ་བཏང་བ་དང་། འབད་བརྩོན་ལྷོད་མེད་ཀྱིས་ཏང་ཀྲུང་དབྱང་གི་གཏན་ཁེལ་བརྒྱད་ཀྱི་དགོངས་དོན་དོན་འཁྱོལ་བྱེད་པ་དང་རྒྱུན་འཁྱོངས་ལྷོད་མེད་ཀྱིས་སྤྱོད་ཚུལ་བཞི་བཅོས་སྐྱོང་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་གྱི་ཕན་འབྲས་མུ་མཐུད་དུ་སྲ་བརྟན་དང་གཏིབ་ཟབ་དུ་གཏོང་བ་དགོས། ཀྲུང་དབྱང་སྐོར་ཞིབ་བྱ་བའི་བྱེད་ཕྱོགས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་སྐོར་ཞིབ་གྱི་འགན་ཡུན་ཁྱོན་ཡོངས་ལ་ཁྱབ་པ་མངོན་འགྱུར་བྱེད་པ། མི་དམངས་ལ་ཕན་ཞིང་མི་དམངས་ཕྱུག་པོར་གཏོང་བའི་སྲིད་ཇུས་དོན་འཁྱོལ་བྱེད་པ་དང་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་དག་ཐེར་བྱས་ནས་མང་ཚོགས་ཀྱི་ཐོབ་ཚོར་དང་བདེ་སྣང་། སྐྱིད་ཚོར་བཅས་མངོན་གསལ་མཐོར་འདེགས་བཏང་། ཏང་གིས་རུལ་སུངས་ལ་ངོ་རྒོལ་བྱེད་པའི་བྱ་བར་གཅིག་གྱུར་སྒོས་མགོ་ཁྲིད་བྱས་པ་དང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་སྒྲིག་སྲོལ་བཅོས་སྒྱུར་བྱེད་པར་མུ་མཐུད་དུ་སྐུལ་འདེད་བཏང་། ལམ་ལུགས་ཀྱི་ལེགས་ཆ་མུ་མཐུད་དུ་བཅོས་སྐྱོང་ཕན་ནུས་སུ་བསྒྱུར་ནས་ཧ་ཅང་གཟབ་ནན་གྱི་ཚད་གཞིས་རང་གི་འཛུགས་སྐྲུན་ལ་ཤུགས་སྣོན་དང་། ཆབ་སྲིད་གཞི་སྤུས་དམ་འཛིན་དང་ལས་རིགས་ནུས་པ་མཐོར་འདེགས་བཏང་ནས་བློ་དཀར་དང་གཙང་གསལ། ཁག་ཁུར་ཡོད་པའི་ཆབ་སྲིད་ངོ་བོ་སྔར་ལས་མངོན་གསལ་དུ་བཏང་། ཞིང་ཆེན་ཡོངས་ཀྱི་ཏང་སྲོལ་སྲིད་གཙང་འཛུགས་སྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་དུས་རིམ་རང་བཞིན་གྱི་ཕན་འབྲས་བླངས་པ་དང་སྤྱོད་གཙང་སྲོལ་བཟང་གི་ཆབ་སྲིད་སྐྱེ་ཁམས་མུ་མཐུད་ཇེ་ལེགས་སུ་སོང་།

ཚོགས་ཆེན་ནས་བསྟན་དོན། དུས་རབས་གསར་བའི་སྒྲིག་ཁྲིམས་ཞིབ་བཤེར་བྱ་བ་སྤུས་ཚད་མཐོན་པོསའཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས་ལ། ངེས་པར་དུ་ཏང་གི་ཁྱོན་ཡོངས་ཀྱི་མགོ་ཁྲིད་རྒྱུན་འཁྱོངས་དང་ཤུགས་སྣོན་པ་དང་། ངེས་པར་དུ་མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས། ངེས་པར་དུ་ཏང་གི