ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་མཇུག་བསྒྲིལ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-27
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཚོགས་ཐོག་ཏུ་སྐབས་གསར་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུ་བདམས་ཐོན་བྱུང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། ཞིན་ཁྲང་ཞིང་གིས་མགོ་འཛིན་མཛད་དེ་གསུང་བཤད་གནང་། 

1653610814656368.jpg

པར་འདི་ནི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་རྣམས་ཡིན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས26ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ལས་འགན་ཁག་སོ་སོ་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་ནས་རྒྱལ་ཁའི་ངང་མཇུག་བསྒྲིལ། 

བློ་མཐུན་ཞིན་ཁྲང་ཞིང་གིས་ཚོགས་ཆེན་ལ་མགོ་འཛིན་མཛད་དེ་གསུང་བཤད་གནང་། 

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞིན་ཁྲང་ཞིང་དང་ཝུའུ་ཞའོ་ཅུན། དབྱིན་པའེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཁྲིན་རུའེ་ཧྥིན། ལིའུ་ཀུ་ཕིང་། ཝང་ལི་མིང་། ཝང་དབྱང་། ཀྲོའུ་ཡུའེ་ཞ། ཝང་ཏ་ནན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས། 

དམིགས་བསལ་གདན་ཞུའི་འཐུས་མི་ཝང་ཅན་ཅུན་དང་རྡོ་རྗེ་རབ་བརྟན་གཉིས་ཚོགས་ཆེན་ལ་ཕེབས། 

སངས་རྒྱས་རྒྱལ་དང་། པདྨ། ཀྲང་ཀོང་རུང་བཅས་གདན་དྲངས་པ་ལྟར་གྲོས་ཚོགས་ལ་ཞུགས། ལི་མིང་ཅིན་དང་ལི་ཡུའུ་ལན། ཅཱ་གོ་མིང་། གོ་རུའུ་ཀྲུའུ། སྟག་འབུམ་ཐར། ཡུའེ་ཧྲི་ཅའོ། ཧན་ཡུས་ཀུའེ་བཅས་བརྙན་ལམ་ནས་ཡན་ལག་ཚོགས་རའི་གྲོས་ཚོགས་ལ་ཞུགས། 

གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི440ཡོད་ཅིང་། དངོས་སུ་འཐུས་མི408ཞུགས་ཡོད་པས། གཏན་འཁེལ་མི་གྲངས་དང་མཐུན། 

ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཨུ་ཡོན་དང་རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མིར་བདམས་པའི་མིང་ཐོ། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་འཐུས་མིའི་འོས་མིར་མིང་འདོན་བྱས་པའི་ཀྲའོ་ཁུ་ཀྲི་བདམས་ཐོན་བྱུང་བ་བཅས་བསྒྲགས། 

ཚོགས་ཐོག་ནས་ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་སྙན་ཞུ་སྐོར་གྱི་གྲོས་ཆོད་དང་། ཀྲུང་གུང་མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞུ་སྐོར་གྱི་གྲོས་ཆོད་ལ་གྲོས་འཆམ་བྱུང་། 

ཚོགས་ཐོག་ཏུ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་སྟོབས་ལྡན་མགོ་ཁྲིད་འོག འཐུས་མི་ཚང་མ་དང་ཚོགས་ཞུགས་བློ་མཐུན་ཐུན་མོང་གིས་འབད་བརྩོན་བརྒྱུད། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་གྲོས་རིམ་ཁག་སོ་སོ་ཕུན་སུམ་ཚོགས་པར་ལེགས་འགྲུབ་བྱུང་། ཚོགས་ཆེན་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་གྱི་ལོ་ལྔའི་བྱ་བའི་གྲུབ་འབྲས་ཕྱོགས་ཡོངས་ནས་སྤྱི་སྡོམ་བྱས་པ་དང་། ལག་ལེན་ཁྲོད་བསགས་པའི་རིན་ཐང་བྲལ་བའི་ཉམས་མྱོང་གཏིང་ཟབ་མོས་སྙིང་བཅུད་བཏོན་པ།  གོ་སྐབས་འགྲན་སློང་ལ་འཕྲད་པར་དབྱེ་ཞིབ་དོན་དང་ལྡན་པ་བྱས་པ། མ་འོངས་ལོ་ལྔའི་མཚོ་སྔོན་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་ཇུས་འགོད་ནན་ཏན་བྱས་ཏེ། བགྲོད་ལམ་གསར་པར་འབད་པས་བསྐྱོད་པ་དང་། དུས་རབས་གསར་པར་བྱས་རྗེས་འཇོག་པ། ལེའུ་གསར་པ་ལེགས་པར་རྩོམ་པའི་སྙན་ཞུ་ལེགས་པོ་གྲུབ། ཚོགས་ཐོག་ནས་རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་བདམས་ཐོན་བྱུང་བ་དང་། སྐབས་གསར་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུ་བདམས་ཐོན་བྱུང་། གྲོས་ཚོགས་འདི་ནི་དར་ཆ་མཐོན་པོར་བསྒྲེངས་པ་དང་ཁ་ཕྱོགས་སྣེ་ཁྲིད་པའི་ཚོགས་ཆེན་ཐེངས་ཤིག་ཡིན་ལ། སྔ་མཐུད་ཕྱི་སྐྱོང་དང་སྔ་འཛིན་ཕྱི་གཏོད་ཀྱི་ཚོགས་ཆེན་ཐེངས་ཤིག་ཡིན་པར་མ་ཟད། མི་སེམས་གཅིག་བསྡུ་དང་མཐུན་སྒྲིལ་མདུན་སྐྱོད་ཀྱི་ཚོགས་ཆེན་ཐེངས་ཤིག་ཀྱང་ཡིན་པས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་བསམ་བློ་ཆབ་སྲིད་དང་རྩ་འཛུགས་བཅས་ཀྱི་སྟེང་ནས་སྟོབས་ལྡན་གྱི་ཁག་ཐེག་བྱེད་ངེས་ཡིན་པར་ངོས་འཛིན་བྱས། 

