ཀྲུང་གོ་བོད་ཀྱི་དྲ་བ།

ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་དེ་རིང་གི་མཚོ་སྔོན་གྱི་སྐོར་འདི་ལྟར་བརྗོད་ཡོད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཟླ5པའི་ཚེས23ཉིན། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ཟི་ལིང་དུ་གཟབ་རྒྱས་ངང་འཚོགས་ཤིང་། ཞིན་ཁྲང་ཞིང་གིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚབ་བྱས་ནས། ཚོགས་ཆེན་སྟེང་སྙན་ཞུ་ཕུལ་བ་དང་སྙན་ཞུའི་ནང་དེ་རིང་གི་མཚོ་སྔོན་གྱི་སྐོར་འདི་ལྟར་བརྗོད་ཡོད།


དེ་རིང་གི་མཚོ་སྔོན།

རྣམ་པ་བསྒྱུར་པའི་འཕེལ་རྒྱས་ཀྱི་སྣེ་ཁྲིད་སྔར་ལས་མངོན་གསལ་ཡིན་པ་དང་།

སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བགྲོད་ལམ་ལ།

མདུན་ལྗོངས་སྔར་ལས་ཡངས་ཤིང་རྒྱ་ཆེ་བར་བཏང་ཡོད། 


དེ་རིང་གི་མཚོ་སྔོན།

མི་དང་རང་བྱུང་ཁམས་སྔར་ལས་འཆམ་མཐུན་དང་། 

མི་རྣམས་ལ་ཞི་འཇགས་དྭངས་གཙང་གི་ཁོར་ཡུག་ཅིག་དང་།

ས་གཞི་དང་ནམ་མཁའ་ཡུག་གཅིག་ཏུ་འདྲེས་ཤིང་། སྐྱེ་སྟོབས་ཀྱི་དཔལ་འབར་བའི་མཛེས་སྡུག་གི་ཡུལ་ལྗོངས་བསྐྲུན་ཡོད། 


དེ་རིང་གི་མཚོ་སྔོན།

རིགས་སོ་སོའི་མང་ཚོགས་ཀྱི་སྟོབས་ཤུགས་དང་འབད་བརྩོན་ལ་བརྟེན་ནས།

ཁྱོན་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སུ་མཉམ་དུ་བསྐྱོད་པ་མངོན་འགྱུར་བྱུང་ཞིང་།

དྲང་བདེན་དང་ཡིད་ཆེས་ཀྱི་རེ་ལྟོས་ཆེན་པོས།

མཉམ་གཅིག་ཏུ་འབྱོར་ཕྱུག་ལྡན་པའི་དམིགས་འབེན་ཕྱོགས་སུ་གོམ་ཆེན་སྤོ་བཞིན་ཡོད། 


དེ་རིང་གི་མཚོ་སྔོན།

རིགས་སོ་སོའི་མང་ཚོགས་ཀྱི་མཐུན་སྒྲིལ་གྱི་མཛའ་བརྩེ་དམ་ལ། ཕན་ཚུན་ཁྱིམ་ཚང་གཅིག་ལྟར་བརྩེ་བའི་སྒོ་ནས།

སྤྱི་ཁྱབ་ཧྲུའུ་ཅི་དང་། ཏང་ཀྲུང་དབྱང་ལ་ལྷག་བསམ་དཀར་ཞིང་།

བློ་བརྟན་འགྱུར་མེད་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་དྲིན་དྲན་པ། ཏང་གི་རྗེས་སུ་འབྲང་བཞིན་ཡོད།


དེ་རིང་གི་མཚོ་སྔོན།

སྤྱི་ཚོགས་འཆམ་ཞིང་བརྟན་ལ་འཇགས།

དམངས་ཀྱི་འཚོ་བ་བདེ་ཞིང་སྐྱིད།

རིགས་སོ་སོའི་མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་།

མུ་མཐུད་དུ་གོང་དུ་འཕེལ་བཞིན་ཡོད།


དེ་རིང་གི་མཚོ་སྔོན།

ཏང་གི་ཆབ་སྲིད་ཀྱི་མགོ་ཁྲིད་ནུས་པ།

བསམ་བློའི་ཁྲིད་སྟོན་གྱི་ནུས་པ།

མང་ཚོགས་རྩ་འཛུགས་ཀྱི་ནུས་པ།

སྤྱི་ཚོགས་འབོད་སྐུལ་གྱི་ནུས་པ་བཅས།

མངོན་གསལ་གྱིས་གོང་དུ་འཕེལ་ཡོད།

ཏང་གིས་མི་རིགས་ས་ཁུལ་དུ་ཆབ་སྲིད་ལག་བསྟར་བྱེད་པའི་རྩ་བའི་རྨང་གཞི་སྔར་ལས་སྲ་ཞིང་བརྟན། །

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།