ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོ་གུང་ཁྲང་ཏང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཐེངས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས24ཉིན་གྱི་ཕྱི་དྲོར། ཀྲུང་གོ་གུང་ཁྲང་ཏང་མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཐེངས་བཅུ་བཞི་པའི་ཀྲུའུ་ཞི་ཚོགས་པས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་ཤིང་། ཡན་པའེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། 

གྲོས་ཚོགས་ལ་གྲོས་རིམ་དྲུག་ཡོད་དེ། གཅིག ཚོགས་ཆེན་དྲུང་ཡིག་ཁྲུའུ་ཡི་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་སྙན་ཞུ་དང་ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུ་གཉིས་ལ་བགྲོ་གླེང་བྱས་པའི་གནས་ཚུལ་སྐོར་གྱི་སྤྱིའི་སྙན་ཞུ་ལ་ཉན་པ་དང་། འཐུས་ཚབ་ཚོགས་པ་སོ་སོས་ཡིག་ཐོག་ནས་ཞིང་ཆེན་ཏང་ཨུ་སྐབས་བཅུ་གསུམ་པའི་སྙན་ཞུ་དང་ཞིང་ཆེན་སྒྲིག་ཨུའི་བྱ་བའི་སྙན་ཞུ་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་ཡར་ཞུ་བྱས་པ། གཉིས། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོའི་རང་ཞིང་གི་ཏང་གི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་འཐུས་མི་དང་། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཨུ་ཡོན་དང་རྗེས་སྣོན་ཨུ་ཡོན། ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་འོས་མིའི་གྲ་སྒྲིག་འོས་མི་དཔྱད་འདེམ་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ། གསུམ། ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་གྱི་གྲ་སྒྲིག་འོས་མིའི་མིང་ཐོ་ལ་གྲོས་འཆམ་བྱུང་བ། བཞི། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོའི་ཚོགས་ཆེན་གྱི《འདེམ་བསྐོ་བྱེད་ཐབས》(འཆར་ཟིན་གྲོས་ཞིབ་ཟིན་བྲིས)ལ་བགྲོ་གླེང་བྱས་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ། ལྔ། ཚོགས་ཆེན་གྱི《འདེམ་བསྐོ་བྱེད་ཐབས》(འཆར་ཟིན)ལ་གྲོས་འཆམ་བྱུང་བ། དྲུག ཚོགས་པ་དབྱེ་ནས་གྲ་སྒྲིག་འདེམ་བསྐོ་དང་ཚོགས་ཆེན་གྱི་འདེམ་བསྐོའི་འདེམ་ཤོག་ལྟ་ཞིབ་པ་དང་སྤྱིའི་འདེམ་ཤོག་ལྟ་ཞིབ་པའི་གྲོས་འདོན་མིང་ཐོ་ལ་གྲོས་འཆམ་བྱུང་བ་བཅས་ཡིན། 

ཚོགས་ཐོག་ནས་ཞིང་ཆེན་ཏང་ཨུ་སྐབས་བཅུ་བཞི་པའི་ཨུ་ཡོན་དང་ཞིང་ཆེན་སྒྲིག་ཨུའི་ཨུ་ཡོན་གྱི་གྲ་སྒྲིག་འོས་མིའི་མིང་ཐོ་འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཚོགས་ལ་སྤྲད་ནས་གྲ་སྒྲིག་འདེམ་བསྐོ་བྱེད་དུ་འཇུག་རྒྱུའི་གྲོས་འཆམ་བྱུང་། ཚོགས་ཐོག་ནས་ཚོགས་ཆེན་གྱི《འདེམ་བསྐོ་བྱེད་ཐབས》(འཆར་ཟིན)དང་། ཚོགས་པ་དབྱེ་ནས་གྲ་སྒྲིག་འདེམ་བསྐོ་དང་ཚོགས་ཆེན་གྱི་འདེམ་བསྐོའི་འདེམ་ཤོག་ལྟ་ཞིབ་པ་དང་སྤྱིའི་འདེམ་ཤོག་ལྟ་ཞིབ་པའི་གྲོས་འདོན་མིང་ཐོ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པར་སྤྲད་ནས་བརྡས་ཐག་གཅོད་དུ་འཇུག་རྒྱུའི་གྲོས་འཆམ་བྱུང་། ། 

རྩོམ་སྒྲིག་པ། : གསང་བདག་རྒྱལ།