ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཏང་ཨུས་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་སོགས་ཀྱི་བཞུགས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2022-05-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། མཚོ་སྔོན་ཞིང་ཆེན་ཏང་ཨུས་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ། ཐོན་སྐྱེད་དང་བྱ་བའི་འཐབ་ཕྱོགས་དང་པོའི་ཏང་ཡོན་གྱི་འཐུས་མིའི་བཞུགས་མོལ་ཚོགས་འདུ་བསྡུས་ནས། ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པའི་སྙན་ཞུའི་ཐད་ཀྱི་བསམ་འཆར་དང་གྲོས་གཞི་བསྡུ་ལེན་བྱས། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་མགོ་འཛིན་བྱས་པར་མ་ཟད་གཏམ་བཤད།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་དབྱིན་པའེ་དང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡུས་ཚུང་ལི་དང་ཝང་དབྱང་། ཀྲའོ་ཡུའེ་ཞཱ། ཝང་ཏ་ནན་བཅས་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་སྟེང་། ཡུས་ཚུང་ལི་ཡིས་ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་མ་ཟིན་བྲིས་པའི་གནས་ཚུལ་དང་འབྲེལ་ཡོད་ནང་དོན་སྐོར་ནས་གསལ་བཤད་བྱས། ཞིང་ཆེན་རིམ་པའི་མགོ་ཁྲིད་རྒན་པ་སངས་རྒྱས་སྐྱབས་དང་པད་མ། ལིས་ཡུས་ལན། ཅ་གོ་མེན། སུའུ་ཉིན། དབང་མོ། ཧན་ཡུས་ཀོས། པའོ་དབྱི་ཀྲི། ལས་བྱེད་རྒན་པ་མཁས་བྷོ་དང་ཆི་ཀོན་ཧེ། ཐོན་སྐྱེད་དང་བྱ་བའི་འཐབ་ཕྱོགས་དང་པོའི་ཏང་ཡོན་གྱི་འཐུས་མི་ཐེན་ཞའོ་ཧུང་དང་ཡེ་ཁྲིན་ཧྥུའུ་བཅས་ཀྱིས་སྔ་གཞུག་ཏུ་གཏམ་བཤད། ཚང་མས་མཉམ་དུ་བལྟས་ན། ཏང་གི་འཐུས་མིའི་ཚོགས་ཆེན་གྱི་སྙན་ཞུའི་བསམ་འཆར་བསྡུ་ལེན་མ་ཟིན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་བླང་བྱ་གལ་ཆེན་ཕྱོགས་ཡོངས་ནས་ལག་བསྟར་བྱས་ཏེ། འདས་པའི་ལོ་ལྔའི་བྱ་བར་གནས་ལུགས་དང་མཐུན་ཞིང་ཆ་ཚང་བའི་སྤྱི་སྡོམ་བྱས་ཡོད་པ་དང་། མ་འོངས་འཕེལ་རྒྱས་ཐད་ཇུས་གཞི་བཀོད་པ་མཚོ་སྔོན་གྱི་དོན་དངོས་དང་མཐུན། དེས་ཞིང་ཆེན་ཏང་ཨུའི་ཇུས་འགོད་མཐའ་འཁྱོལ་དང་དོན་འཁྱོལ་ལྷོད་མེད་བྱེད་པའི་དོན་དག་ཐག་གཅོད་ཀྱི་སྤྱོད་ཚུལ་མཚོན་ཡོད་ལ། ཆབ་སྲིད་རང་བཞིན་དང་བསམ་བློ་རང་བཞིན། འཐབ་ཇུས་རང་བཞིན། མཛུབ་སྟོན་རང་བཞིན་བཅས་ཧ་ཅང་དྲག་པོ་ལྡན་པར་འདོད། ཚང་མས་ད་དུང་ལས་བྱེད་དཔུང་སྡེའི་འཛུགས་སྐྲུན་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་སྣོན། རིག་གནས་ཟོང་རྟགས་བསྐྲུན་པ། ངལ་རྩོལ་རྩལ་ནུས་གསོ་སྦྱོང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པ་སོགས་ཀྱི་ཐད་བསམ་འཆར་དང་གྲོས་གཞི་བཏོན།