ཞིན་ཁྲང་ཞིང་གིས་གསུང་བཤད་ལས་བསྟན་དོན། འགན་གཉེར་ལོ་ཚོད་དང་བྱ་བའི་དགོས་མཁོ་སོགས་ལ་རྐྱེན་བྱས་ཏེ། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུའི་བློ་མཐུན་ཁ་ཤས་ཀྱིས་སྐབས་གསར་པའི་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྒྲིག་ཨུའི་འགན་བཞེས་རྒྱུ་མིན། བློ་མཐུན་འདི་དག་གིས་འགན་བཞེས་པའི་སྐབས་སུ། མཚོ་སྔོན་གྱི་དཔལ་འབྱོར་དང་ཆབ་སྲིད། རིག་གནས། སྤྱི་ཚོགས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་དང་། ཏང་གི་འཛུགས་སྐྱོང་ལ་རྔུལ་ཁྲག་མང་པོ་བཏོན་ཏེ། བྱས་རྗེས་གལ་ཆེན་བཞག་ཡོད།  

ཞིན་ཁྲང་ཞིང་གིས་བསྟན་དོན། ཚོགས་ཆེན་གྱི་སྐབས་སུ། ཞིང་ཆེན་ཡོངས་ཀྱི་འཐབ་ལམ་སོ་སོ་ནས་ཡོང་བའི་ཏང་ཡོན་འཐུས་མིས། ཆབ་སྲིད་ཀྱི་འགན་འཁྲི་དྲག་པོ་དང་ཚོགས་རའི་སྲོལ་བཟང་ལ་བརྟེན་ནས། ཏང་གི་སྒྲིག་ཡིག་ལས་བསྩལ་པའི་དབང་ཆ་དང་འོས་འགན་འཁྲི་སྒྲུབ་ནན་ཏན་བྱས་པ་དང་། སྟོབས་དང་ལྡན་པའི་ཏང་གཤིས་རྩ་དོན་དང་དྲིན་གཟོ་འབད་བརྩོན། དཔའ་བསྐྱེད་མཐོ་སྙེག་གི་བསམ་པའི་ཉམས་འགྱུར་མངོན་པར་མཚོན་པར་བྱས་ཏེ། ཚོགས་ཆེན་ཕུན་སུམ་ཚོགས་པར་ལེགས་འགྲུབ་འབྱུང་བར་ཁག་ཐེག་བྱས། 

ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། ས་ཁུལ་སོ་སོའི་སྡེ་ཁག་སོ་སོ་དང་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་དུས་ལྟར་ཏང་གི་འཐུས་མི་ཚོགས་ཆེན་གྱི་བསམ་བློ་བརྒྱུད་སྒྲོག་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་དགོས། བརྒྱུད་སྒྲོག་ནན་ཏན་བྱས་ནས་སློབ་སྦྱོང་ནན་མོར་འཛིན་དགོས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་བསམ་བློ་བརྒྱུད་སྒྲོག་སློབ་སྦྱོང་བྱེད་པའི་གོ་རིམ་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་བའི་གསུང་བཤད་གལ་ཆེན་དང་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་པ་སྔར་ལས་ལྷག་པར་སློབ་སྦྱོང་ཟབ་མོ་དང་གོ་བ་མཐར་ཕྱིན་ལེན་པའི་གོ་རིམ་དུ་བསྒྱུར་བ་དང་། “གཏན་འཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་ཟབ་མོ་ལེན་པ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་ཐུབ་པར་བྱེད་པ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་བསམ་བློ་མཚོ་སྔོན་གྱི་ས་གཞི་ཆེན་པོའི་སྟེང་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་པ་དང་མེ་ཏོག་བཞད་ཅིང་འབྲས་བུ་སྨིན་པར་ངེས་པ་དོན་གྱིས་སྐུལ་འདེད་གཏོང་དགོས། ཐེག་གཟུགས་ཕུན་སུམ་ཚོགས་པར་བཏང་ནས་དྲིལ་སྒྲོག་ལེགས་པར་འཛིན་དགོས་ཏེ། རྩ་འཛུགས་ཀྱི་ཇུས་འགོད་ལ་ཤུགས་སྣོན་པ་དང་། བྱ་བའི་ཇུས་གཞི་བཟོ་བ། ཏང་ཡོན་ལས་བྱེད་མང་ཚོགས་ཀྱིས་ཉན་སྤྲོ་ལྟ་བདེའི་རྣམ་པས་སྒྲོག་འགྲེལ་གསལ་འགྲེལ་སྤེལ་བ། དྲིལ་སྒྲོག་གི་ཁེབས་རྒྱ་དང་གོ་རྒྱ་མུ་མཐུད་དུ་རྒྱ་སྐྱེད་པ། བསམ་སྦྱོར་གཉིས་ཚོགས་ཆེན་གྱི་བཀོད་སྒྲིག་བླང་བྱའི་སྟེང་གཅིག་གྱུར་བྱེད་པ། བློ་གྲོས་དང་སྟོབས་ཤུགས་ཚོགས་ཆེན་གྱི་གཏན་ལ་ཕབ་པའི་དམིགས་འབེན་ལས་འགན་སྟེང་གཅིག་བསྡུ་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་བསམ་བློ་སློབ་སྦྱོང་དྲིལ་སྒྲོག་ལག་བསྟར་བྱེད་པའི་མཁའ་དབུགས་ལེགས་པོ་སྐྲུན་དགོས། ཡིད་ཆེས་བརྟན་པོས་དངོས་འབེབས་ལེགས་པོར་འཛིན་དགོས་ཏེ། ཏང་འཛུགས་སྙིང་སྟོབས་ཆེན་མོ་དར་སྤེལ་གཏོང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཆ་ཚང་ལ་ཡང་དག་ཅིང་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཇུས་ཆོད་བཀོད་སྒྲིག་སྔར་ལས་རང་རྟོགས་སྒོས་ལག་བསྟར་དངོས་འབེབས་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་མུ་མཐུད་དུ་གྲུབ་འབྲས་གསར་པ་ལེན་པར་སྐུལ་འདེད་གཏོང་བ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པ་བཅས་ཀྱི་སྒོ་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་། ཏང་ཀྲུང་དབྱང་། ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་བཅས་ཐུགས་བདེ་ཡིད་ཚིམ་གྱི་རྒྱུགས་ལན་ལེགས་པར་སྤྲོད་དགོས།  

ཚོགས་ཐོག་ཏུ། འགན་འཁྲི་གསར་པ་ཕྲག་ཏུ་ལེན། དུས་རབས་གསར་པར་བྱས་རྗེས་འཇོག་ཅེས་པ་ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མའི་ཐུན་མོང་གི་ལས་འགན་ཡིན་པས། ང་ཚོ་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་སྐོར་དུ་སྔར་ལས་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོད་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པའི་དར་ཆ་རླབས་ཆེན་མཐོན་པོར་བསྒྲེངས་ཏེ། ལོ་བརྒྱ་ཕྲག་གཉིས་པའི་འབད་འཐབ་དམིགས་འབེན་གྱི་ཕྱོགས་སུ་དཔའ་ངར་ཆེན་པོས་བསྐྱོད་པ་དང་། ལོ་རྒྱུས་དང་། དུས་རབས། མི་དམངས་བཅས་ལ་ངོ་གནོང་མི་དགོས་པའི་གྲུབ་འབྲས་གསར་པ་འབད་པས་བསྐྲུན་ཏེ། འགུལ་སྐྱོད་དངོས་ལ་བརྟེན་ནས་ཏང་གི་ཚོགས་ཆེན་ཉི་ཤུ་པ་རྒྱལ་ཁའི་ངང་བསྡུ་བར་དགའ་བསུ་ཞུ་དགོས་ཞེས་འབོད་སྐུལ་བྱས། 

ཚོགས་ཆེན་ནི་རྔམ་བརྗིད་ལྡན་པའི《རྒྱལ་གླུའི》རོལ་དབྱངས་ཁྲོད་མཇུག་བསྒྲིལ། 

གྲོས་ཚོགས་ལ་ཟུར་ཞུགས་བྱེད་མཁན་ནི། ཐེངས་འདིའི་ཚོགས་ཆེན་གྱི་འཐུས་མི་མ་ཡིན་པའི་སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་། རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་བཅས་དང་། ཞིང་ཆེན་ཐག་གཏོགས་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་། ཞིང་ཆེན་དོ་དམ་ཁེ་ལས། མཚོ་སྔོན་དུ་སྡོད་པའི་ཀྲུང་དབྱང་གི་ལས་ཁུངས་ཀྱི་ཏང་ཙུའུ་འགན་ཁུར་བློ་མཐུན་གཙོ་བོ་བཅས་ཡོད། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།