ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་ཟླ5པའི་ཚེས30ཉིན་ཁྱེད་ཅག་ལ་བཀའ་དྲིན་ཞུ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

གུས་པར་འོས་པའི་ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་བྱེད་རྣམ་པ། 

2022ལོའི་ཟླ5པའི་ཚེས30ཉིན་ནི“ཐེངས་དྲུག་པའི་རྒྱལ་ཡོངས་ཀྱི་ཚན་རྩལ་ལས་བྱེད་པའི་ཉིན་མོ”ཡིན་ལ། མཚོ་སྔོན་ཞིང་ཆེན་ཚན་རྩལ་མཐུན་ཚོགས་ཀྱིས་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སོ་སོ་དང་འཐབ་ཕྱོགས་སོ་སོའི་སྟེང་འབད་འབུངས་བྱེད་བཞིན་པའི་རྒྱ་ཆེ་བའི་ཚན་རྩལ་ལས་བྱེད་པར་ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི་ཞུ་བ་དང་ཆབས་ཅིག་དུས་ཆེན་གྱི་སྨོན་འདུན་ཞུས་པ་མ་ཟད། དུས་ཡུན་རིང་པོར་མཚོ་སྔོན་གྱི་ཚན་རྩལ་བྱ་གཞག་འཕེལ་རྒྱས་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་མཁན་གྱི་སྤྱི་ཚོགས་ལས་རིགས་སོ་སོའི་མི་སྣར་ལྷག་བསམ་རྣམ་དག་གིས་ཐུགས་རྗེ་ཆེ་ཞུས་པ་ཡིན།

ཚན་རྩལ་ལས་བྱེད་པ་ནི་སྔོན་ཐོན་གྱི་ཐོན་སྐྱེད་སྟོབས་ཤུགས་གསར་འབྱེད་བྱེད་མཁན་དང་སྔོན་ཐོན་གྱི་རིག་གནས་ཁྱབ་སྤེལ་བྱེད་མཁན་དེ་ཡིན། “རྒྱལ་ཡོངས་ཀྱི་ཚན་རྩལ་ལས་བྱེད་པའི་ཉིན་མོ”བཙུགས་པ་དེས་ཏང་ཀྲུང་དབྱང་གིས་རྒྱལ་ཁབ་ཀྱི་ཚན་རྩལ་ལས་བྱེད་ལ་ཚད་མཐོའི་མཐོང་ཆེན་བྱེད་ཀྱིན་ཡོད་པ་མཚོན་པ་དང་། ཏང་ཀྲུང་དབྱང་གིས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་བྱེད་པར་ཐུགས་ཁུར་དང་གཅེས་སྐྱོང་བྱེད་པ་མཚོན་ཐུབ། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་ཏེ། ཚན་རྩལ་གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ཀྱི་སྒུལ་ཤུགས་གསར་པ་འཕེལ་བར་སྐུལ་འདེད་བྱས་པ་དང་། ཤེས་ལྡན་མི་སྣར་བརྟེན་ནས་སྟོབས་ལྡན་ཞིང་ཆེན་འཕེལ་རྒྱས་བྱེད་པའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པ། ཤེས་ལྡན་མི་སྣའི་འཕེལ་རྒྱས་ཀྱི་སྒྲིག་སྲོལ་ལམ་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ་བཅས་བྱས་ཏེ་མཚོ་སྔོན་གྱི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྲུན་ལ་འགན་སྲུང་བྱས་པ་རེད། 

ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་བྱེད་པས་ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ནན་ཏན་སྒོས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་བྱེད་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་ལ་ཉན་པ་དང་བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲང་བ། “ཁ་ཕྱོགས་བཞི”མཐའ་འཁྱོངས་བྱེད་པ་དང་ཚན་རིག་གི་ཡང་རྩེར་འཛེག་ཕོད་པ། ཚན་རིག་གི་ཀུན་སྤྱོད་བརྟན་སྲུང་བྱེད་པ་དང་རིག་གཞུང་གི་ཁ་དན་ཚིག་གནས་ལ་བརྟན་སྲུང་བྱེད་པ། དཀའ་ངལ་ལ་མི་སྐྲག་པ་དང་སྒེར་སེམས་མེད་པ། ཞིབ་འཇུག་སྟེང་འབད་པ་བྱེད་པ། ཚན་རྩལ་གྲུབ་འབྲས་དངོས་སྒྱུར་ཇེ་མགྱོགས་སུ་གཏོང་བ། ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ་སོགས་མཚོ་སྔོན་གྱི་སྤྱི་ཚོགས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བྱས་རྗེས་འབུར་ཐོན་བཞག ལྷག་པར་དུ་པྲོག་གསར་གློ་ཚད་རིམས་ནད་འགོག་སྡོམ་ལ་རམ་འདེགས་བྱས་ཏེ་ཞིང་ཆེན་ཡོངས་ཀྱི་གྲོང་གསེབ་དར་རྒྱས་ལ་ཁྱོན་ཡོངས་སུ་སྐུལ་འདེད་གཏོང་རྒྱུར་ཤུགས་བསྣན་པ་དང་། དེང་རབས་ཅན་གྱི་འཛུགས་སྐྲུན་དང་མཚོ་སྔོན་གྱི་དཔལ་འབྱོར་རིགས་སྒྱུར་རིམ་སྤོར་ལ་ཞབས་འདེགས་དང་འདེགས་སྐྱོར་གྱིས་སྣེ་ཁྲིད་བྱ་རྒྱུ་བཅས་ཀྱི་ཐད་གལ་འགངས་ཤིན་ཏུ་ཆེ་བའི་ནུས་པ་འདོན་སྤེལ་བྱས་ཡོད་པ་རེད།

ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་འཚོགས་ཤིང་། རྗེས་ཀྱི་ལོ་ལྔའི་རིང་གི་ཞིང་ཆེན་ཡོངས་ཀྱི་ལས་དོན་སྤྱིའི་བླང་བྱ་དང་འབད་འཐབ་དམིགས་འབེན། ལས་འགན་གཙོ་བོ་བཅས་བཏོན་ཡོད་པ་རེད། དུས་རབས་གསར་བར་སྐྱོད་པ་དང་རྒྱང་སྐྱོད་ཀྱི་ལམ་བུ་གསར་པར་འབད་འཐབ་བྱེད་པར་གོ་སྐབས་གསར་པ་དང་འགྲན་སློང་གསར་པའི་མདུན་དུ། ཚན་རྩལ་ཡར་ཐོན་གྱི་འདེགས་སྐྱོར་དང་རང་ནུས་གསར་གཏོད་ཀྱི་སྐུལ་འདེད་སྔར་ལས་མཁོ་ཞིང་། ཐེངས་འདིའི་གོ་སྐབས་དང་བསྟུན་ནས། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་བྱེད་པས“གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས  “འདུ་ཤེས་བཞི”ལ་གོ་བ་གསལ་བོ་ལེན་པ་དང་། “གདེང་ཚོད་བཞི”བརྟན་སྲུང་བྱེད་པ། “འགན་སྲུང་གཉིས”ལག་བསྟར་བྱེད་པ་བཅས་ཏང་གི་ཚན་རྩལ་བྱ་གཞག་ལ་ལྷག་བསམ་རྣམ་དག་གིས་འབད་པ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་སྣེ་ཁྲིད་པ་དང་། ཚན་རིག་ཞིབ་འཇུག་གྲུབ་འབྲས་གལ་ཆེན་གྱི་གསར་གཏོད་པ། ཚན་རྩལ་སྟོབས་ཆེན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་བྱས་རྗེས་འཇོག་མཁན། བླ་ན་མེད་པའི་བསམ་བློ་ཀུན་སྤྱོད་ལག་ལེན་བྱེད་མཁན། སྤྱི་ཚོགས་སྤྱོད་བཟང་གི་སྣེ་ཁྲིད་མཁན་བཅས་བྱེད་དགོས། ཚན་རིག་པ་རྒན་རབས་ཚོའི་མདུན་དུ་སྐྱོད་ཕོད་པ་དང་། ཕུལ་བྱུང་དོན་གཉེར་དང་དཀའ་སྤྱད་འབད་བརྩོན། ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་ལ་བཀའ་དྲིན་ཞུ་བ་། ནུས་ཤུགས་ཡོད་རྒུས་ཚན་རིག་པའི་སྙིང་སྟོབས་དང་། “འབར་མདེལ་གཉིས་དང་འཁོར་སྐར་གཅིག”གི་སྙིང་སྟོབས། མཚོ་སྔོན་གསར་པའི་སྙིང་སྟོབས་བཅས་དར་སྤེལ་བཏང་སྟེ། རྨང་གཞིའི་ཞིབ་འཇུག་ནང་ཧུར་ཐག་གིས་ཞུགས་པ་དང་། ཚན་རིག་གི་མདུན་ལྗོངས་ལ་ཧུར་ཐག་སྒོས་འཚོལ་ཞིབ་བྱེད་པ། གནད་འགག་ཐུག་སའི་སྲོག་ཤིང་ལྟ་བུའི་ལག་རྩལ་འགག་སྒྲོལ་བྱེད་པ་བཅས་བྱས་ནས། “དམིགས་བསལ་གཅིག་དང་མཐོ་བ་གཉིས”ཀྱི་འཐབ་ཇུས་ལག་བསྟར་གཏིང་ཟབ་དང་། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ།  ཐོན་ལས“ས་གནས་བཞི”འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བར་ཚན་རྩལ་གྱི་ཕྱོགས་ནས་སྐུལ་འདེད་དང་རོགས་འདེགས་ཆེན་པོ་བྱས་པ་བརྒྱུད། ལྗང་མདོག་འཕེལ་རྒྱས་དང་སྐྱེ་ཁམས་མཛའ་མཐུན། གསར་སྐྲུན་སྒོ་འབྱེད། དཔལ་ཡོན་འཆམ་མཐུན། མི་དམངས་བདེ་སྐྱིད། ཆབ་སྲིད་དྭངས་གསལ་བཅས་ཡིན་པའི་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བྱས་རྗེས་གསར་བ་འཇོག་དགོས་པ་དང་། ཁྱོན་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་བརྩོན་ཆེན་པོས་གསར་སྐྲུན་བྱས་ཏེ། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།

མཇུག་མཐར། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེ་བའི་ཚན་རྩལ་ལས་བྱེད་པས་དུས་ཆེན་སྤྲོ་པོ་དང་སྐུ་གཟུགས་བདེ་ཐང་། འཚོ་བ་བདེ་སྐྱིད་ལྡན་པ་དང་། འབྱུང་འགྱུར་གྲུབ་འབྲས་སྔར་ལས་གཟེངས་སུ་ཐོན་པ་ལོན་པའི་སྨོན་འདུན་སྙིང་ནས་ཞུ།

མཚོ་སྔོན་ཞིང་ཆེན་ཚན་རིག་ལག་རྩལ་མཐུན་ཚོགས། 

2022ལོའི་ཟླ5པའི་ཚེས29ཉིན། 

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།