ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་གྱིས་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གནས་རྙིང་ལ་ལྟ་སྐོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་སྐབས་གསར་བའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཝུའུ་ཞའོ་ཅུན་དང་དབྱིན་པེ། ཁྲིན་རུའེ་ཧྥིན། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཚེ་རིང་ཐར། ཝང་ཏཱ་ནན། ཝང་ལེན་ཧུའུ། ཝུའུ་ལ་ཙི་པེ་ཁི.རིག་སུའུ་ལིས་ཧྭན། པད་ཁོ། ཀྲུའུ་ཞང་ཧྥིན་བཅས་ཁྲིད་དེ། ཞིང་ཆེན་ཏང་ཨུའི་ཏང་གི་སློབ་གྲྭའི་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་གནས་རྙིང་ཡོད་སར་སོང་ནས། མཚོ་སྔོན་གྱི་ཏང་གི་ལོ་རྒྱུས་སློབ་གསོ་འགྲེམ་སྟོན་ཁང་ལ་ལྟ་སྐོར་བྱས་པ་དང་། ཏང་ནང་དུ་ཞུགས་སྐབས་ཀྱི་དམ་བཅའ་འཇོག་པའི་མཛད་སྒོ་བསྡུས་ནས། སྐབས་གསར་བའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚན་ཁག་གི་ཏང་ལ་ཧ་ཅང་བློ་དཀར་བ་དང་། ཚེ་གང་བོར་ཏང་གི་ཆེད་དུ་འབད་འཐབ་བྱེད་པ། བློ་བརྟན་འགྱུར་མེད་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བསྟན་པའི་ཁ་ཕྱོགས་བརྒྱུད་དེ་མདུན་སྐྱོད་བྱེད་པའི་ཆོད་སེམས་བརྟན་པོ་མངོན་སྒྲོག་བྱས། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། སྐབས་གསར་བའི་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཚན་ཁག་གིས་འགན་སྒྲུབ་མ་བྱས་པའི་སྔོན་དུ། ཚང་མ་མཚོ་སྔོན་ཞིང་ཆེན་ཏང་ཨུའི་གནས་རྙིང་དུ་ཡོང་ནས་ལྟ་སྐོར་སློབ་སྦྱོང་བྱས་པ་དེ་ནི། ཏང་གི་ལོ་རྒྱུས་ལ་ཕྱིར་དྲན་ཐེངས་གཅིག་བྱས་པ་ཡིན་ལ། ཏང་གཤིས་སློབ་གསོ་ཐེངས་གཅིག་ཀྱང་ཡིན་པ་དང་།  འབད་འཐབ་ཀྱི་རྒྱུན་མཐུད་ཡིན་པར་མ་ཟད། འགན་སྒྲུབ་ཐད་ཀྱི་སྐུལ་སློང་ཐེངས་གཅིག་ཀྱང་ཡིན་པས། བརྟན་ཚུགས་གཉིས་ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། སྲུང་སྐྱོབ་གཉིས་ལག་བསྟར་བཟང་བོ་བྱེད་པ། ཞིང་ཆེན་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་སྣེ་ཁྲིད་བྱེད་པ། ཤུགས་སྐྱེད་འབད་འབུངས་ཀྱི་འབད་བརྩོན་རྣམ་པ་དང་དཀའ་ཁག་ཅི་འདྲ་ཆེ་ན་དེ་ལས་མདུན་སྐྱོད་བྱེད་པའི་འཐབ་རྩོད་སྙིང་སྟོབས་ནམ་ཡང་རྒྱུན་འཁྱོངས་བྱེད་པ། སྔ་འཛིན་ཕྱི་གཏོད་དང་མུ་མཐུད་དུ་འབད་བརྩོན་བྱས་ནས། གོམ་པ་རེ་རེ་བཞིན་ཏན་ཏན་ཏིག་ཏིག་གིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པས་གཏན་ཁེལ་བྱས་པའི་དམིགས་འབེན་ལས་འགན་དེ་མཛེས་ཤིང་སྡུག་པའི་མངོན་སུམ་དུ་འགྱུར་བར་བྱེད་དགོས།

