ཀྲུང་གོ་བོད་ཀྱི་དྲ་བ།

ཝུའུ་ཞའོ་ཅུན་གྱིས་མགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་ཏང་ཙུའུ་ཧྲུའུ་ཅི། ཧྲིན་ཀྲང་ཚབ་མ་ཝུའུ་ཞའོ་ཅུན་གྱིས་འགོ་འཛིན་བྱས་ཏེ་ཞིང་ཆེན་སྲིད་གཞུང་ཏང་ཙུའུ་ཡི་གྲོས་ཚོགས་བསྡུས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞངི་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། སྲིད་གཞུང་ཁོངས་གཏོགས་ཀྱིས་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་པའི་བྱ་བར་ཞིབ་འཇུག་བྱས་ནས་བཀོད་སྒྲིག་བྱས།

གྲོས་ཚོགས་ནས་བསྟན་དོན། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་ནི་ཏང་གི་ཚོགས་ཆེན་ཉི་ཤུ་པ་བསྡུ་ལ་ཉེ་བ་དང་། རང་ཞིང་གི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་སྐྱོད་ལམ་གསར་བར་ཞུགས་པ། བརྒྱ་ལོ་གཉིས་པའི་འབད་འཐབ་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་གནད་འགག་དུས་སྐབས་སུ་བསྡུས་པའི་ཚོགས་ཆེན་གལ་ཆེན་ཞིག་ཡིན་པས། མཚོ་སྔོན་གྱི་མ་འོངས་པར་སྣེ་ཁྲིད་བྱེད་པར་དོན་སྙིང་གལ་ཆེན་ལྡན། སྲིད་གཞུང་ཁོངས་གཏོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་དང་ཞིང་ཆེན་ཏང་ཨུའི་སྐབས་བཅུ་བཞི་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོའི་དགོངས་དོན་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་བྱེད་རྒྱུ་དེ་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ཆབ་སྲིད་ལས་འགན་གལ་ཆེན་དུ་བརྩི་བ་དང་། དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་མཛད་སྐབས་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱེད་པ་དང་། རྒྱལ་ཡོངས་ཀྱི་དཔལ་འབྱོར་རྨང་གཞི་བརྟན་པོར་གཏོང་བའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་ཟུང་འབྲེལ་བྱས་ནས། ཏན་ཏིག་དང་ཞིབ་ཕྲ་སྒོས་དོན་འཁྱོལ་བྱེད་རྒྱུ་དམ་འཛིན་བྱེད་དགོས།

གྲོས་ཚོགས་བསྟན་དོན། སློབ་སྦྱོང་ནན་མོ་བྱེད་པ་དང་གོ་བ་ཟབ་མོ་བླངས་ཏེ། དགོངས་དོན་གྱི་ངོ་བོ་གསལ་བོར་ཤེས་པར་བྱེད་དགོས། ཞིང་ཆེན་སྲིད་གཞུང་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་སྣེ་ཁྲིད་དེ་སློབ་སྦྱོང་བྱེད་པ་དང་ཀློག་འགྲེལ་བྱེད་པ། ཟུར་ཁྲིད་བྱེད་དགོས། འགན་བགོས་པའི་ཁྱབ་ཁོངས་དང་ལས་ཁུངས། འབྲེལ་འདྲིས་ས་ཁུལ་བཅས་ལ་གཅིག་གྱུར་བཀོད་སྒྲིག་དང་མཐུན་སྦྱོར་བྱེད་པ་དང་། ལྟ་སྐུལ་མཛུབ་སྟོན་དང་རྩ་འཛུགས་ལག་བསྟར་ལ་ཤུགས་བསྣན་ཏེ། བརྗོད་སྙིང་བརྟན་པོར་གོ་བ་ཟབ་མོ་ལེན་སྐབས་བསམ་བློ་གཅིག་གྱུར་བྱེད་པ་དང་། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་གོ་བ་ཟབ་མོ་ལེན་སྐབས་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། སྤྱིའི་བླང་བྱར་གོ་བ་ཟབ་མོ་ལེན་སྐབས་མཉམ་ཤུགས་གཅིག་སྡུད་བྱེད་པ། ལས་འགན་གཙོ་བོར་གོ་བ་ཟབ་མོ་ལེན་སྐབས་སྤོབས་པ་ཆེན་པོས་མདུན་དུ་བསྐྱོད་པ། ཆབ་སྲིད་ཀྱི་རེ་བར་གོ་བ་ཟབ་མོ་ལེན་སྐབས་དཔེ་སྟོན་སྣེ་ཁྲིད་ཀྱི་ནུས་པ་བཏོན་ནས་མུ་མཐུད་དུ་སློབ་སྦྱོང་དང་དྲིལ་སྒྲོག ལག་བསྟར་བཅས་གཏིང་ཟབ་ཏུ་སྤེལ་དགོས།

