ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་འཚོགས་ནས། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། ཐུན་མོང་གིས་ཏང་གི་སྒྲིག་ཡིག་སློབ་སྦྱོང་དང་བསྐྱར་དུ་ཏང་ཞུགས་དམ་བཅའ་བཞག མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་དང་། ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི། ཞིང་ཆེན་ལྟ་ཞིབ་ཨུ་ལྷན་གྱི་ཀྲུའུ་རེན་ཝང་དབྱང་གིས་གྲོས་ཚོགས་ལ་མགོ་འཛིན་བྱས་ཏེ་གསུང་བཤད་གནང་།

གྲོས་ཚོགས་སྟེང་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་དང་ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་སྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་གནད་འགག་གི་དུས་སྐབས་སུ་འཚོགས་པའི་ཤིན་ཏུ་གལ་འགངས་ཆེ་བའི་གྲོས་ཚོགས་ཞིག་ཡིན། ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞིའི་ནང་ལོ་ལྔའི་རིང་གི་ལས་དོན་དང་གཞི་རྩའི་ཉམས་མྱོང་ཁྱོན་ཡོངས་ནས་ཕྱོགས་བསྡོམས་བྱས་ཏེ། རྗེས་ཕྱོགས་ཀྱི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་པ་དང་། ཞིང་ཆེན་སྒྲིག་ཨུའི་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞུ་དང་ཞིང་ཆེན་ཏང་ཨུའི་བྱ་བའི་སྙན་ཞུ་གཅིག་རྒྱུན་གཅིག་ཏུ་མཐུད་ནས། རྗེས་ཕྱོགས་ཀྱི་ལོ་ལྔའི་སྒྲིག་བཤེར་ལྟ་ཞིབ་ལས་དོན་གྱི་སྤྱིའི་བླང་བྱ་ཁ་གསལ་བཏོན་ཡོད། བྱ་བའི་སྙན་ཞུ་གཉིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱིས་ལྷག་བསམ་རྣམ་དག་ངང“གཏན་འཁེལ་གཉིས”ལ་བརྩི་བཀུར་དང་། “སྲུང་སྐྱོང་གཉིས”ཀྱི་ཆབ་སྲིད་ཀྱི་རྣམ་འགྱུར་གསལ་པོ་མཐའ་གཅིག་ཏུ་མཚོན་ཞིང་། ཞིང་ཆེན་ཏང་ཨུའི་གཟབ་ནན་གྱི་རྩ་བའི་དགོངས་གཞི་རྒྱུན་འཁྱོངས་བྱེད་པར་གཡོ་འགུལ་མི་གཏོང་བ། ཁྱོན་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་གཏིང་ཟབ་ཀྱི་ཕྱོགས་སུ་སྐུལ་འདེད་གཏོང་བའི་བློ་བརྟན་འགྱུར་མེད་ཀྱི་ཆོད་སེམས་དང་ཆབ་སྲིད་ཀྱི་ངེས་ཤུགས་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་བཅས་མངོན་ཡོད།

གྲོས་ཚོགས་སྟེང་ནན་གྱིས་བསྟན་དོན། ཆབ་སྲིད་ཀྱི་ལངས་ཕྱོགས་མཐོ་རུ་གཏོང་བ་དང་། ལོ་རྒྱུས་ཀྱི་ཁ་ཕྱོགས་སྟངས་འཛིན་བྱེད་པ། འགན་ནུས་ཀྱི་ངེས་གནས་ལ་གཞི་ཚུགས་པ་བཅས་བྱས་ཏེ་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱ་རྒྱུ་ནི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ལ་བརྩིས་ནས། རྒྱ་ཆེའི་སྒྲིག་བཤེར་དང་ལྟ་ཞིབ་ལས་བྱེད་པས་ཏང་གི་འཐུས་མི་ཚོགས་ཆེན་གྱི་བརྗོད་བྱ་གཙོ་བོར་གོ་བ་གཏིང་ཟབ་ལེན་པར་སློབ་གསོའི་ཁྲིད་སྟོན་དང་། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་མི་སེམས་ལ་གཤགས་པ་བྱེད་དགོས། སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། ཞིབ་ཕྲའི་དོན་འཁྱོལ་བྱེད་པ། ཕུགས་ལ་བསམ་བློ་གཏོང་བ་བཅས་ཀྱི་ཐད་ཤུགས་སྣོན་དང་། ལྟ་སྐུལ་གྱི་འགན་འཁྲིའི་འགན་ནུས་ལ་དམིགས་པ་དང་ཐབས་ཇུས་གལ་ཆེན་དང་བཀོད་སྒྲིག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་བ། གཙོ་གནད་སྤྱི་འདོམས་མཐུན་སྦྱོར་དང་གཙོ་གནད་ལས་དོན་གྱི་ལས་འགན་དོན་འཁྱོལ་ལ་ནན་གྱིས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ཕུལ་བྱུང་གི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་འཚོག་པར་བསུ་མ་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།