ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སོ་གསུམ་པ་ཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-31
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས30ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་སོ་གསུམ་པ་ཟི་ལིང་དུ་ཚོགས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་ཞིན་ཁྲང་ཞིང་དང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་དང་། ཝང་ལི་མིང་། མཱ་ཝེ། ཉི་མ་སྒྲོལ་མ། ཉེའོ་ཁྲིན་ཡུང་། ཝུའུ་ཧའེ་ཁུན། ཀྲང་ཧོང་ཡོན། དྲུང་ཡིག་ཆེན་མོ་ཅཱ་དབྱིན་ཀྲུང་དང་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཨུ་ཡོན་བཅས་མི59གྲོས་ཚོགས་ལ་ཞུགས་ཤིང་། ཁྲིམས་ཀྱི་གཏན་འབེབས་མི་གྲངས་དང་མཐུན།  ཞིན་ཁྲང་ཞིང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོར་མགོ་འཛིན་མཛད། 

ཚོགས་ཐོག་ནས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ། ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་བརྒྱུད་སྒྲོག་བྱས། 

བསྐོ་འཆར་འོས་མིས་གཏམ་བཤད། 

ཚོགས་ཐོག་ནས། 《མཚོ་སྔོན་ཞིང་ཆེན་གློག་སྐས་བདེ་འཇགས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གསལ་བཤད་དང་། 《ཟི་ལིང་གྲོང་ཁྱེར་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་སྔོན་རྩིས་དོ་དམ་སྲོལ་ཡིག>མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》སྐོར་གྱི་གསལ་བཤད། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག>མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》སྐོར་གྱི་གསལ་བཤད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུའི་ཐོན་ཁུངས་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་གསལ་བཤད། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཁར་གྲོང་གཞིས་ཁུལ་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག》སྐོར་གྱིས་གསལ་བཤད། 《ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རང་སྐྱོང་སྲོལ་ཡིག(དག་བཅོས)》སྐོར་གྱི་གསལ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པའམ་ཁྲིམས་བསྟར་ཞིབ་བཤེར་ཚན་ཆུང་གི་ཚན་གཙོ་ཀྲང་ཧོང་ཡོན་གྱིས་ཕུལ་བའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་བའི་བཅའ་ཁྲིམས་དང་། མཚོ་སྔོན་ཞིང་ཆེན་ཚན་རྩལ་གྲུབ་འབྲས་གཞན་སྒྱུར་ལ་སྐུལ་བའི་སྲོལ་ཡིག་ལག་བསྟར་གྱི་གནས་ཚུལ་ཞིབ་བཤེར་བྱས་པའི་སྙན་ཞུ། ཞིང་ཆེན་མི་དམངས་སྲིད་གཞུང་གིས་དཔར་འགྲེམ་བྱས་པའི2022ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་དང་དེ་དང་འབྲེལ་བའི་གཏོང་ལེན་སྔོན་རྩིས་ལེགས་སྒྲིག་སྐོར་གྱི་སྙན་ཞུ། 2021ལོའི་ལོ་འཁོར་གྱི་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་འགྲུབ་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ། 《ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཁྲ་ཆིན་ཅིའུ་ཡིས་ཕུལ་བའི་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཚོགས་ཀྱིས་སྤྱི་ཕན་ཞུ་གཏུག་ཞིབ་དཔྱོད་བྱ་བའི་སྐོར་གྱི་ཐག་གཅོད》ལག་བསྟར་དངོས་འབེབས་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་མཉན། 

ཚོགས་ཐོག་ནས《མཚོ་སྔོན་ཞིང་ཆེན་གློག་སྐས་བདེ་འཇགས་སྲོལ་ཡིག(འཆར་ཟིན)》སྐོར་གྱི་གྲོས་ཞིབ་བསམ་འཆར་དང་། 《ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་རིགས་དབྱེ་དོ་དམ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ནོར་སྲིད་སྔོན་རྩིས་དོ་དམ་སྲོལ་ཡིག>མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་མི་དམངས་འཐུས་མི་ཚོགས་ཆེན་གྱིས<ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྤྱི་ཚོགས་བདེ་སྐྱོང་ཕྱོགས་བསྡུས་བཅོས་སྐྱོང་སྲོལ་ཡིག>མེད་པར་བཟོ་བའི་སྐོར་གྱི་ཐག་གཅོད》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཆུའི་ཐོན་ཁུངས་སྲུང་སྐྱོབ་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་མཁར་གྲོང་གཞིས་ཁུལ་བཅོས་སྐྱོང་སྐུལ་འདེད་སྲོལ་ཡིག》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རང་སྐྱོང་སྲོལ་ཡིག(དག་བཅོས)》སྐོར་གྱི་ཞིབ་བཤེར་སྙན་ཞུ། 《ཞིང་ཆེན་མི་དམངས་སྲིད་གཞུང་གིས2022ལོའི་ས་གནས་སྲིད་གཞུང་གི་བུན་འཛིན་དང་དེ་དང་འབྲེལ་བའི་གཏོང་ལེན་སྔོན་རྩིས་ལེགས་སྒྲིག་སྐོར་གྱི་དཔེར་འགྲེམ་སྙན་ཞུ》སྐོར་ལ་ཞིབ་བཤེར་བྱས་པའི་སྙན་ཞུ་བཅས་དཔར་འགྲེམ་བྱས། 

ཧྲིན་ཀྲང་གཞོན་པ་དབྱང་ཧྥིན་ཁྲུན་དང་། ཞིང་ཆེན་ལྟ་ཞིབ་ཨུ་ཡོན་ལྷན་ཚོགས་ཀྱི་འགན་ཁུར་པ། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཁྲིམས་འཛིན་དཔོན་ཀྲང་ཙེ་ཅུན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་ཁྲ་ཆིན་ཅིའུ་སོགས་གྲོས་ཚོགས་ལ་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།