གྲོས་ཚོགས་ནས་བསྟན་དོན། གནད་ས་འབུར་དུ་ཐོན་པར་བྱས་ནས་བཀོད་སྒྲིག་དང་རེ་བ་དངོས་འབེབས་ནན་མོ་བྱེད་དགོས། ཞིང་ཆེན་སྲིད་གཞུང་འགོ་ཁྲིད་ཚན་ཁག་གི་ཁོངས་མིས་དམིགས་འབེན་གཙོ་བོ་དང་གནད་འགག་ལས་འགན་ལ་གཅིག་གྱུར་སྒོས་འཆར་འགོད་བྱེད་པ་དང་། འགན་བགོས་པའི་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱེད་པ། ལག་བསྟར་དང་དངོས་འབེབས་བྱེད་པའི་གཞི་འཛིན་ས་དང་ཤུགས་སྣོན་ས། ཟུང་འབྲེལ་བྱེད་ས་བཅས་བཙལ་ནས། དམིགས་འབེན་དང་ལས་འགན་འགན་འཁུར་ལས་ཁུངས་ལ་ལས་བགོས་བྱེད་པ་དང་ལས་གཞི་གཏན་འཁེལ་གསལ་བོ་བྱེད་པ། ལས་གནས་སུ་དངོས་འབེབས་བཟང་བོ་བྱེད་དགོས། སྒུལ་ཤུགས་བསྐྱེད་པ་དམིགས་འབེན་བྱས་ཏེ་བཅོས་སྒྱུར་སྒོ་འབྱེད་གཏིང་ཟབ་ཏུ་སྤེལ་བ་དང་། བཅོས་སྒྱུར་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། སྒོ་འབྱེད་གསོན་ཤུགས་སྔར་ལས་ཇེ་ཆེར་གཏོང་བ། གསར་སྐྲུན་གསོན་ཤུགས་སྔར་ལས་ཇེ་ཆེར་བཏང་ནས། དེང་རབས་ཅན་གྱི་འཛུགས་སྐྲུན་གཏིང་ཤུགས་ཇེ་ཆེར་གཏོང་དགོས། མཉམ་དུ་ཕྱུག་པོར་འགྱུར་བ་ཁ་ཕྱོགས་བྱས་ཏེ་དམངས་ཚིས་འགན་སྲུང་ལེགས་བཅོས་བྱས་ཏེ། རྒྱུན་མཐུད་སྒོས་ཐོབ་ཚོར་ཇེ་དྲག་ཏུ་གཏོང་བ་དང་།  རྒྱུན་མཐུད་སྒོས་སྐྱིད་སྣང་ཇེ་ཆེར་གཏོང་བ། རྒྱུན་མཐུད་སྒོས་བདེ་ཚོར་ཇེ་དྲག་ཏུ་གཏོང་དགོས།

གྲོས་ཚོགས་ནས་བློ་ཐག་རྦད་ཆོད་སྒོས་རིམས་ནད་བརྟན་འགོག་དང་དཔལ་འབྱོར་འཕེལ་རྒྱས་སུ་གཏོང་བ། འཕེལ་རྒྱས་བདེ་འཇགས་ཡོང་བའི་རེ་བ་གལ་ཆེན་དངོས་འབེབས་བཟང་བོ་བྱས་ཏེ། རྒྱུན་འཁྱོངས་ལྷོད་མེད་སྒོས་རིམས་ནད་འགོག་སྡོམ་དམ་འཛིན་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས་དཔལ་འབྱོར་གྱི་རྨང་གཞི་བརྟན་པོར་ཡོང་བར་བྱེད་པ། བདེ་འཇགས་ཀྱི་ཚད་མཐའ་བརྟན་སྲུང་བྱེད་པར་མ་ཟད། གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས་པའི་རེ་བ་བཏོན།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།  །                     

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།