ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་དོ་དམ་བྱ་ཐབས》བཏོན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར་མཚོ་སྔོན་ཞིང་ཆེན་གྱིས《མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་དོ་དམ་བྱ་ཐབས》(གཤམ་ལ《དོ་དམ་བྱ་ཐབས》ཞེས་བསྡུ་རྒྱུ)བཏོན་ནས། དུས་ཡུན་རིང་པོའི་ནང་མཚོ་སྔོན་ཞིང་ཆེན་གྱི་རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་དོ་དམ་ཐད་ཀྱི་སྟོང་ཆ་བསྐངས་ཡོད་པ་མ་ཟད། རྗེས་ཕྱོགས་ཀྱི་རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་དོ་དམ་ལ་ཁྲིམས་གཞི་འཛིན་སའང་ཡོད་པས། རོང་འབྲོག་ཁུལ་གྱི་སྡོད་ཁང་འགུལ་སྐྱོད་ཐད་ཀྱི་དོ་དམ་བྱ་ཐབས་མངོན་འགྱུར་བྱུང་བ་རེད།

ཤེས་རྟོགས་བྱུང་བ་ལྟར་ན།《དོ་དམ་བྱ་ཐབས》དེར་ཁྱོན་ལེའུ་དགུ་དང་དོན་ཚན50ཡོད་པ་དང་། གཙོ་བོ་གྲོང་གསེབ་སྡོད་ཁང་འཛུགས་སྐྲུན་གྱི་དོ་དམ་འགན་འཁྲི་དང་། ས་ཆ་འདེམས་པའི་འཆར་འགོད། ཞིབ་བཤེར་ཆོག་མཆན་རེ་ཞུ། རྣམ་པ་ཇུས་འགོད། བཟོ་སྐྲུན་ལྟ་སྐུལ་དོ་དམ། ལས་མཇུག་བསྒྲིལ་བར་ཞིབ་བཤེར་རྩིས་ལེན། བེད་སྤྱོད་དོ་དམ། བཅའ་ཁྲིམས་འགན་འཁྲི་སོགས་ཀྱི་ཐད་གཏན་འབེབས་ཁ་གསལ་བྱས་ནས། རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་བྱེད་པར་འཆར་འགོད་ས་ཆ་འདེམས་པ་ནས་ལས་མཇུག་བསྒྲིལ་བ་དང་། ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོའི་བར་གྱི་ཞིབ་ཕྲའི་བླང་བྱ་ཁ་གསལ་བཟོས་ཡོད།

དེ་དང་ཆབས་ཅིག《དོ་དམ་བྱ་ཐབས》ནང་། རོང་འབྲོག་པའི་སྡོད་ཁང་འཛུགས་སྐྲུན་ཐད་འཆར་འགོད་སྔོན་ལ་ལག་བསྟར་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ས་ཆ་འདེམས་པ། ཡུལ་བབ་དང་བསྟུན་པ། བདེ་འཇགས་འཚོ་སྡོད། རྨོ་ཞིང་སྲུང་སྐྱོང་བཅས་ཀྱི་རྩ་དོན་ལ་བརྩི་སྲུང་བྱེད་དགོས་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་། ལྗང་མདོག་ཐཱན་ཉུང་། དཔལ་འབྱོར་གྲོན་ཆུང་། ཡོམ་འགོག་རྒུད་སྐྱོབ་བཅས་ཀྱི་བླང་བྱ་དང་ཡང་མཐུན་པར་བྱས་ནས། ས་གནས་དེ་གའི་ལོ་རྒྱུས་རིག་གནས་དང་། ས་ཁོངས་ཀྱི་ཁྱད་ཆོས། གྲོང་གསེབ་ཀྱི་རྣམ་པ་བཅས་མངོན་པར་བྱེད་དགོས་པ་ཁ་གསལ་བཟོས་ཡོད།

གཞན་ཡང་། བདེ་འཇགས་འཕེལ་རྒྱས་ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། བཀོལ་སྤྱོད་ཀྱི་ངོ་བོར་འགྱུར་ལྡོག་བཏང་ནས་གཉེར་སྐྱོང་ཐད་སྤྱོད་པའི་ཁང་པར་དམིགས་ཏེ《དོ་དམ་བྱ་ཐབས》ནང་འབྲེལ་ཡོད་སྡེ་ཁག་གིས་འགན་འཁྲི་དོན་འཁྱོལ་བྱས་ནས་གཉེར་སྐྱོང་བྱེད་ཡུལ་ཐོ་འགོད་སྙན་སེང་ཞུ་བ་དང་། ཆོག་འཐུས་ལག་ཁྱེར་ལེན་པ། གཉེར་སྐྱོང་བྱེད་སྒོའི་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་འཁུར་དགོས་པ་དང་། རོང་འབྲོག་པས་དུས་ལྟར་ཆོག་མཆན་རེ་ཞུ་བྱེད་པའི་འགྲོ་ལུགས་སྒྲུབ་དགོས་པ་མ་ཟད། རང་རྟོགས་ངང་འབྲེལ་ཡོད་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ལེན་བྱེད་དགོས། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།