མཚོ་སྔོན་ཞིང་ཆེན་ཏང་གི་ལོ་རྒྱུས་སློབ་གསོ་འགྲེམ་སྟོན་ཁང་དུ། ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོ་ཁྲིད་དེ་རིམ་པ་བཞིན་མེ་སོན་གཏོར་ནས། ཕུགས་འདུན་ཇེ་བརྟན་དུ་གཏོང་བ་དང་། བཅིངས་འགྲོལ་ཐོབ་ནས་རང་ཁྱིམ་རང་བདག་བྱས་པ། དཀའ་སྤྱད་འཚོལ་ཞིབ་བྱས་ཏེ། འཕེལ་རྒྱས་གོང་འཕེལ་དུ་གཏོང་བ། བཅོས་བསྒྱུར་སྒོ་འབྱེད་སྤེལ་ནས། བསྐྱར་དར་གྱི་དམ་བཅའ་འཇོག་པ་བཅས་ལེའུ་བཞིའི་འགྲེམ་ཁང་ལ་ལྟ་སྐོར་བྱས་པ་དང་། བཤམས་སྟོན་ལ་བལྟས་པ་དང་འགྲེལ་བཤད་ལ་ཉན་ནས། ཀྲུང་གོ་གུང་ཁྲན་ཏང་གི་མཚོ་སྔོན་གྱི་འབད་འཐབ་ལོ་རྒྱུས་ལ་ཕྱིར་བལྟ་བྱས།

ཟུར་བརྒྱད་ཚོམས་ཁང་ནི་སྐབས་དང་པོའི་ཞིང་ཆེན་ཏང་ཨུའི་གཞུང་སྒྲུབ་བྱེད་ས་ཡིན་པ་དང་། ཀྲུང་གོ་གསར་བ་དབུ་བརྙེས་པའི་ཐོག་མའི་དུས་སྐབས་ཀྱི་མཚོ་སྔོན་གྱི་ཇུས་ཆོད་གལ་ཆེན་མང་པོ་འདི་ནས་བྱུང་བ་ཡིན་ལ། དེས་ཏང་མཚོ་སྔོན་ནས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པའི་ལོ་ཟླར་བདེན་དཔང་བྱེད་ཐུབ་ལ། དེ་ནི་དམར་མདོག་གི་ལོ་རྒྱུས་ཤུལ་བཞག་རྩ་ཆེན་ཡིན། ཟུར་བརྒྱད་ཚོམས་ཁང་གི་ལྷོ་ཕྱོགས་ཀྱི་ཐང་ཆེན་དུ། ཞིན་ཁྲང་ཞིང་གིས་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོ་ཁྲིད་དེ་ཏང་གི་དར་ཆར་ཁ་ཕྱོགས་ནས་ཏང་ནང་དུ་ཞུགས་པའི་སྐབས་ཀྱི་དམ་བཅའ་བཞག

དེའི་རྗེས་སུ། ཟུར་བརྒྱད་ཚོམས་ཁང་གཞུང་སྒྲུབ་ཁང་དུ་བཞུགས་མོལ་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཚོས་རེ་རེ་བཞིན་གཏམ་བཤད་པར་མ་ཟད། ཐུན་མོང་གི་བྱ་འགུལ་ཐེངས་དང་པོའི་ངོས་ཟིན་མྱོང་ཚོར་གླེང་བ་དང་། འགོ་ཚུགས་ས་གསར་བའི་སྟེང་མུ་མཐུད་ནས་འབད་འཐབ་བྱེད་པའི་ཡིད་ཆེས་དང་ཆོད་སེམས་བཤད། ཞིན་ཁྲང་ཞིང་གིས་ནན་གྱིས་བསྟན་དོན། ཏང་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་པའི་ཁྲོད་སྙིང་སྟོབས་དང་ཁྲག་རྒྱུན་རྒྱུན་འཛིན་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་སྟོང་ཟད་དུ་མི་གཏོང་བ། ཏང་གི་ལོ་རྒྱུས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་ཕན་ཅན་དུ་བསྒྱུར་བ། ཏང་ལ་བློ་དཀར་བའི་ཆབ་སྲིད་ཀྱི་རྒྱུ་སྤུས་ཇེ་བཟང་དུ་གཏོང་བ། འགོ་ཁྲིད་དེ་བརྟན་ཚུགས་གཉིས་ལ་སྲུང་སྐྱོབ་བྱེད་པ་དང་སྲུང་སྐྱོབ་གཉིས་ལག་བསྟར་བྱེད་རྒྱུ་དེ་ཕྱོགས་སོ་སོ་རུ་དངོས་འབེབས་བྱེད་པ། རླབས་ཆེན་ཏང་འཛུགས་ཀྱི་སྙིང་སྟོབས་བཞུད་ལམ་གསར་བའི་སྟེང་དར་སྤེལ་བཏང་སྟེ། རྒྱུགས་ལེན་གསར་བའི་ལམ་བུ་རུ་གོམ་སྟབས་བརྟན་པོས་བསྐྱོད་དགོས། ཏང་གཤིས་སློབ་གསོ་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་བརྟན་སྲུང་བྱེད་པ་དང་། ཐོག་མའི་བསམ་འདུན་ཁྲག་རྒྱུན་ཁྲོད་འདྲེས་པར་བྱེད་པ། འགན་འཁྲི་ཕྲག་ཏུ་ལེན་པ། འགོ་ཁྲིད་དེ་འཐབ་རྩོད་སྙིང་སྟོབས་དར་སྤེལ་གཏོང་བ། རང་ཉིད་གསར་བརྗེ་བྱེད་ཕོད་པ། ཆབ་སྲིད་ཀྱི་ཡུལ་ཁམས་དང་བསམ་བློའི་རང་གཤིས། ཀུན་སྤྱོད་བཅས་མཐོར་འདེགས་གཏོང་བ། སྣེ་ཁྲིད་དེ་ཏང་གི་དར་ཆའི་འོག་མཐུན་སྒྲིལ་དམ་ཟབ་བྱས་ནས། ཧུར་ཐག་གིས་ཏང་གི་བཀའ་ལ་ཉན་པ་དང་ཆབ་སྲིད་ཀྱི་ཆུ་ཚད་བརྟན་པ། ནུས་པ་ལྡན་པ། སྒྲིག་ལམ་དམ་པ། ནུས་པ་འབུར་དུ་ཐོན་པའི་ཞིང་ཆེན་ཏང་ཨུའི་ཚན་ཁག་འཛུགས་སྐྲུན་བྱེད་དགོས། འགན་སྒྲུབ་སྐུལ་སློང་ཁྲོད་ཁག་ཁུར་ཇེ་དྲག་ཏུ་གཏོང་བ་དང་། སློབ་སྦྱོང་རྨང་གཞི་རུ་བྱེད་པ། ལག་བསྟར་རྩ་བར་འཛིན་པ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དངོས་སུ་སློབ་སྦྱོང་དང་རྒྱུས་ལོན། བཀོལ་སྤྱོད་བྱེད་པའི་གྲུབ་འབྲས་དངོས་ལ་བརྟེན་ནས་དུས་རབས་ལ་ལྟ་ཞིབ་བྱེད་པ་དང་དུས་རབས་ལ་རྒྱུས་ལོན་བྱེད་པ། དུས་རབས་ཀྱི་སྣེ་ཁྲིད་བ། སློབ་སྦྱོང་དང་རྒྱུས་ལོན། ལག་བསྟར་བཅས་འབྲེལ་མཐུད་གཅིག་གྱུར་བྱེད་པར་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ། རང་རྟོགས་རང་རྟོན་གྲུབ་པར་བྱེད་པ། བྱེད་ཐབས་སློབ་སྦྱོང་བཟང་བོ་བྱེད་པ། འགན་འཁྲི་ཁག་ཁུར་ཇེ་བརྟན་དུ་བཏང་སྟེ། དེང་རབས་ཅན་གྱི་མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་གྲུབ་འབྲས་བཟང་བོས་ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་བ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།