ཀྲུང་གོ་བོད་ཀྱི་དྲ་བ།

​མཉམ་གཅིག་ཏུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་ཤེས་བྱར་སློབ་སྦྱོང་བྱེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་འབུམ་ཚེ་རིང་གིས་བསྒྱུར།   སྤེལ་དུས། : 2022-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་སྐབས་བཅུ་བཞི་པ་མི་འགྱངས་བར་འཚོགས་ལ་ཉེ། 

དེ་ན་ཏང་གི་འཐུས་མི་ཚོགས་ཆེན་གྱི་སྐོར་ཁྱོད་ཀྱིས་ཇི་ཙམ་ཤེས་སམ། 

ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་ཇི་ལྟར་བྱུང་བ་ཡིན། 

ཏང་གི་ས་ཁུལ་རྩ་འཛུགས་ལ་གང་དག་ཡོད་དམ། 

མཉམ་གཅིག་ཏུ་ཏང་གི་འཐུས་མི་ཚོགས་ཆེན་གྱི་འབྲེལ་ཡོད་ཤེས་བྱ་ལ་རྒྱུས་ལོན་ཞིག་བྱེད། 

ཏང་གི་འཐུས་མི་ཚོགས་ཆེན་ཞེས་པ་ཤེས་སམ། མཉམ་གཅིག་ཏུ་ཤེས་བྱ་འཕེལ་བར་བྱ། 

ཏང་གི་འཐུས་མི་ཚོགས་ཆེན་གྱི་འཐུས་མི་ནི་ཇི་ལྟར་བྱུང་བ་ཡིན། 

དེ་ནི་གཏན་འབེབས་ཀྱི་སྒྲིག་རིམ་གཞིར་བཟུང་། ཏང་ཡོན་ཚོགས་ཆེན་ནམ་ཏང་གི་འཐུས་མི་ཚོགས་ཆེན་ནམ་ཏང་གི་འཐུས་མིའི་གྲོས་ཚོགས་ཀྱིས་འདེམས་བསྐོ་བྱས་པ་བརྒྱུད་ནས་བྱུང་བ་ཡིན་ལ། ཐེངས་སྔོན་མའི་ཏང་གི་འཐུས་མི་ཚོགས་ཆེན་ལ་ཞུགས་པའི་ཏང་ཡོན་ཡིན། 

ཏང་གི་ས་ཁུལ་རྩ་འཛུགས་ལ་གང་དག་ཡོད་དམ། 

དེ་ནི་ཏང་གི་ཞིང་ཆེན་དང་རང་སྐྱོང་ལྗོངས། ཐད་གཏོགས་གྲོང་ཁྱེར། ཆུའུ་བཙུགས་ཡོད་པའི་གྲོང་ཁྱེར་དང་རང་སྐྱོང་ཁུལ་དང་དེ་བཞིན་རྫོང(ཆིས)རང་སྐྱོང་རྫོང་དང་། ཆུའུ་བཙུགས་མེད་པའི་གྲོང་ཁྱེར་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་དང་དེ་དག་ལས་བྱུང་བའི་ཨུ་ཡོན་ལྷན་ཁང་ལ་གོ་ཞིང་། ད་དུང་དེའི་ནང་ཏང་གི་འཐུས་མི་ཚོགས་ཆེན་གྱིས་འདེམས་བསྐོ་བྱས་པ་བརྒྱུད་ནས་བྱུང་བའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ཀྱང་འདུ།  

 ཏང་གི་གཞི་རིམ་རྩ་འཛུགས་ལ་གང་དག་ཡོད་དམ།

དེ་ལ་ཁེ་ལས་དང་གྲོང་གསེབ། ལས་ཁུངས། སློབ་གྲྭ། ཚན་རིག་ཞིབ་འཇུག་ཁང་། སྲང་ལམ་སྡེ་ཁུལ། སྤྱི་ཚོགས་རྩ་འཛུགས། མི་དམངས་བཅིངས་འགྲོལ་དམག་དཔུང་སྡེ་དང་། གཞི་རིམ་ལས་ཁུངས་ཀྱི་ཏང་གི་ཨུ་ཡོན་ལྷན་ཁང་གཞན་དག སྤྱི་ཁྱབ་ཀྲི་པུའུ་ཨུ་ཡོན་ལྷན་ཁང་། ཀྲི་པུའུ་ཨུ་ཡོན་ལྷན་ཁང་བཅས་ཡོད། ད་དུང་དེའི་ནང་གཞི་རིམ་ཨུ་ཡོན་ལྷན་ཁང་གིས་མཆོག་མཆན་བཀོད་ནས་བཙུགས་པའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་བཅས་ཀྱང་འདུ། 

རྩོམ་སྒྲིག་པ། : ཀླུ་འབུམ་ཚེ་རིང་།