ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་པ་འཚོགས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་ལྔ་པ་འཚོགས་ཤིང་། ཝུའུ་ཞའོ་ཅུན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་། 

གྲོས་ཚོགས་ལ་ཁྱོན་གྲོས་རིམ་ཁག་གསུམ་ཡོད་པ་སྟེ། གཅིག སྤྱི་ཁྱབ་འདེམས་ཤོག་ལྟ་ཞིབ་པའི་རང་རེའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་གྱི་འདེམས་སྒུག་པ་གྲ་སྒྲིག་འདེམས་བསྐོ་བྱས་འབྲས་སྐོར་གྱི་སྙན་ཞུ་ལ་ཉན། གཉིས། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པར་ཞུགས་མཁན་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་གྱི་འོས་མིའི་མིང་ཐོར་གྲོས་འཆམ་བྱུང་། གསུམ། སྐབས་བཅུ་གསུམ་པའི་ཞིང་ཆེན་ཏང་ཨུའི་སྙན་ཞུ་དང་ཞིང་ཆེན་སྒྲིག་ཁྲིམས་ཨུའི་བྱ་བའི་སྙན་ཞུའི་གྲོས་ཆོད(འཆར་ཟིན)ལ་གྲོས་ཞིབ་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་བཅས་ལ་ཉན་པ་རེད། 

གྲོས་ཚོགས་སྟེང་ལག་པ་བཀྱགས་ནས་བརྡས་ཐག་གཅོད་པའི་རྣམ་པ་སྤྱད་ནས། རང་རེའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་བཅུ་བཞི་པའི་ཞིང་ཆེན་ཏང་ཨུའི་རྗེས་སྣོན་ཨུ་ཡོན་གྱི་འོས་མིའི་མིང་ཐོར་གྲོས་འཆམ་བྱུང་བ་རེད། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།