མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་ཏང་ཙུའུ་ཡིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བྱ་བ་བཀོད་སྒྲིག་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གཞུང་སྒྲུབ་ཐིང་ཏང་ཙུའུ་ཡིས་གྲོས་ཚོགས་འཚོགས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་པ་མ་ཟད། ལག་བསྟར་དོན་འཁྱོལ་གྱི་བྱ་བ་བཀོད་སྒྲིག་བྱས།

ཚོགས་འདུའི་སྟེང་བསྟན་དོན། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་བསྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཤིན་ཏུ་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་ཡིན། ཐིང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་ནི་མིག་སྔར་དང་རྗེས་ཕྱོགས་ཀྱི་དུས་སྐབས་རིང་གི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་དང་། “སྲུང་སྐྱོང་གཉིས”ལག་བསྟར་བྱེད་པའི་ཞིབ་ཕྲའི་ལག་ལེན་དུ་བརྩིས་ཏེ་སློབ་སྦྱོང་བཟང་པོ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ལས་དོན་བཟང་པོ་སྒྲུབ་པ། ལག་བསྟར་དོན་འཁྱོལ་བཟང་པོ་བྱེད་པ་བཅས་བྱེད་དགོས། དགོངས་དོན་གྱི་ངོ་བོ་དང་ནང་དོན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་བརྟེན་ནས་བསམ་བློ་གཅིག་གྱུར་དང་བྱ་སྤྱོད་གཅིག་གྱུར། བློ་སྟོབས་གཅིག་གྱུར་བཅས་ཡོང་བ་བྱེད་དགོས། སློབ་སྦྱོང་དང་དྲིལ་བསྒྲགས། ལག་བསྟར་བཅས་ཀྱི་ཚ་རླབས་ཤིག་མགྱོགས་མྱུར་གྱིས་འཕྱུར་བར་བྱས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་པའི་བརྒྱུད་རིམ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་ལས་དོན་ལ་གནང་བའི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་གོ་བ་གཏིང་ཟབ་ལེན་པའི་བརྒྱུད་རིམ་དུ་འགྱུར་བར་བྱེད་དགོས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་བཏོན་པའི“ངེས་པར་དུ་རྒྱུན་འཁྱོངས་དགོས་པ་བདུན”གྱི་རྩ་ཆེའི་ཉམས་མྱོང་དང“དེང་རབས་ཅན་གྱི་མཚོ་སྔོན་གསར་པ་དྲུག”གི་དམིགས་ཚད་དང“བློ་བརྟན་འགྱུར་མེད་བརྒྱད”ཀྱི་གཙོ་གནད་ལས་འགན་ལ་བརྟེན་ནས་སྤུས་ལེགས་དང་ཕན་འབྲས་ཆེ་བའི“ཞབས་ཞུ་གསུམ”ལ་བརྟེན་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་ལས་དོན་གྱི་བླང་བྱ་དོན་འཁྱོལ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་དགོས། ཏང་གི་ཆབ་སྲིད་འཛུགས་སྐྱོང་གིས་སྤྱི་འདོམས་བྱས་ཏེ་ཆབ་སྲིད་ལས་ཁུངས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་ལ་ནན་གྱིས་ཤུགས་བསྣན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཀྱི་མཚོ་སྔོན་གྱི་ལེའུ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་འབུལ་འོས་པའི་ལེགས་སྐྱེས་འབུལ་དགོས། །

རྩོམ་སྒྲིག་པ། ཀླུ་འབུམ་ཚེ་རིང་།

དཔྱད་མཆན 0 ཡོད།