་རང་ཉིད་གསར་བརྗེ་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་སྔར་བསླབ་ཕྱི་འདོམས་དང་ནད་བཅོས་མི་སྐྱོབ་བྱེད་དགོས། ངེས་པར་དུ་མ་ལག་འདུ་ཤེས་དང་མ་ལག་བཅོས་སྐྱོང་རྒྱུན་འཁྱོངས་བྱེད་པ། ངེས་པར་དུ་དུས་བསྟུན་མདུན་སྐྱོད་དང་དག་སྲུང་གསར་གཏོད་བྱེད་དགོས།

གྲོས་ཚོགས་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོང་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གི་ཚོགས་ཆེན་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཚང་འཛོམས་གྲོས་ཚོགས་རིམ་བྱུང་གི་དགོངས་དོན་གཏིང་ཟབ་སྒོས་སློབ་སྦྱོང་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་མཇུབ་སྟོན་གལ་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དངོས་འབབ་བྱེད་དགོས། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་རྒྱལ་ཁབ་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་བས་བཀོད་སྒྲིག་རེ་བ་ལག་ལེན་མཐར་ཕྱིན་བྱེད་པ། ཏང་གི་ལོ་བརྒྱའི་ལོ་རྒྱུས་ཀྱི་ཉམས་མྱོང་སྤྱི་བསྡོམ་བྱས་ཏེ་རླབས་ཆེན་ཏང་འཛུགས་སྙིང་སྟོབས་དར་སྤེལ་གཏོང་དགོས། རང་ཉིད་གསར་བརྗེའི་ཆབ་སྲིད་ཀྱི་གནས་ཐིག་ཡུན་དུ་མི་ཉམས་པར་བྱེད་པ། བརྟན་ཐོག་ཡར་འཕེལ་དང་བློ་རྩ་བརྟན་པོས་གཟབ་ནན་གྱི་སྤྱིའི་དགོངས་གཞི་དུས་ཡུན་རིང་བོར་རྒྱུན་འཁྱོངས་བྱེད་དགོས། ཁྱོན་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པ་དང་རུལ་སུངས་བྱེད་མི་ཕོད་པ་དང་བྱེད་མི་རུང་བ། བྱེད་མི་འདོད་པ་བཅས་ཀྱི་གཅིག་གྱུར་རང་བཞིན་ལ་སྐུལ་འདེད་བྱས་ཏེ་བློ་ཐག་རྦད་ཆོད་སྒོས་ཏང་སྲོལ་སྲིད་གཙང་འཛུགས་བསྐྲུན་དང་རུལ་སུངས་ལ་ངོ་རྒོལ་བྱེད་པའི་མཁྲེགས་གཏོར་དམག་འཐབ་དང་རྒྱུན་སྲིང་དམག་འཐབ་བཟང་བོར་རྒྱག་དགོས། ཆབ་སྲིད་ཀྱི་ངོས་ནས་བལྟ་བ་དང་ཆབ་སྲིད་ངོས་ནས་འཛིན་པའི་ལྟ་བ་རྒྱུན་འཁྱོངས་བྱས་ཏེ་ཏང་གི་མཐུན་སྒྲིལ་གཅིག་གྱུར་སྲུང་སྐྱོབ་བྱེད་པ་དང་། ཏང་སྲོལ་སྲིད་གཙང་གི་ཆབ་སྲིད་ཁོར་ཡུག་ལེགས་པོར་བསྐྲུན་དགོས། གཙོ་གནད་འབུར་ཐོན་དང་། གཅིག་གྱུར་འཆར་འགོད་དང་ཕྱོགས་ཡོངས་ལྟ་རྟོག་རྒྱུན་འཁྱོངས་བྱས་ཏེ་ལྟ་སྐུལ་ནུས་པ་དྲག་པོས་འཕེལ་རྒྱས་ལ་སྐུལ་འདེད་དང་ཉེན་ཁ་སྔོན་འགོག་བྱས་ནས། བརྟན་འཇགས་བདེ་ཐང་གི་དཔལ་འབྱོར་ཁོར་ཡུག་བསྐྲུན་དགོས། མི་དམངས་བླ་ན་མེད་པ་དང་། ཁག་ཁུར་དངོས་སྒྲུབ་བྱེད་པ་རྒྱུན་འཁྱོངས་བྱས་ཏེ། ལྟ་སྐུལ་ནུས་ཤུགས་དྲག་པོས་མང་ཚོགས་ཀྱི་ཁེ་ཕན་ལ་སྲུང་སྐྱོབ་དང་རྒྱལ་དར་དམངས་བདེ་ཡི་སྤྱི་ཚོགས་ཁོར་ཡུག་རྒྱུན་འཁྱོངས་བྱེད་དགོས་པའི་རེ་བ་བཏོན།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལས་ཁུངས་དེ་ཏང་ནང་ཁུལ་གྱི་ལྟ་སྐུལ་འགན་ལེན་ལས་ཁུངས་ཡིན་པའི་ཆ་ནས། དུས་ནམ་ཡང་བརྟན་ཚུགས་གཉིས་སྲུང་སྐྱོབ་དང་། སྲུང་སྐྱོབ་གཉིས་ངེས་པར་དུ་སྒྲུབ་ཐུབ་པ་བྱེད་དགོས་ལ། བདེ་འཇགས་གསུམ་སྲུང་སྐྱོབ་བྱེད་པའི་ཆབ་སྲིད་འགན་འཁྲི་ལྕི་མོ་ངེས་པར་དུ་ཁུར་ཐུབ་པ་བྱས་ནས། ལས་འགན་གལ་ཆེན་ལྔ་དངོས་འབེབས་ནན་ཏན་དང་། ལྟ་སྐུལ་འགན་སྲུང་ལག་བསྟར་བྱེད་ནུས་དང་། འཕེལ་རྒྱས་ལེགས་བཅོས་ལ་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས། བློ་བརྟན་འགྱུར་མེད་ངང་ཆབ་སྲིད་ལྟ་སྐུལ་བྱ་བ་ལས་འགན་ཐོག་མ་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུངས་བཤད་གལ་ཆེན་དང་། མཛུབ་སྟོན་དགོངས་དོན་གལ་ཆེན། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་དང་བསྟུན་ཏེ། མཚོ་སྔོན་ནས་རིམ་པ་བཞིན་དངོས་འབེབས་དང་། རེ་རེ་བཞིན་དོན་འཁྱོལ། གྲུབ་འབྲས་གསལ་སྟོན་ཐུབ་པར་ཁག་ཐེག་བྱེད་དགོས། རུལ་སུངས་བྱེད་མི་ཕོད་པ་དང་། རུལ་སུངས་བྱེད་མི་ཉན་པ། རུལ་སུངས་བྱེད་མི་འདོད་པའི་གཅིག་གྱུར་རང་བཞིན་ལ་སྐུལ་འདེད་ནན་མོ་བཏང་སྟེ། རུལ་སུངས་ལ་རྒོལ་བའི་ཟིལ་གནོན་རང་བཞིན་གྱི་འཐབ་རྩོད་རྒྱལ་ཁ་ཕྱོགས་ཡོངས་ནས་སྲ་བརྟན་དང་འཕེལ་རྒྱས་སུ་བཏང་ནས། ཆབ་སྲིད་སྐྱེ་ཁམས་ཀྱི་ཁོར་ཡུག་དྭངས་ཤིང་གཙང་བར་བྱེད་དགོས། ཀྲུང་དབྱང་གི་གཏན་འབེབས་བརྒྱད་བློ་བརྟན་འགྱུར་མེད་ཀྱིས་ཇེ་བརྟན་དུ་གཏོང་བ་དང་། སྤྱོད་པ་དང་རུལ་སུངས་མཉམ་དུ་བཅོས་སྐྱོང་གཏིང་ཟབ་བྱེད་པའི་བཟློག་མེད་ཀྱི་ལམ་དུ་བསྐྱོད་དེ། བྱེད་ཕྱོགས་བཟང་པོ་དུས་རབས་གསར་བ་ནས་དར་སྤེལ་དང་། བསྐྱོད་ལམ་གསར་བའི་སྣེ་ཁྲིད་བྱེད་དགོས། ཆབ་སྲིད་གཟིགས་ཞིབ་སྐོར་ཞིབ་ཀྱི་བླང་བྱ་བློ་བརྟན་འགྱུར་མེད་ཀྱིས་དངོས་འབེབས་བྱས་ཏེ། ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་དང་། ལྟ་སྐུལ་དབང་གྲགས་རང་བཞིན་དང་། ཟིལ་གནོན་རང་བཞིན། སྐུལ་འདེད་ནུས་ཤུགས་བཅས་མུ་མཐུད་དུ་ཇེ་དྲག་ཏུ་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་མི་དམངས་ཀྱི་མཛེས་སྡུག་འཚོ་བའི་རེ་བ་དེ་འབད་བརྩོན་དམིགས་འབེན་དུ་བྱས་ནས། མང་ཚོགས་ཀྱི་ཁེ་ཕན་ལ་གནོད་པའི་རུལ་སུངས་དང་བྱེད་ཕྱོགས་གནད་དོན་དག་ཐེར་མཐའ་འཁྱོལ་བྱེད་པ་དང་། སྤྱོད་པ་གཙང་ཞིང་སྒྲིག་ལམ་དམ་པའི་སྒོ་ནས་དྲང་བཞག་དྲང་བདེན་དང་། མཉམ་དུ་ཕྱུག་པོར་འགྱུར་པར་སྐུལ་འདེད་གཏོང་དགོས། བློ་བརྟན་འགྱུར་མེད་ཀྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་མ་ལག་བཅོས་བསྒྱུར་གཏིང་ཟབ་དུ་བཏང་ནས། མ་ལག་གཅིག་བསྡུས་ཀྱི་རྣམ་པ་དང་། མཐུན་སྦྱོར་ཕན་མཐོའི་ལྟ་སྐུལ་མ་ལག་གྲུབ་པར་སྐུལ་འདེད་གཏོང་དགོས། ཚད་ལྡན་ཅན་དང་། ཁྲིམས་སྐྱོང་ཅན།  ཚུལ་མཐུན་ཅན་གྱི་ཆུ་ཚད་མུ་མཐུད་དུ་མཐོར་འདེགས་གཏོང་དགོས། དཔུང་ཁག་འཛུགས་བསྐྲུན་བྱེད་ཤུགས་བློ་བརྟན་འགྱུར་མེད་ཀྱིས་ཇེ་དམ་ཇེ་ནན་དུ་བཏང་སྟེ། དེང་རབས་ཅན་འཛུགས་བསྐྲུན་ལ་ཁག་ཁུར་བྱེད་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་ཧྲག་དམག་ཅིག་ནུས་ཤུགས་ཆེན་པོས་བསྐྲུན་ནས། དུས་ནམ་ཡང་ཏང་དང་མི་དམངས་ཀྱི་བློ་དཀར་དཔའ་བོ་བྱས་ཏེ། ལྗང་མདོག་འཕེལ་རྒྱས་དང་། སྐྱེ་ཁམས་ལེགས་པོ། གསར་གཏོད་སྒོ་འབྱེད་། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་སྲོལ་གཙང་གི་དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་བསྐྲུན་བྱེད་པར་ཆབ་སྲིད་འགན་སྲུང་དྲག་པོ་འདོན་སྤྲོད་བྱེད་དགོས།

རྩོམ་སྒྲིག་པ། མཁའ་འགྲོ་ཚེ་བརྟན།

དཔྱད་མཆན 0 ཡོད།