ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོར་བལྟས་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

生态管护员收看党代会开幕(9358079)-20220524102848_副本.jpg

པར་འདི་ནི་མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་སྐྱེ་ཁམས་དོ་དམ་སྲུང་སྐྱོང་ས་ཚིགས་ཀྱི་བདག་སྐྱོང་པས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ་རེད།

社区组织的老党员和少数民族党员群众观看盛(9358075)-20220524102957_副本.jpg

པར་འདི་ནི་ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་ཧུའུ་ཐའེ་སྲང་ལམ་ཞིན་ཞུས་སྡེ་ཁུལ་གྱིས་ཏང་ཡོན་རྒན་གྲས་རྩ་འཛུགས་བྱས་ནས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ་རེད།

社区组织的老党员和少数民族党员群众观看盛(9358077)-20220524102946_副本.jpg

པར་འདི་ནི་གྲངས་ཉུང་མི་རིགས་ཀྱི་ཏང་ཡོན་དང་མང་ཚོགས་ཀྱིས་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ་རེད།

图2(9358191)-20220524102935_副本.jpg

པར་འདི་ནི་དཔའ་ལུང་ཧུའེ་རིགས་རང་སྐྱོང་རྫོང་ཀ་མདོ་གྲོང་རྡལ་ཏང་ཨུས་གྲོང་ཚོའི་ཏང་ཡོན་དང་མང་ཚོགས་རྩ་འཛུགས་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ་རེད།

微信图片_20220523105707(9358170)-20220524102922_副本.jpg

པར་འདི་ནི་མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་ཏུང་གུག་ཤང་གིས་ཤང་ཡོངས་ཀྱི་ཏང་ཡོན་དང་མང་ཚོགས530རྩ་འཛུགས་བྱས་ཏེ་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་བཞིན་པའི་རྣམ་པ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས23ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་གཟབ་རྒྱས་ངང་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་ཚད་མཐོའི་དོ་ཁུར་བྱས་ཤིང་། གཅིག་བསྡུས་སམ་ཡང་ན་ཁ་ཐོར་ངང་བརྙན་འཕྲིན་དང་རླུང་འཕྲིན། དྲ་རྒྱ་སོགས་བརྒྱུད་དེ་ཚོགས་ཆེན་གྱི་ཐད་གཏོང་ལ་ལྟ་ཉན་བྱས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུར་ཉན་པ་དང་འབྱུང་འགྱུར་འཕེལ་རྒྱས་ཀྱི་འཆར་འགོད་ལ་དོ་སྣང་ཆེན་པོ་བྱས། ཚང་མས་ཐེངས་འདིའི་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་ལས་འགན་གསར་པར་དམ་པོར་དམིགས་ཏེ་ཡིད་ཆེས་བརྟན་པོ་དང་། ལས་གནས་ལ་གཞི་ཚུགས་པ། དཀའ་སྤྱད་དངོས་སྒྲུབ་བཅས་བྱས་ནས། འཕེལ་རྒྱས་ཀྱི་བསམ་ཕྱོགས་རྒྱུན་ཆད་མེད་པར་གསར་གཏོད་དང་རང་ངོས་ཀྱི་ཕྱོགས་བསྡུས་བྱང་ཚད་ཇེ་མཐོ་རུ་བཏང་སྟེ། ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་བསྐྲུན་པའི་མཚོ་སྔོན་གྱི་ལེའུ་རྩོམ་པར་སྟོབས་ཤུགས་འབུལ་དགོས་ཞེས་བཤད།

མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཏུ་མཚོ་སྔོན་ཀྲུང་ཁོང་ཉི་ནུས་གློག་འདོན་ཚད་ཡོད་ཀུང་སིས་ཏང་ཡོན་ལས་བྱེད་པ་ཡོངས་དང་ལས་བཟོ་བའི་འཐུས་མི་ཁ་ཤས་རྩ་འཛུགས་བྱས་ཏེ། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་མགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་གཅིག་བསྡུས་ངང་བལྟས་པ་རེད། ཀུང་སིའི་ཏང་ཀྲི་པུའི་ཧྲུའུ་ཅི་ཧྥན་ཡུས་ཧྭ་ཡིས“ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུ་ཡིས་མི་སེམས་ལ་སྐུལ་མ་ཐེབས་པ་དང་། འབད་འབུངས་ཡར་བརྩོན་བྱས་ཏེ་སླད་ཕྱིན་གྱི་ལས་ཀའི་ཁྲོད་ངས‘གནས་བཞི’འཕེལ་རྒྱས་ཀྱི་འཐབ་ཇུས་བརྟན་སྲུང་བྱས་ནས་མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ཀྱི་མཐོ་ས་མུ་མཐུད་བསྐྲུན་རྒྱུ་ཡིན”ཞེས་བཤད།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་ཀྱིས་དགའ་སྤྲོའི་ངང་མགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་ལྟ་ཉན་བྱས་ནས། ཚོགས་ཆེན་གྱི་སྙན་ཞུར་ནན་ཏན་ཉན་པ་དང་གོ་བ་གཏིང་ཟབ་བླངས་པ་རེད། སྙན་ཞུའི་ནང་སླད་ཕྱིན་ལོ་ལྔའི་འཕེལ་རྒྱས་འཆར་འགོད་བྱས་ཏེ་དུས་རབས་གསར་པའི་སྐྱོད་ལམ་གསར་པར་གཞི་ཚུགས་ནས། བློ་བརྟན་འགྱུར་མེད་ངང་ཏང་གི་རྗེས་སུ་འབྲངས་བ་དང་། སྔོན་མེད་སྙིང་སྟོབས་ཀྱིས་སྔར་ལས་མཐོ་བའི་རྐང་ཚུགས་སར་དཀའ་གནད་འགག་སྒྲོལ་དང་དངོས་འཛིན་དངོས་སྒྲུབ་བྱས་ཏེ། “གུང་ཧོ་གཤོང་ས”འཛུགས་སྐྲུན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བ་དང་ཡར་ཐོན་གསར་པ་མངོན་འགྱུར་བྱ་རྒྱུ་ཡིན་ཞེས་བསྟན། 

མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཏང་ཡོན་ལས་བྱེད་པ་དང་མང་ཚོགས་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་ཐད་གཏོང་ལ་བལྟས་པ་དང་། ཚོགས་ཆེན་གྱི་སྙན་ཞུར་ཉན་རྗེས་ཁོང་ཚོའི་སེམས་ཤུགས་ཆེས་ཆེར་འཕེལ་ནས་འབྱུང་འགྱུར་གྱི་འཕེལ་རྒྱས་ལ་རེ་སྒུག་གིས་ཁེངས་ཡོད། “རྗེས་མར། ང་ཚོས་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱས་ཏེ། གྲོང་ཚོ་ཡོངས་ཀྱི་མང་ཚོགས་ཀྱི་སྣེ་ཁྲིད་ནས་འབད་འབུངས་ཡར་བརྩོན་གྱིས་སྔར་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་བསྐྲུན་དགོས”ཞེས་རྐང་ཚ་རྫོང་དཀོན་ལོ་ཚང་གོང་མ་སྡེ་བའི་ཏང་ཀྲི་པུའི་ཧྲུའུ་ཅི་གཞོན་པས་ཡིད་ཆེས་ཀྱིས་ཁེངས་པའི་སྒོ་ནས་བཤད།

རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་ལས་བྱེད་མང་ཚོགས་ཚོས་བརྙན་འཕྲིན་དང་དྲ་རྒྱ་སོགས་ལས་སྟེགས་བརྒྱུད་དེ། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་མགོ་ཚུགས་མཛད་སྒོའི་ཐད་གཏོང་ལ་བལྟས་བར་ཁུལ་ཡོངས་སུ་གྲོས་བསྡུར་འཁྲུག་པོ་བྱུང་བ་རེད། ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་གོ་བ་གཏིང་ཟབ་བླངས་ནས། ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྟོབས་ཤུགས་འབུལ་དགོས་ཞེས་བཤད། ཐུན་རིན་གྲོང་ཁྱེར་མགར་རྩེ་ཤང་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཤང་ཀྲང་བྱམས་པ་བསྟན་འཛིན་གྱིས“ང་ཚོས་བསམ་བློ་དང་བྱ་སྤྱོད་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པའི་དགོངས་དོན་དང་གཅིག་གྱུར་ཡོང་བ་དང་། ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་བླང་བྱའི་ཐོག་གཅིག་གྱུར་ཡོང་བ། ཤང་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱེད་པ། འབད་འབུངས་ཆེར་བསྐྱེད་དང་། ལག་བསྟར་བྱ་རྒྱུར་སྒྱིད་ལུག་མི་བྱེད་པ། རྨང་གཞི་ཞན་པའི་ཆ་ཁ་གསབ་བྱེད་པ། འཕེལ་རྒྱས་ཞན་པའི་ཆ་གསབ་པ། གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་གྱི་ཐུན་རིན་གྱི་ལེའུ་ཧུར་ཐག་གིས་རྩོམ་དགོས”ཞེས་བཤད།

ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཐད་གཏོགས་ལས་ཁུངས་ཀྱི་ཏང་ཡོན་ལས་བྱེད་པས་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུའི་ནང་མཚོ་སྔོན་གྱི་བུ་དང་བུ་མོ་ཚོས་འདས་ཟིན་པའི་ལོ་ལྔའི་ནང་འབད་འབུངས་ཡར་བརྩོན་བྱས་པའི་རྗེས་ཤུལ་ཡོད་ལ། དུས་རབས་གསར་པའི་མཚོ་སྔོན་འཕེལ་རྒྱས་ཀྱི་བརྗིད་ཆེ་བའི་འཆར་གཞི་ཡང་བཀོད་ཡོད། ཚང་མས་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་ཡག་པོ་བྱས་ཏེ། ཡུས་ཧྲུའུ་ཁུལ་གྱིས་ཐོན་ལས་དར་རྒྱས་དང་ལྗང་མདོག་འཕེལ་རྒྱས། དམངས་འཚོ་ལེགས་སྒྱུར་བཅས་ཀྱི་ཐད་ཚད་བརྒལ་གསར་བ་བྱུང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཡུས་ཧྲུའུ་གསར་པ་འཛུགས་སྐྲུན་བྱ་ཆེད་ལེགས་སྐྱེས་འབུལ་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་གཅིག་བསྡུས་ངང་ཚོགས་ཆེན་གྱི་ཐད་གཏོང་ལ་བལྟས་པ་དང་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྙན་ཞུར་ཉན་པ་རེད། ཁུལ་ཨུ་རྩ་འཛུགས་པུའུ་ཡི་རྒྱུན་ལས་པུའུ་ཀྲང་གཞོན་པ་ཀན་ཧྲེང་ཧུང་གིས“ངས་སྙན་ཞུའི་དགོངས་དོན་གྱི་ངོ་བོར་སློབ་སྦྱོང་སྔར་བས་གཏིང་ཟབ་བྱས་ནས། ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དེ་སླད་ཕྱིན་ལས་དོན་གྱི་བྱ་སྤྱོད་ཕྱོགས་སྟོན་དུ་བརྩིས་ཏེ། ལས་དོན་ལེགས་པའི་ཕྱོགས་སུ་སྐུལ་འདེད་གཏོང་བ་དང་དོན་དངོས་ཕྱོགས་སུ་འཕེལ་རྒྱས་གཏོང་བའི་འགག་གནད་སྒྲོལ་ས་དང་དོན་ལ་བབས་ས་ཡང་དག་བཙལ་ནས། འབྱོར་ཕྱུག་དཔལ་ཡོན་འཆམ་མཐུན་མཛེས་སྡུག་གི་མགོ་ལོག་གསར་པ་བསྐྲུན་ཆེད་སྟོབས་ཤུགས་འབུལ་རྒྱུ་ཡིན”ཞེས་བཤད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།