ཚང་མས་གཏམ་བཤད་པར་ནན་གྱིས་ཉན་རྗེས། ཞིན་ཁྲང་ཞིང་གིས་བསྟན་དོན། མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ། ཐོན་སྐྱེད་དང་བྱ་བའི་འཐབ་ཕྱོགས་དང་པོའི་ཏང་ཡོན་གྱི་འཐུས་མི་བཅས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཚོ་སྔོན་གྱི་བྱ་བའི་ཐད་ཀྱི་མཛུབ་སྟོན་དང་མཆན་བཀོད་གལ་ཆེན་གྱི་དགོངས་དོན་ལ་གོ་བ་བླངས་པ་གཏིང་ཧ་ཅང་ཟབ་པ་དང་དུས་རབས་ཀྱི་རྗེས་དམ་པོར་བསྙེགས་ཡོད་ལ། མཚོ་སྔོན་གྱི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་ཧ་ཅང་གནད་ལ་འཁེལ་ཞིང་བབ་བསྟུན་མདུན་སྐྱོད་བྱས་ཡོད་ཅིང་། མཚོ་སྔོན་གྱི་འཕེལ་རྒྱས་ལ་བརྩེ་བ་དང་རེ་བ་ཟབ་མོ་བཅངས་ཡོད་པ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་ཐབས་ལམ་ལ་བསམ་གཞིགས་བཏང་བ་གཏིང་ཧ་ཅང་ཟབ་པ་དང་རང་རྐྱ་འཕེར་བའི་བསམ་ཚུལ་བཅངས་འདུག་ལ། ཡིག་ཆའི་མ་ཟིན་གྱི་སྒྲིག་གཞི་བཀོད་སྒྲིག་དང་ལྟ་བ་སྙིང་བསྡུས། ཡི་གེའི་འགྲེལ་བརྗོད་བཅས་གནད་ལ་འཁེལ་ཞིང་ཞིབ་ཚགས་ཆེ་ལ་རྒྱུས་ལོན་ཡང་དག་བྱས་འདུག་པས། འབྲེལ་ཡོད་སྡེ་ཁག་གིས་བསམ་འཆར་དང་གྲོས་གཞི་དེ་དག་ལ་གསལ་བཀྲོལ་ཞིབ་འཇུག་ནན་མོ་བྱས་ཏེ། སྙན་ཞུ་འཐུས་ཚང་དུ་བཟོ་བཅོས་བྱེད་སྐབས་བཀོལ་སྤྱོད་བཟང་པོ་དང་། བྱ་བ་དོན་འཁྱོལ་བྱེད་སྐབས་སྟངས་འཛིན་བཟང་པོ་བྱེད་དགོས།

ཞིན་ཁྲང་ཞིང་གིས་བཤད་རྒྱུར། མཚོ་སྔོན་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཐད་ལོ་ལྔའི་རིང་གྲུབ་འབྲས་མངོན་གསལ་བླངས་པ་ནི། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཐུགས་ཁུར་དང་བརྩེ་བར་ཁ་འབྲལ་ཐབས་མེད་པ་དང་། སྐབས་རིམ་བྱུང་གི་ཞིང་ཆེན་ཏང་ཨུས་རྨང་གཞི་བརྟན་པོ་བཏིངས་པ་དང་ཁ་འབྲལ་ཐབས་མེད་ལ། མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པས་བྱས་རྗེས་གང་ལེགས་ཕུལ་བ་དང་ཁ་འབྲལ་ཐབས་མེད་པ་དང་། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་མཉམ་དུ་འབད་བརྩོན་བྱས་པ་དང་ཁ་འབྲལ་ཐབས་མེད། ཞིང་ཆེན་ཏང་ཨུས་ཇུས་འགོད་མཐའ་འཁྱོལ་བྱེད་རྒྱུ་རྒྱུན་འཁྱོངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཆར་འགོད་དང་ཞིང་ཆེན་ཏང་ཨུའི་འཆར་གཞི་ལྟར། གོ་སྐབས་དམ་འཛིན་བྱེད་པ་དང་འགྲན་རྩོད་ལ་གདོང་གཏད་དེ། དུས་རབས་ཀྱིས་གནང་བའི་འགན་འཁྲི་ཁུར་དུ་ལེན་པ་དང་། མ་འོངས་པའི་ལོ་ལྔར་བཟང་པོར་བསྒྲུབ་དགོས་པའི་དོན་དག་དམ་འཛིན་ལྷོད་མེད་ཀྱིས་ཚན་ཁག་འཛིན་པ་དང་དཔུང་སྡེ་ཁྲིད་ནས། བདེན་འཚོལ་དངོས་གཉེར་དང་བདེན་འཛིན་དངོས་སྒྲུབ་ཀྱི་སྤྱོད་ཚུལ་བཟང་པོས་ཁག་ཁུར་འབད་བརྩོན་དང་ལས་སྒྲུབ་ལས་སྐྲུན་བྱེད་རྒྱུ་ཡིན། ཞིང་ཆེན་ཏང་ཨུས་སྔར་སྲོལ་བཞིན་དུ་མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པ་ནི་རིན་པོ་ཆེ་རུ་བརྩིས་ཏེ། གཞི་རིམ་གྱི་བྱ་བར་སེམས་ཁུར་དང་མཐོང་ཆེན་བྱེད་པར་ཤུགས་སྣོན་རྒྱུ་ཡིན། མགོ་ཁྲིད་རྒན་པ་དང་བློ་མཐུན་རྒན་པས་རྒན་པ་ལྔའི་སྙིང་སྟོབས་དར་སྤེལ་གྱིས་མཚོ་སྔོན་གྱི་འཕེལ་རྒྱས་ལ་མུ་མཐུད་དུ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས། བསམ་འཆར་རྩ་ཆེན་མང་དུ་འདོན་རྒྱུ་དང་། བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་འབུལ་རྒྱུ་ནི་རེ་བ་ཡིན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།