ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་རྒན་གསོའི་བསླུ་བྲིད་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་ལ་སྐུལ་འདེད་བཏང་།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མིག་སྔར། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁྱབ་ཁོངས་སུ་དུས་ཡུན་ཟླ6གི་རྒན་གསོའི་བསླུ་བྲིད་གཏོང་བའི་བྱ་སྤྱོད་ལ་རྡུང་རྡེག་གཏོང་བ་དང་བཅོས་སྒྲིག་བྱེད་པའི་ཆེད་དོན་འགུལ་སྐྱོད་སྤེལ་བཞིན་ཡོད་པ་དང་། ཐེངས་འདིའི་ཆེད་དོན་འགུལ་སྐྱོད་ནང་རྒན་གསོའི་ཞབས་ཞུ་མཁོ་འདོན་དང་། རྒན་གསོའི་རྣམ་གྲངས་ལ་མ་དངུལ་འཇོག་པ། རྒན་གསོའི་ཐོན་རྫས་བཙོང་བ། རྒན་གསོའི་འགན་བཅོལ་ཚབ་སྒྲུབ་བྱེད་པ་སོགས་ཀྱི་མིང་ཐོག་ནས་སྤེལ་བའི་ཁྲིམས་འགལ་ངང་མ་དངུལ་བསྡུ་རུབ་དང་བསླི་བྲིད་གཏོང་བ་སོགས་ཀྱི་ཉེས་གསོག་སྣ་ཚོགས་ལ་རྡུང་རྡེག་གཏོང་རྒྱུ་རེད། 

རྒྱུས་ལོན་པ་ལྟར་ན། ཁྲིམས་འགལ་ཉེས་གསོག་བྱ་སྤྱོད་སྣ་ཚོགས་ལ་རྡུང་རྡེག་གཏོང་བ་ལས་གཞན། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་ཁོངས་གཏོགས་ཀྱིས་ཐེངས་འདིའི་ཆེད་དོན་འགུལ་སྐྱོད་དེ་གོ་སྐབས་སུ་བཟུང་ནས། རྒན་པར་མགོ་སྐོར་གཏོང་བར་ངོ་རྒོལ་བྱེད་པའི་དྲིལ་བསྒྲགས་ལས་ཁུངས་དང་སྡེ་ཁུལ། ཁྱིམ་ཚང་བཅས་སུ་སྤེལ་བར་སྐུལ་འདེད་བཏང་ནས། མགོ་སྐོར་དང་གཡོ་ལེན་ཐེབས་པའི་ནུས་པ་མཐོར་འདེགས་སུ་བཏང་སྟེ། མགོ་སྐོར་གཏོང་མི་ཕོད་པ་དང་། མགོ་སྐོར་དང་གཡོ་ལེན་བྱེད་མི་ཐུབ་པ་བཅས་ཀྱི་སྤྱི་ཚོགས་ཀྱི་རྣམ་པ་བཟང་པོ་ཞིག་ཆགས་སུ་འཇུག་དགོས། དེ་དང་ཆབས་ཅིག་རྒན་གསོའི་ཞབས་ཞུའི་བསླུ་བྲིད་གཏོང་བའི་ཆེད་དོན་བྱ་སྤྱོད་ལ་རྡུང་རྡེག་དང་། རྒན་གསོའི་སྒྲིག་གཞིའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་། རང་ཉིད་ཀྱིས་ལས་པའི་སྡོད་ཁང་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ཟུང་འབྲེལ་དམ་ཟབ་དང་། སྤྱི་འདོམས་སྐུལ་འདེད་བཏང་ནས་ཕྱོགས་ཡོངས་ནས་རྒན་གསོའི་ཞབས་ཞུའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་རེད། 

ཆེད་དོན་འགུལ་སྐྱོད་སྤེལ་བ་བརྒྱུད། ཞིང་ཆེན་ཡོངས་ཀྱི་དམངས་སྲིད་སྡེ་ཁག་གིས་རྒན་གསོའི་ཞབས་ཞུ་དང་འབྲེལ་བ་ཡོད་པའི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གྱི་འབྱུང་རྩར་གསལ་རྟོགས་བྱུང་སྟེ། ཐོ་འགོད་མ་བྱས་པར་རང་དགར་རྒན་གསོའི་ཞབས་ཞུའི་མིང་ཐོག་ནས་བྱེད་སྒོ་སྤེལ་ས་སྐོར་ཞིག་ཞིབ་བཤེར་ཐག་གཅོད་བྱས། ཁྲིམས་འགལ་གྱིས་མ་དངུལ་བསྡུ་རུབ་དང་བསླུ་བྲིད་གཏོང་བའི་གནད་དོན་གྱི་མངོན་མེད་རྐྱེན་ངན་གྱི་རྒན་གསོའི་ཞབས་ཞུའི་སྒྲིག་གཞི་དང་ས་ཆ་སྐོར་ཞིག་བཅོས་སྒྲིག་བྱས་ནས། སྤྱི་བདེ་སོགས་སྡེ་ཁག་ལ་གཞོགས་འདེགས་བྱས་ནས་རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་ཚབས་ཆེན་བཟོ་བའི་བསླུ་བྲིད་གཏོང་བའི་ཁྲིམས་འགལ་ཉེས་གསོག་ཁག་གཅིག་ལ་ཁྲིམས་ལྟར་རྡུང་རྡེག་གཏོང་བ་དང་། རྒན་པའི་ཁྲིམས་སྐྱོང་འདུ་ཤེས་དང་མགོ་སྐོར་དང་གཡོ་ལེན་ཐེབས་པའི་ནུས་པ་ཆེ་རུ་གཏོང་བ་བཅས་བྱས་ཏེ། རྒན་གསོའི་ཞབས་ཞུའི་ཁྱབ་ཁོངས་བདེ་འཇགས་དང་བརྟན་བརླིང་ཡོང་བར་ཁག་ཐེག་བྱ་རྒྱུ་རེད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།