ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་དཀའ་ཁག་ཡོད་པའི་རྒན་པ7116གིས་ཁྱིམ་སྡོད་རྒན་གསོའི་བསྒྱུར་བཀོད་བཟོ་སྐྲུན་གྱི་གྲུབ་འབྲས་ལོངས་སྤྱོད་བྱེད་ཐུབ་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས་ཞིང་ཆེན་ནོར་སྲིད་ཐིང་དང་ཞིང་ཆེན་སྡོད་ཁང་འཛུགས་སྐྲུན་ཐིང་། ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་སོགས་སྡེ་ཁག་དང་མཉམ་འབྲེལ་བྱས་ནས། 《མཚོ་སྔོན་ཞིང་ཆེན་གྱི་རྒན་པའི་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལས་གཞི་ལག་བསྟར་ཇུས་གཞི》འགྲེམ་སྤེལ་བྱས་ནས། ལོ་ལྔའི་འཆར་གཞི་བཅུ་བཞི་པའི་སྐབས་སུ་ཞིང་ཆེན་ཡོངས་ཀྱི་དཀའ་ཁག་ཡོད་པའི་རྒན་པ7116གི་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལས་འགན་དུས་བཀག་ལྟར་ལེགས་འགྲུབ་བྱེད་པར་སྐུལ་འདེད་གཏོང་བ་དང་། ཞིང་ཆེན་ཡོངས་ཀྱི་རྒས་འཚམ་ཅན་གྱི་བསྒྱུར་བཀོད་བྱ་བ་སྤུས་ཚད་མཐོ་བ་དང་ཚད་ལྡན་ཅན། ཡུན་ཕན་ཅན་གྱི་སྒོ་ནས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

ལག་བསྟར་ཇུས་གཞི་ནང་གཙོ་བོ་ཁ་ཐོར་གཉོར་སྐྱོང་བྱེད་པའི་ལོ་ན་མཐོ་བ་དང་ནུས་པ་མེད་པ། དབང་བོ་སྐྱོན་ཅན་ཡིན་པའི་ཧ་ཅང་དཀའ་ཁག་ཡོད་པའི་རྒན་པའི་ཁྱིམ་ཚང་དུ་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལག་བསྟར་བྱེད་པ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་བསྒྱུར་བཀོད་བྱེད་ཡུལ་དེ་མཁར་གྲོང་གི་མ་མཐའི་འཚོ་བའི་འགན་སྲུང་ལོངས་སྤྱོད་བྱེད་པའི་མིའི་ཁྲོད་ཀྱི་ལོ་ན་མཐོ་བ་དང་ནུས་པ་མེད་པ། བུ་ཕྲུག་གམ་དུ་མེད་པ། དབང་བོ་སྐྱོན་ཅན་གྱི་རྒན་པ། འཆར་ལྡན་བུ་སྐྱེས་དམིགས་བསལ་ཁྱིམ་ཚང་བཅས་ཀྱི་སྟེང་རྒྱ་སྐྱེད་པར་སྐུལ་མ་བཏང་ནས། རྒན་པ་སྔར་ལས་མང་པོས་སྲིད་གཞུང་གི་ཐུགས་ཁུར་དང་སྲིད་ཇུས་ཀྱི་ཁེ་སྤོགས་ལོངས་སྤྱོད་བྱེད་དུ་འཇུག་རྒྱུ་རེད།

བསྒྱུར་བཀོད་བྱེད་པའི་གོ་རིམ་ཁྲོད། གཙོ་བོ་སྤྱོད་ཁང་དང་ལུས་འཁྲུ་བདེ་འཇགས། ཁྱིམ་གྱི་འགྲོ་འདུག་སྟབས་བདེ། ཁྱིམ་སྡོད་ཁོར་ཡུག་ལེགས་སྒྱུར། རིག་ནུས་ལྟ་ཞིབ་རྗེས་འདེད། ཞོར་འདེགས་ཡོ་ཆས་སྡེབ་སྒྲིག་སོགས་ཕྱོགས་ལྔའི་རྩོལ་ནུས་ལ་དམིགས་ནས་སྤེལ་རྒྱུ་རེད། ས་ཆ་སོ་སོས་རྒན་པའི་འདོད་བློ་དང་སྡོད་སའི་དགོས་མཁོ་དངོས་ལ་གཞིར་བཟུང་ནས། ཁྱིམ་ཚང་གཅིག་ལ་སྲིད་ཇུས་གཅིག་གི་ལག་བསྟར་ཇུས་གཞི་གཏན་འབེབས་བྱེད་པ་དང་། ཆ་རྐྱེན་དང་མཐུན་པའི་ཁྱིམ་ཚང་ལ་མ་དངུལ་ངེས་ཅན་གྱི་ཁ་གསབ་འདོན་སྤྲོད་བྱས་ཏེ། རྒན་པའི་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ཐད་ཀྱི་དཔལ་འབྱོར་ཁུར་བོ་ཇེ་ཡང་དུ་གཏོང་རྒྱུ་རེད། མིག་སྔར། ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ཚོད་ལྟའི་བྱ་བ་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པ་དང་། ད་ལོར་ཟི་ལིང་གྲོང་ཁྱེར་དང་མཚོ་ཤར་གྲོང་ཁྱེར་གྱི་ཁྱིམ་ཚང1500ཡིས་ཁྱིམ་སྡོད་རྒས་འཚམ་ཅན་གྱི་བསྒྱུར་བཀོད་ལས་འགན་ལེགས་འགྲུབ་བྱ་རྩིས་ཡོད།  །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།