ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་དངུལ་གཡོ་བསླུ་ཆམ་ཕབ་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་ཀྱི་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུ་བསྡུས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རྒན་གསོའི་དངུལ་གཡོ་བསླུ་ཆམ་ཕབ་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་ཀྱི་བཀོད་སྒྲིག་སྐུལ་སྤེལ་ཚོགས་འདུ་བརྙན་རིས་ཀྱི་རྣམ་པས་བསྡུས་ཏེ། རྒྱལ་ཡོངས་འབྲེལ་ཡོད་གྲོས་ཚོགས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་པ་དང་། རང་ཞིང་གིས་ཆམ་ཕབ་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་སྤེལ་བ་དང་དུས་རིམ་རང་བཞིན་གྱི་བྱ་བ་སྒྲུབ་པར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ལིས་ཧུང་ཡ་ཡིས་གཏམ་བཤད། ཞིང་ཆེན་ཁྲིམས་ཁང་གི་མགོ་གཙོ་ཀྲང་ཙིག་ཅུན་གྱིས་མགོ་འཛིན་བྱས། ཞིང་ཆེན་ཞིབ་དཔྱོད་ཁང་གི་མགོ་གཙོ་ཀྲ་ཆིན་ཅིག་ཚོགས་འདུར་ཞུགས།

གྲོས་ཚོགས་ནས་རྒན་གསོའི་དངུལ་གཡོ་བསླུ་ཆམ་ཕབ་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་མཛུབ་སྟོན་གྱི་བླང་བྱ་ལག་བསྟར་ཟབ་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཡིན་ལ། རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་ཁྲིམས་ལྟར་སྲུང་སྐྱོབ་བྱེད་པ་དང་མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་ཁག་ཐེག་བྱེད་པའི་དགོས་མཁོ་ཆེན་པོ་ཡིན་པས། མི་དམངས་ལྟེ་བར་འཛིན་པ་རྒྱུན་འཁྱོངས་ཀྱིས་ལངས་གནས་སྔར་ལས་མཐོན་པོ་ནས་རྒན་གསོའི་དངུལ་གཡོ་བསླུ་ཆམ་ཕབ་བཅོས་སྐྱོང་བྱ་བའི་གལ་ཆེན་རང་བཞིན་དང་དགོས་གཏུགས་རང་བཞིན་ལ་ངོས་འཛིན་གང་ལེགས་བྱེད་པ་དང་། ཆམ་ཕབ་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་གཏིང་ཟབ་དང་ཏན་ཏིག་གིས་སྤེལ་ནས། མང་ཚོགས་ཀྱི་རྒན་གསོའི་དངུལ་ལ་མཐའ་གཅིག་ཏུ་སྲུང་སྐྱོབ་བཟང་པོ་བྱེད་དགོས།

གྲོས་ཚོགས་ནས་ནན་གྱིས་བསྟན་དོན། དེང་སྐབས་ཀྱི་རྒན་གསོའི་དངུལ་གཡོ་བསླུའི་ཁྲིམས་འགལ་བྱ་སྤྱོད་ཀྱི་འཕེལ་ཕྱོགས་དང་ཆོས་ཉིད་ཁྱད་ཆོས་ལ་རྒྱུས་ལོན་ཡང་དག་བྱེད་པ་དང་། རྒན་གསོའི་དངུལ་གཡོ་བསླུ་ཆམ་ཕབ་བཅོས་སྐྱོང་ཆེད་དོན་འགུལ་སྐྱོད་དེ་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་གྱི་ནང་དོན་གལ་ཆེན་དུ་བཞག་སྟེ། གནད་འགག་གི་གནས་འབུར་དུ་ཐོན་པར་བྱེད་པ་དང་། ལས་རིགས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་བསྣན་ནས། རྒན་གསོ་དང་འབྲེལ་བའི་གཡོ་བསླུའི་ནག་ཉེས་ལ་ཆམ་ཕབ་དྲག་པོ་གཏོང་དགོས། དྲིལ་སྒྲོག་སྐུལ་སློང་ཟབ་མོ་བྱེད་པ་དང་། ཉེན་བརྡ་སྔོན་བརྡ་ཞིབ་མོར་རྒྱག་པ། སྒྲིག་སྲོལ་ལམ་ལུགས་དམ་འཛིན་བྱས་ཏེ། དངོས་སུ་འགོ་ཁུངས་ནས་རྒན་གསོའི་དངུལ་གཡོ་བསླུའི་ཁེ་ཕན་གྱི་སྦྲེལ་ཐག་དང་འབྱུང་ཁུངས་རྩ་བ་ནས་གཅོད་དགོས། བསམ་ཇུས་གཅིག་གི་བསམ་བློ་བརྟན་པོར་བཙུགས་ཏེ། བྱ་བའི་འགན་འཁྲི་ནན་དཀྲི་བྱེད་པ་དང་། གཞོགས་འདེགས་མཐུན་སྦྱོར་དམ་པོ་བྱེད་པ། ལྟ་སྐུལ་མཛུབ་སྟོན་དང་ཞིབ་བཤེར་ལ་ཤུགས་སྣོན་པ་བཅས་བྱས་ཏེ། རང་འགན་རང་གིས་འཁུར་བ་དང་མཉམ་འཛིན་མཉམ་སྡོམ་བྱེད་པའི་མཉམ་ཤུགས་ཆེན་པོ་གྲུབ་པར་བྱེད་པ་དང་། ཆེད་དོན་འགུལ་སྐྱོད་རྒྱུན་མ་ཆད་པར་གཏིང་ཟབ་ཏུ་སྤེལ་ཏེ། རྒན་པའི་ཁྲིམས་མཐུན་ཁེ་དབང་ལ་དངོས་སུ་སྲུང་སྐྱོབ་བཟང་པོ་བྱས་ནས། ཁྱད་དུ་འཕགས་པའི་གྲུབ་འབྲས་ཀྱིས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བར་བསུ་མ་བྱེད་དགོས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།