ཀྲུང་གོ་བོད་ཀྱི་དྲ་བ།

རླབས་ཆེན་གྱི་དུས་རབས་སྟོང་ཟད་དུ་མི་གཏོང་བར་མུ་མཐུད་དུ་འབད་བརྩོན་བྱེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

པར་འདི་ནི་ཚོགས་ཆེན་གྱི་ཡུལ་དངོས་ཡིན།

པར་འདི་ནི་ཏང་གི་འཐུས་མི་ཚོགས་རར་བསྐྱོད་བཞིན་པའི་རྣམ་པ་ཡིན།

ཟླ་ལྔ་པའི་ཟི་ལིང་ནི་ཉི་འོད་རབ་རུ་འཕྲོ་ཞིང་གསོན་ཤུགས་རྒྱས་པ་ཞིག་ཡིན། ཚེས23ཉིན་གཟབ་རྒྱས་ངང་འཚོགས་པའི་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་ལོ་རྒྱུས་སུ་བརྟན་པོར་འགོད་ངེས་ཡིན། འདི་ནི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱ་རྒྱུ་དང་། ལོ་བརྒྱ་གཉིས་པའི་འབད་འཐབ་ཀྱི་དམིགས་འབེན་ཕྱོགས་སུ་བསྐྱོད་པའི་རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་འགག་རྩའི་དུས་སྐབས་སུ་འཚོགས་པའི་གལ་འགངས་ཆེ་བའི་ཚོགས་འདུ་ཞིག་རེད། 

སྔ་དྲོའི་དུས་ཚོད8:30ཡས་མས་སུ། འགྲུལ་སྐྱེལ་རླངས་འཁོར་རེ་རེ་རིམ་པ་བཞིན་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཕྱི་རོལ་དུ་སླེབས་ཤིང་། རེ་སྒུག་དང་མངགས་བཅོལ་ཟབ་མོ་ཕྲག་ཏུ་འཁུར་ནས་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞུགས་པའི་འཐུས་མི་ཚོས་བློ་སྤོབས་ཆེར་བསྐྱེད་དང་སྙིང་སྟོབས་ཆེན་པོས་ཚོགས་རར་བསྐྱོད་བཞིན་ཡོད། 

འདས་ཟིན་པའི་ལོ་ལྔའི་ནང་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཇི་ལྟ་བུ་ཞིག་ཡིན་ནམ། རྗེས་མར་ཇི་ལྟར་མུ་མཐུད་དུ་འབད་འཐབ་བྱེད་དགོས་སམ། ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པར་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་རེ་སྒུག་དང་དོ་ཁུར་བྱས་ཡོད། 

ཚོགས་རའི་ནང་འོད་སྟོང་འཕྲོ་བའི་ཏང་རྟགས་མཐོན་པོར་བཀལ་ནས་དམར་མདངས་བཀྲ་བའི་དར་དམར་གཡས་གཡོན་གཉིས་སུ་བསྒྲེངས་ཡོད། ཐོག་སོ་གཉིས་པའི་སྟེགས་བུའི་སྟེང“བློ་བརྟན་འགྱུར་མེད་སྒོས་སྤྱི་ཁྱབ་ཧྲུའུ་ཅིས་མཛུབ་ཁྲིད་ནང་བཞིན་མདུན་སྐྱོད་བྱས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་མཚོ་སྔོན་གྱི་ལེའུ་རྩོམ་དགོས”ཞེས་བཀལ་ཡོད་པའི་སྦྱར་ཡིག་གིས་མི་སེམས་ལ་སྐུལ་མ་ཐེབས་པར་བྱེད། 

སྔ་དྲོའི་དུས་ཚོད9ཡི་སྟེང་། རྔམ་བརྗིད་ལྡན་པའི་རྒྱལ་གླུའི་འགྱུར་ཁུག་ཁྲོད་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འགོ་ཚུགས་ཤིང་། བློ་མཐུན་ཞིན་ཁྲང་ཞིང་གིས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་ཨུ་ཡོན་ལྷན་ཁང་སྐབས་བཅུ་གསུམ་པའི་ཚབ་བྱས་ཏེ་ཚོགས་ཆེན་ལ་སྙན་ཞུ་ཕུལ། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།