ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས25ཉིན་གྱི་སྔ་དྲོར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཞིན་ཁྲང་ཞིང་དང་། ཝུའུ་ཞའོ་ཅུན། ཡན་པའེ། ཡུས་ཚུང་ལི། མཱ་ཅི་ཞའོ། ཁྲིན་རུའེ་ཧྥིན། ལིའུ་ཀུ་ཕིང་། ཝང་ལི་མིང་། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ། ཝང་ཏ་ནན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བཞུགས་ཡོད།  

ཡན་པའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། གྲོས་ཚོགས་ལ་བསླེབ་དགོས་པའི་འཐུས་མི440ཡོད་ཅིང་། དངོས་སུ་སླེབས་པའི་འཐུས་མི408ཡོད། ཁྲིམས་ཀྱི་གཏན་འབེབས་བྱས་པའི་མི་གྲངས་དང་མཐུན། 

གྲོས་ཚོགས་ཀྱིས་ལག་པ་བཀྱགས་ནས་གྲོས་ཐག་གཅོད་པའི་རྣམ་པས། ཚོགས་ཆེན་གྱི《འདེམ་བསྐོ་བྱེད་ཐབས》(འཆར་ཟིན)ལ་གྲོས་འཆམ་བྱུང་བ་དང་། ཚོགས་པ་བཀར་ནས་གྲ་སྒྲིག་འདེམ་བསྐོ་དང་། ཚོགས་ཆེན་གྱི་འདེམ་ཤོག་ལྟ་ཞིབ་པ་དང་སྤྱིའི་འདེམ་ཤོག་ལྟ་ཞིབ་པའི་གྲོས་འདོན་མིང་ཐོ་ལ་གྲོས་འཆམ་བྱུང་། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།