ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར་རྟེན་འབྲེལ་ཞུ་བའི་ཤིས་འཕྲིན།

ན་ཆུང་གྲོགས་པོ་ཚོ།

དེ་རིང་ནི“དྲུག་གཅིག”རྒྱལ་སྤྱིའི་བྱིས་པའི་དུས་ཆེན་ཡིན་ཞིང་། རིམས་ནད་འགོག་སྡོམ་གྱི་དབང་གིས་ང་ཚོས་རྟེན་འབྲེལ་ཤིས་འཕྲིན་གྱི་རྣམ་པས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ནས་ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པ་ཚོར་དུས་ཆེན་གྱི་རྟེན་འབྲེལ་ཞུས་པ་ཡིན། 

གྲོལ་མ་ཐག་པའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ལས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་ཁྲིད་གནང་བའི་ཕྱོགས་སུ་བློ་བརྟན་མེད་ཀྱིས་མདུན་དུ་བསྐྱོད་དེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་དགོས། ན་ཆུང་བྱིས་པ་ནི་མེས་རྒྱལ་གྱི་མེ་ཏོག་དང་། མི་རིགས་ཀྱི་རེ་བ། རྒྱལ་ཁབ་ཀྱི་མ་འོངས་པ་བཅས་ཡིན་པས། དེ་རིང་ཁྱོད་ཚོ་ནི་བྱིས་བློ་ཏང་ལ་ཕྱོགས་པའི་ན་ཆུང་གདོང་ལེན་རུ་མི་ཡིན་ལ། སང་ཉིན་ནི་ཁྱོད་ཚོ་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པའི་སྟོབས་ཤུགས་གསར་པར་འགྱུར་ངེས། ཁྱོད་ཚོས་དུས་དང་རྣམ་པ་ཀུན་ཏུ་ཏང་ལ་དགའ་བ་དང་། མེས་རྒྱལ་ལ་དགའ་བ། མི་དམངས་ལ་དགའ་བ། ཆུང་དུས་ནས་ཕུགས་བསམ་ལ་སྙེག་པ་དང་སྤྱོད་ལམ་སྦྱོང་བའི་སྒོ་ནས། དུས་གཏན་དུ་ཏང་གི་བཀའ་ལ་མཉན་པ་དང་ཏང་གི་རྗེས་འབྲང་བའི་དུས་རབས་གསར་པའི་ན་ཆུང་བྱིས་པ་བཟང་པོ་ཞིག་བྱེད་དགོས། ཁྱོད་ཚོས་སློབ་སྦྱོང་བཟང་པོ་བྱས་ནས་ཉིན་རེར་ཡར་ཐོན་འབྱུང་བ་དང་། དགའ་སྤྲོ་དང་བདེ་ཐང་གི་ནར་སོན་ཁྲོད་ཀུན་སྤྱོད་དང་རིག་སྟོབས། མཛེས་དཔྱོད། ལུས་རྩལ་བཅས་ཕྱོགས་ཡོངས་འཕེལ་རྒྱས་མངོན་འགྱུར་བྱས་ཏེ། སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ཚད་ལྡན་འཛུགས་སྐྲུན་པ་དང་བློས་འཁེལ་རྒྱུན་འཛིན་པ་བཟང་པོ་ཞིག་བྱེད་དགོས་པར་མ་ཟད། ཁྱོད་ཚོས་དགེ་རྒན་ལ་བརྩི་བཀུར་དང་། ཕ་མར་བཀུར་བསྟི། ཡར་བརྩོན་དགེ་སྙེག གུས་ལུགས་གཞུང་དྲང་བཅས་རྟོགས་པར་བྱས་ཏེ། དྲིན་གཟོའི་སེམས་དང་དཔའ་མཛངས་རྟུལ་ཕོད་ཀྱི་བློ་ཕུགས་བརྟན་པོས་མཛེས་སྡུག་ལྡན་པའི་སང་ཉིན་གསར་སྐྲུན་བྱེད་དགོས། 

རིམས་ནད་འགོག་སྡོམ་གྱི་དམིགས་བསལ་དུས་སྐབས་སུ། ཁྱོད་ཚོ་ཁྱིམ་དུ་བསྡད་དེ་དྲ་ལམ་ནས་སློབ་སྦྱོང་བྱས་པས། སྦྱོང་ཚན་ལ་ཤུགས་རྐྱེན་མི་ཐེབས་པར་ཁག་ཐེག་བྱས་པར་མ་ཟད། རིམས་ནད་འགོག་སྡོམ་ལ་རང་ཉིད་ཀྱི་བྱས་རྗེས་བཞག་ཡོད། ཁྱོད་ཚོ་ཚང་མ་བྱིས་པ་ཡ་རབས་དང་སློབ་མ་བཟང་པོ་ཡིན། ཁྱོད་ཚོས་འཕྲོད་བསྟེན་གྱི་གོམས་གཤིས་ལེགས་པོ་གསོ་སྐྱོང་དང་། ལུས་ཕུང་སྦྱོང་བརྡར་བཟང་པོ་བྱས་ནས། མིག་དབང་ལ་སྲུང་སྐྱོབ་ཡག་པོ་བྱས་ཏེ། ཆེས་ལེགས་པའི་ཉམས་འགྱུར་གྱིས་སློབ་གྲྭར་ལོག་ནས་སློབ་སྦྱོང་གི་འཚོ་བ་རོལ་བར་གྲ་སྒྲིག་བྱེད་དགོས། 

ཞིང་ཆེན་ཡོངས་ཀྱི་ན་ཆུང་བྱིས་པ་ཚོའི་ལུས་ཕུང་བདེ་ཐང་དང་སློབ་སྦྱོང་ཡར་སྐྱེད་ཡོང་བར་སྨོན། 

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་། 

མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཝུའུ་ཞའོ་ཅུན། 

2022ལོའི་ཟླ6པའི་ཚེས1ཉིན། 

རྩོམ་སྒྲིག་པ། གསང་བདག་རྒྱལ།

དཔྱད་མཆན 0 ཡོད།