ཀྲུང་གོ་བོད་ཀྱི་དྲ་བ།

ཁོང་ཡུང་གིས་ཟི་ལིང་གྲོང་ཁྱེར་གྱི་བདེ་འཇགས་ཐོན་སྐྱེད་དང་རང་སྐྲུན་ཁང་བ་བཅོས་སྐྱོང་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་བའི་འཕྲིན། ཟླ5བའི་ཚེས19ཉིན། ཧྲིན་ཀྲང་གཞོན་པ་ཁོང་ཡུང་ཟི་ལིང་གྲོང་ཁྱེར་དུ་སོང་ནས་བདེ་འཇགས་ཐོན་སྐྱེད་དང་རང་སྐྲུན་ཁང་བ་བཅོས་སྐྱོང་བྱ་བར་ལྟ་སྐུལ་མཛུབ་སྟོན་དང་རྟོག་ཞིབ་བྱས།

ཁོང་ཡུང་སྔ་གཞུག་ཏུ་མཚོ་སྔོན་ཀྲུང་གོ་རྡོ་སྣུམ་སྦུག་ལམ་སོལ་རླངས་ཀུང་ཟི་དང་སྤྱི་སྤྱོད་རླངས་འཁོར་གཉིས་པའི་བཀོད་གཏོང་ས་ཚིགས། ཟི་ལིང་མེ་འཁོར་ས་ཚིགས། ཞིང་ཆེན་མི་དམངས་སྨན་ཁང་གི་མཐའ་འཁོར་ས་ཆ་བཅས་ལ་སོང་ནས། ཡུལ་དངོས་ནས་གྲོང་གསེབ་ཀྱི་སོལ་རླངས་དང་འགྲིམ་འགྲུལ་དང་ལྕགས་ལམ་བདེ་འཇགས་ཐོན་སྐྱེད་དང་རང་སྐྲུན་ཁང་བའི་བདེ་འཇགས་བཅོས་སྐྱོང་། རིམས་ནད་འགོག་སྡོམ་སོགས་བྱ་བར་ལྟ་སྐུལ་མཛུབ་སྟོན་བྱས་པ་མ་ཟད་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཟི་ལིང་གྲོང་ཁྱེར་དང་འབྲེལ་ཡོད་ལས་རིགས་སྡེ་ཁག་གི་བདེ་འཇགས་ཐོན་སྐྱེད་ཞིབ་བཤེར་ཆེན་པོ་སྤེལ་བའི་གནས་ཚུལ་ལ་ཉན་པ་དང་། བྱ་བའི་རེ་བ་བཏོན།

ཁོང་ཡུང་གིས་ནན་གྱིས་བསྟན་དོན། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། མི་དམངས་དང་ཚེ་སྲོག་གཙོར་འཛིན་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་དང་བདེ་འཇགས་ལ་གཅིག་གྱུར་འཆར་འགོད་བྱེད་པ། གནོད་པ་སྔོན་འགོག་བྱེད་པ། རྒྱུན་འཁྱོངས་ལྷོད་མེད་སྒོས་བྱས་རྗེས་འཇོག་པ། བདེ་འཇགས་ཐོན་སྐྱེད་བྱ་བ་དམ་འཛིན་ནན་མོ་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་མཚོ་སྔོན་ཞིང་ཆེན ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་བཞི་པ་རྒྱལ་ཁའི་ངང་བསྡུ་བའི་ཐད་འཆམ་མཐུན་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།

ཁོང་ཡུང་གིས། ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་གནད་དོན་གྱི་ཁྲིད་ཕྱོགས་འབུར་དུ་ཐོན་པར་བྱེད་པ་དང་། གནད་དོན་ནི་ཉེན་ཁ་ཡིན་པ་དང་ཉེན་ཁ་ནི་དོན་རྐྱེན་ཡིན་པའི་འདུ་ཤེས་བརྟན་པོ་བཙུགས་ནས། གནད་དོན་དང་ཉེན་ཁ་རྟོག་སེལ་བྱེད་དགོས། གྲོང་གསེབ་ཀྱི་སོལ་རླངས་དང་བཟོ་སྐྲུན་ཨར་ལས། སྤྱི་མཐུན་འཕྲོད་བསྟེན། ཚོང་གཉེར་རང་བཞིན་གྱི་རང་སྐྲུན་ཁང་བ་སོགས་ལས་རིགས་ཁྱབ་ཁོངས་གཙོ་བོ་འབུར་དུ་ཐོན་པར་བྱས་ཏེ། བདེ་འཇགས་གནད་དོན་གྱི་བཅོས་སྐྱོང་ལ་ཤུགས་སྣོན་དགོས། རྟོག་སེལ་བཅོས་སྐྱོང་འབུར་དུ་ཐོན་པར་བྱེད་པ་དང་། བརྟག་བཤེར་བྱེད་ཞོར་དུ་དག་ཐེར་བྱས་ནས། གནད་དོན་སྔ་མོ་ནས་རྙེད་པ་དང་མ་བྱུང་གོང་ལ་ཐག་གཅོད་དགོས། འགན་འཁྲི་ལག་བསྟར་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཁོངས་གཏོགས་ས་ཆའི་དོ་དམ་འགན་འཁྲི་དང་སྡེ་ཁག་གི་ལྟ་སྐུལ་དོ་དམ་འགན་འཁྲི། ཁེ་ལས་དང་མི་སྒེར་གྱི་འགན་འཁྲི་གཙོ་བོ་གཏན་ཁེལ་གསལ་བོ་བྱེད་དགོས། ཉིན་རྒྱུན་དང་ཡུན་རིང་དམ་འཛིན་བྱེད་པ་འབུར་དུ་ཐོན་པར་བྱེད་པ་དང་། ཡུན་ཕན་རྐྱེན་སྲོལ་འཛུགས་པ། ཉེན་ཁར་དོ་དམ་ཚོད་འཛིན་བྱས་ཏེ། མི་དམངས་མང་ཚོགས་ཀྱི་ཚེ་སྲོག་རྒྱུ་ནོར་བདེ་འཇགས་ལ་ཁག་ཐེག་བྱེད་དགོས། །

རྩོམ་སྒྲིག་པ། : བདེ་ལེགས་མཚོ།