ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱིས་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་ཞི་མགོན་པོ་བཀྲ་ཤིས་ཀྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་རྒྱ་སྐྱེད་གྲོས་ཚོགས་བསྡུས་ཤིང་། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་པ་དང་། ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ། ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཀྱི་དགོངས་དོན་བཅས་ཆེད་དོན་བརྒྱུད་སྒྲོག་སློབ་སྦྱོང་བྱས་ཏེ། ལག་བསྟར་དངོས་འབེབས་ཀྱི་བསམ་འཆར་ལ་ཞིབ་འཇུག་བྱས། རིན་ཆེན་རྣམ་རྒྱལ་དང་ཏུའུ་ཅེ། ཀྲང་ལི། ཝང་ཞུན་ཝེ་བཅས་ཀྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་ལ་བསྟར་ལ་དམིགས་ཏེ་བརྗེ་རེས་ཀྱི་གཏམ་བཤད། 

ཚོགས་ཐོག་ནས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྲིད་གྲོས་མ་ལག་གིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཆབ་སྲིད་ཀྱི་དོན་སྙིང་དང་། མཛུབ་སྟོན་གྱི་དོན་སྙིང་། དངོས་ཡོད་ཀྱི་དོན་སྙིང་གལ་ཆེན་བཅས་ལ་ངོས་འཛིན་ཕུན་སུམ་ཚོགས་པ་བྱས་ཏེ། བསམ་སྦྱོར་གཉིས་ངེས་པ་དོན་གྱིས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ཐོག་གཅིག་གྱུར་ཡོང་བར་བྱེད་དགོས། སློབ་སྦྱོང་དྲིལ་སྒྲོག་ལ་འགུལ་སྐྱོད་དང་ཕན་འབྲས་མཐོང་བར་སྐུལ་བ་དང་། གཞུང་ལུགས་སློབ་སྦྱོང་གི་ལྟེ་གནས་ཚན་ཆུང་དང་ཆེད་དོན་འཆད་ཁྲིད་སོགས་ཀྱི་རྣམ་པ་བརྒྱུད་དེ། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱས་ནས། ཡོང་འབབ་ཀྱི་དངོས་ཕན་ལ་ཁག་ཐེག་བྱེད་དགོས། ཏང་གི་འཐུས་མི་ཚོགས་ཆེན་གྱིས་དུས་རབས་གསར་པའི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་རྣམ་བཤད་གསར་པ་ཡང་དག་པར་ཁོང་དུ་ཆུད་པ་དང་། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུ་སྲིད་གྲོས་ཀྱི་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སྔར་ལས་ལྷག་པར་དངོས་འབེབས་བྱས་ཏེ། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་རང་རྟོགས་སྒོས་སྲིད་གྲོས་ཀྱི་འགན་སྒྲུབ་ཁག་གི་བྱ་བ་ཁྲོད་དུ་ལག་བསྟར་དངོས་འབེབས་བྱེད་དགོས། ཏང་གི་འཛུགས་སྐྱོང་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་ཀླད་པར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་སྟོན་བྱེད་པ། རྒྱ་ཆེ་བའི་སྲིད་གྲོས་ཨུ་ཡོན་དང་། ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པ། རིགས་སོ་སོ་དང་ལས་རིགས་སོ་སོའི་མང་ཚོགས་བཅས་ཀྱི་བསམ་སྦྱོར་གཉིས་ཞིང་ཆེན་ཏང་ཨུ་ཇུས་ཆོད་བཀོད་སྒྲིག་དང་ཞིང་ཆེན་སྲིད་གྲོས་ཀྱི་ཏང་ཙུའུ་བྱ་བའི་བླང་བྱའི་ཐོག་གཅིག་གྱུར་བྱས་ཏེ། མི་དམངས་སྲིད་གྲོས་བྱ་གཞག་གི་རྣམ་པ་གསར་པ་འབད་པས་འབྱེད་དགོས། ཆེད་དོན་གྲོས་མོལ་ལས་ཁུངས་འཛུགས་སྐྲུན་ལ་མུ་མཐུད་དུ་ཤུགས་སྣོན་པ་དང་། ཕྱོགས་གཉིས་སུ་ཤུགས་འདོན་པར་སྐུལ་བའི་སྟེང་བྱེད་ཐབས་གསར་པ་ཇུས་འགོད་བྱས་ནས། གཡུལ་ས་གལ་ཆེན་དང་འཕྲིན་སྟེགས་གལ་ཆེན། བརྒྱུད་ལམ་གལ་ཆེན་བཅས་ཀྱི་ནུས་པ་འདོན་སྤེལ་བྱེད་པའི་སྟེང་ཕན་འབྲས་གསར་པ་ལེན་དགོས། སྤྱོད་ཚུལ་འཛུགས་སྐྱོང་ལ་རྟག་བརྟན་འགྱུར་མེད་ཀྱིས་ཤུགས་འདོན་པ་དང་། ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་དང་ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྟེང་གི་གསུང་བཤད་བླང་བྱ་ལྟར། བློ་བརྟན་འགྱུར་མེད་བརྒྱད་ཀྱི་གཙོ་གནད་ལས་འགན་ལ་དམིགས་པ། སྲིད་གྲོས་ཀྱི་དངོས་ཡོད་སྦྲེལ་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲིད་གྲོས་ཀྱི་བློ་གྲོས་དང་སྟོབས་ཤུགས་འབུལ་བར་སྐུལ་འདེད་བཏང་སྟེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་བ་ཞུ་དགོས། 

ཀྲང་ཝུན་ཁུའེ་དང་མཱ་ཧའེ་དབྱིན། ཏུའུ་ཏེ་ཀྲི། ཝང་ཀྲིན་ཁྲང་། ཀྲང་ཞའོ་རུང་། མཱ་ཧྥིན་ཧྲིན། ལིའུ་ཏ་དབྱི་བཅས་ཚོགས་འདུར་ཞུགས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།