ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་གཅིག་ཏུ་ཏང་གི་འཐུས་མི་ཚོགས་ཆེན་ཤེས་བྱར་སློབ་སྦྱོང་བྱེད། ཏང་གི་འཐུས་མི་ཚོགས་ཆེན་དུས་ཚོད་ག་ཚོད་ནང་ཐེངས་རེར་འཚོགས་དགོས་སམ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་མི་འགྱངས་བར་འཚོགས་ལ་ཉེ། 

དེ་ན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྐོར་ཁྱོད་ཀྱིས་ཇི་ཙམ་ཤེས་སམ། 

ཏང་གི་འཐུས་མི་ཚོགས་ཆེན་དུས་ཡུན་ག་ཚོད་ནང་ཐེངས་རེར་འཚོགས་བཞིན་ཡོད་དམ། 

ཏང་གི་ས་ཁུལ་གྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པའི་དུས་ཡུན་ཇི་ཙམ་ཡིན་ནམ།  

མཉམ་གཅིག་ཏུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཤེས་བྱ་ལ་རྒྱུས་ལོན་ཞིག་བྱ།


ཏང་གི་འཐུས་མི་ཚོགས་ཆེན་ནི་དུས་ཡུན་ག་ཚོད་ནང་ཐེངས་རེར་འཚོགས་དགོས་སམ།  

གཏན་འབེབས་ཀྱི་སྒྲིག་གཞི་གཞིར་བཟུང་། ཏང་གི་ས་གནས་གྱི་རིམ་པ་སོ་སོའི་འཐུས་མི་ཚོགས་ཆེན་ནི་ཆ་སྙོམས་ཀྱིས་ལོ་ལྔ་རེའི་ནང་ཐེངས་གཅིག་རེ་འཚོགས་བཞིན་ཡོད། གལ་ཏེ་ཕྱིར་འགྱངས་དང་སྔོན་ལ་འཚོགས་དགོས་ཚེ། གོང་རིམ་ཏང་གི་ཨུ་ཡོན་ལྷན་ཁང་གི་མཆོག་མཆན་བརྒྱུད་དགོས། ཕྱིར་འགྱངས་དུས་ཚོད་ལོ་གཅིག་བརྒལ་མི་ཆོག

ཏང་གི་འཐུས་མི་ཚོགས་ཆེན་གྱི་ཐེངས་གྲངས་དང་ཨུ་ཡོན་ལྷན་ཁང་གི་སྐབས་གྲངས་ལ་ཇི་ལྟར་རྒྱུས་ལོན་བྱེད་དགོས་སམ། 

སྤྱིར་བཏང་གི་གནས་ཚུལ་འོག ཀྲུང་དབྱང་དང་ས་གནས་ཀྱི་ཏང་གི་རྩ་འཛུགས་ཀྱིས། ཏང་གི་སྒྲིག་ཡིག་ནང་གཏན་འབེབས་བྱས་པའི་དུས་ཚོད་གཞིར་བཟུང་ནས་ཏང་གི་འཐུས་མི་ཚོགས་ཆེན་འཚོགས་པའི་སྒྲིག་རིམ་དེ་ལ་ཐེངས་ཟེར། ཏང་གི་ཐེངས་རེའི་ཏང་གི་འཐུས་མི་ཚོགས་ཆེན་གྱིས་བདེམས་བསྐོ་བྱས་པའི་ཨུ་ཡོན་ལྷན་ཁང་གི་སྒྲིག་རིམ་དེ་ལ་སྐབས་ཟེར། དེ་མིན་ཐེངས་རེའི་ཨུ་ཡོན་ལྷན་ཁང་གི་འགན་བཞེས་པའི་དུས་ཡུན་ནང་འཚོགས་པའི་ཨུ་ཡོན་ལྷན་ཁང་ཡོངས་ཀྱི་ཨུ་ཡོན་གྲོས་ཚོགས་ཀྱི་སྒྲིག་རིམ་ལ་ཐེངས་ཟེར།  

 ཏང་གི་ས་གནས་ཀྱི་རིམ་པ་སོ་སོའི་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པའི་དུས་ཡུན་ཇི་ཙམ་ཡིན་ནམ། 

དེ་ནི་ཏང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཆུའུ་བཙུགས་ཡོད་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་གྱི་ཨུ་ཡོན་ལྷན་ཁང་གིས་སྐབས་རེ་རེར་འགན་འཁུར་པའི་དུས་ཡུན་ལོ5ཡིན།  

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།