ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པས་ཚན་ཆུང་དབྱེ་ནས་ཞིང་ཆེན་སྒྲིག་ཨུ་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞུ་ལ་བགྲོ་གླེང་བྱས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་རྣམས་ཚན་ཆུང་དབྱེ་ནས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་སྙན་ཞུ་ལ་བགྲོ་གླེང་བྱས་པ་མཉམ་དུ། ཞིང་ཆེན་སྒྲིག་ཨུ་སྐབས་བཅུ་གསུམ་པའི་བྱ་བའི་སྙན་ཞུ་ལ་བགྲོ་གླེང་ཛ་དྲག་བྱས།

བགྲོ་གླེང་ཁྲོད། འཐུས་མི་རྣམས་ཀྱིས། ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལག་བསྟར་ཟབ་མོ་བྱས་ཡོད་པ་དང་། ཀྲུང་དབྱང་སྒྲིག་ཨུའི་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱ་ཕྱོགས་ཡོངས་ནས་དངོས་འབེབས་བྱས་ཤིང་། ཏང་གི་རང་ཉིད་གསར་བརྗེ་གཙོ་སྐུད་དུ་འཛིན་པར་སྐུལ་འདེད་བཏང་ནས། གྲུབ་འབྲས་སྤྱི་སྡོམ་དངོས་ཐོག་བདེན་འཚོལ་ཡིན་པ་དང་། མྱོང་རྟོགས་སྙིང་བསྡུས་བྱས་པ་གཏིང་ཟབ་ཡིན་ལ། གྲོས་གཞི་བཏོན་པ་ངེས་པ་དོན་གྱིས་བེད་སྤྱོད་རུང་ཞིང་། རང་ཞིང་གིས་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་རུལ་སུངས་ལ་རྒོལ་བའི་འཐབ་རྩོད་ལ་སྐུལ་འདེད་བཏང་བའི་བྱ་བའི་གྲུབ་འབྲས་ཕུན་སུམ་ཚོགས་པར་མཚོན་ཡོད་པར་མ་ཟད། ཞིང་ཆེན་ཏང་ཨུས་ཏང་ནན་གྱིས་སྐྱོང་བར་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བའི་བློ་སྤོབས་བརྟན་པོ་དང་ཆབ་སྲིད་འགན་ཁུར་མངོན་པར་བྱས་ཡོད་པས། བློ་ཕུགས་གསལ་བ་དང་། དམིགས་འབེན་གསལ་པོ། མི་སེམས་ལ་སྐུལ་མ་ཐེབས་པ། འགན་འཁྲི་ཁུར་ལེན་ཕོད་པའི་སྙན་ཞུ་ལེགས་པོ་ཞིག་རེད་ཅེས་པའི་བསམ་ཚུལ་བསྟན། 

འཐུས་མི་རྣམས་ཀྱིས་གཅིག་མཐུན་གྱི་བསྟན་དོན། བསམ་སྦྱོར་གཉིས་ངེས་པ་དོན་གྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་སྟེང་གཅིག་གྱུར་བྱེད་པ་དང་། རུལ་སུངས་བྱེད་མི་ཕོད་པ་དང་། བྱེད་མི་ཐུབ་པ། བྱེད་མི་འདོད་པ་བཅས་གཅིག་གྱུར་གྱིས་སྐུལ་འདེད་རྒྱུན་འཁྱོངས་བྱེད་པ། རུལ་སུངས་ལ་ཉེས་གཅོད་དང་། ལམ་ལུགས་ཀྱིས་གཅུན་པ། གོ་རྟོགས་མཐོར་འདེགས་བཅས་གཞི་གཅིག་ཏུ་ཤུགས་འདོན་པ་རྒྱུན་འཁྱོངས་བྱེད་པ། སྔར་ལས་ཡིད་ཆེས་བརྟན་པོ་དང་། རྣམ་འགྱུར་ནན་མོ། བྱེད་ཐབས་སྟོབས་ལྡན་བཅས་ལ་བརྟེན་ནས། སྐད་ཅིག་ཙམ་ཡང་མི་སྡོད་པར་ཕྱོགས་ཡོངས་ནས་ཏང་ནན་གྱིས་སྐྱོང་བ་དང་། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་། རུལ་རྒོལ་འཐབ་རྩོད་བཅས་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ལས་བྱེད་པའི་བྱ་སྤྱོད་ལེགས་པ་དང་། སྲིད་གཞུང་གི་སྤྱོད་པ་གཙང་བ། ཆབ་སྲིད་ལ་སྒྲིག་ཁྲིམས་ལྡན་པ། སྤྱི་ཚོགས་དྭངས་གཙང་ཡིན་པའི་ཆབ་སྲིད་སྐྱེ་ཁམས་དང་འཕེལ་རྒྱས་ཁོར་ཡུག་འབད་པས་བསྐྲུན་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་འབད་པས་རྩོམ་པར་སྟོབས་དང་ལྡན་པའི་འགན་སྲུང་མཁོ་སྤྲོད་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།