ཀྲུང་གོ་བོད་ཀྱི་དྲ་བ།

དབྱང་ཀྲི་ཝུན་གྱིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བརྟན་འཇགས་སུ་གཏོང་བའི་བྱ་བའི་གྲོས་ཚོགས་སྟེང་གཏམ་བཤད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5བའི་ཚེས30ཉིན། ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བརྟན་འཇགས་སུ་གཏོང་བའི་བྱ་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བསྡུས། གྲོས་ཚོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ལས་ཞུགས་བྱ་བའི་དགོངས་པ་གལ་ཆེན་ལག་ལེན་མཐར་ཕྱིན་བྱས་པ་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་གྲོས་ཚོགས་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་གཞི་རྐང་བརྟན་པོར་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་བཅས་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བརྟན་འཇགས་ཡོང་བའི་བྱ་བའི་འོས་འགན་གཙོ་བོ་བཀོད་སྒྲིག་བྱས།  ཧྲིན་ཀྲང་གཞོན་པ་དབྱང་ཀྲི་ཝུན་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད།

དབྱང་ཀྲི་ཝུན་གྱིས་བསྟན་དོན། དཔལ་འབྱོར་བརྟན་འཇགས་ཡོང་དགོས་ན་ལས་ཞུགས་བརྟན་འཇགས་ཡོང་དགོས་ལ། ལས་ཞུགས་ལ་ཁག་ཐེག་བྱེད་པ་ནི་དམངས་ཚིས་ལ་ཁག་ཐེག་བྱེད་པ་ཡིན། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་དག་གིས་སྔར་ལས་ལྷག་པའི་སྒོ་ནས་ཆབ་སྲིད་ཀྱི་ལང་གནས་མཐོར་འདེགས་བཏང་སྟེ། དོན་དངོས་ཀྱིས་ད་ལོའི་ལས་ཞུགས་བརྟན་འཇགས་དང་ལས་ཞུགས་ཁག་ཐེག་གི་འགན་འཁྲིའི་འདུ་ཤེས་དང་དགོས་གལ་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། ཐོག་མཐའ་བར་གསུམ་ཏུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་རྒྱུན་འཁྱོངས་བྱེད་དགོས། ལས་ཞུགས་དམ་འཛིན་འཐབ་ཇུས་གཏིང་ཟབ་སྒོས་ལག་བསྟར་བྱེད་དགོས་པ་དང་། ལས་རྐང་བརྟན་པ་དང་ལས་ཞུགས་རྒྱ་བསྐྱེད་པ་གཉིས་གལ་ཆེན་ཡིན་པ་རྒྱུན་འཁྱོངས་བྱེད་དགོས། ཁྱོན་ཡོངས་ནས་ལས་ཞུགས་ལས་སྐྲུན་ལ་གྲུབ་འབྲས་ལོན་པར་སྐུལ་འདེད་གཏོང་བ་དང་ཐབས་བརྒྱ་ཇུས་སྟོང་གིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་རྣམ་པ་སྤྱིའི་ཆ་ནས་རྒྱུན་མཐུད་སྒོས་གཏན་འཇགས་ཡོང་བར་ཁག་ཐེག་བྱ་དགོས། དཀའ་ཁག་སེལ་བའི་སྲིད་ཇུས་བྱེད་ཐབས་དངོས་འབེབས་ནན་མོ་བྱས་ནས་ཚོང་ར་གཙོ་བོ་བརྟན་འཇགས་ཡོང་བ་དང་ལས་ཞུགས་ལས་གནས་བརྟན་འཇགས་ཡོང་བར་བྱེད་དགོས།

མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་ཞིང་ལས་པ། དམག་ཁུངས་ནས་ཕྱིར་ལོག་པའི་དམག་མི། ལས་ཞུགས་ཐད་དཀའ་ཁག་ཡོད་པའི་མི་སྣ་སོགས་གཙོ་གནད་མི་ཚོགས་ཀྱི་ལས་ཞུགས་གནད་དོན་གཙོར་བཟུང་སྟེ་ལས་ཤོར་མི་སྣའི་ཡོང་སྒོར་ཁག་ཐེག་བྱེད་དགོས། ལས་རིགས་དང་ཁེ་ལས་ཀྱི་དགོས་མཁོར་འབྲེལ་མཐུད་བཟང་བོ་བྱས་ཏེ་ལས་རིགས་ལག་རྩལ་གྱི་ཟབ་སྦྱོང་གི་ཕན་འབྲས་མཐོར་འདེགས་དང་ངལ་རྩོལ་པའི་ལས་ཞུགས་ནུས་པ་མཐོར་འདེགས་གཏོང་དགོས།  ལས་ཞུགས་ཁྲོམ་རའི་ཁྲིམས་འཛིན་ལྟ་སྐུལ་ནུས་པར་ཤུགས་སྣོན་པ་དང་ངལ་རྩོལ་འབྲེལ་བའི་འགལ་བ་དུས་ལྟར་ཐག་གཅོད་བྱས་ཏེ་ཤུགས་ཡོད་ཀྱིས་ངལ་རྩོལ་པའི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོབ་བྱེད་དགོས།  རྩ་འཛུགས་འགོ་ཁྲིད་ལ་ཤུགས་སྣོན་དང་བྱ་བའི་འོས་འགན་དངོས་འབེབས། ཞབས་ཞུའི་འགན་སྲུང་ཇེ་ལེགས་སུ་གཏོང་བ། དཔྱད་ཞིབ་ལྟ་སྐུལ་ནན་མོ་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་བྱ་བའི་དམིགས་འབེན་ལས་འགན་དག་སྤུས་ཚད་མཐོ་བའི་ངང་ཡོངས་འགྲུབ་བྱས་ཏེ་དོན་དངོས་ཀྱི་འགུལ་སྐྱོད་སྟེང་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།