ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ས13ནས16ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ལིའུ་ཁྲའོ་མཚོ་ནུབ་ཁུལ་དང་ཡུས་ཧྲུའུ་ཁུལ་གྱི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་བྱ་བར་རྟོག་ཞིབ་བྱེད་པའི་ཁྲོད་ཞུགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་མཛུབ་སྟོན་གལ་ཆེན་གནང་བའི་སྐོར་གྱི་དགོངས་དོན་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ། “རྒྱལ་དོན་ཆེན་མོ”སེམས་ལ་བཅངས་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པའི་བྱ་བའི་ནང་ཧུར་ཐག་གིས་ཞུགས་དགོས་པ་དང་། རང་འགུལ་གྱིས་ཞབས་འདེགས་དང་། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་ལ་ཧུར་ཐག་གིས་སྐུལ་འདེད་བཏང་ནས། མཚོ་བོད་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པར་ནན་གྱིས་བསྟན།
ལིའུ་ཁྲའོ་ཡིས་ན་གོར་མོའི་ཕྱི་རོལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྟེན་གཞི་དང་། འཁྱགས་རོམ་འཁྱག་སའི་ཕྱི་རོལ་གྱི་ཡུན་རིང་ལྟ་དཔྱད་ཚད་འཇལ་ས་ཚིགས་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་རྗེས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བྱས་པ་དེས་མཚོ་བོད་ས་མཐོའི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ལ་ཤུགས་རྐྱེན་ཧ་ཅང་ཆེན་པོ་ཐེབས་ཡོད། རང་རེའི་ཞིང་ཆེན་ནི་མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཞུགས་མཁན་གྱི་ཞིང་ཆེན(རང་སྐྱོང་ལྗོངས)གྱི་ཚན་རིག་རྟོག་ཞིབ་རུ་ཁག་ཁྲོད་ཀྱི་མི་གྲངས་ཆེས་མང་བའི་ཞིང་ཆེན་ཡིན། འབྲེལ་ཡོད་ཚན་ཞིབ་ལས་ཁུངས་དང་ཚན་ཞིབ་མི་སྣས་ཚན་རིག་མཁས་ཅན་གྱི་སྙིང་སྟོབས་ཤུགས་ཆེན་པོས་དར་སྤེལ་བཏང་ནས་མཚོ་བོད་ས་མཐོའི་ཁོར་ཡུག་འགྱུར་ལྡོག་གི་རྒྱུ་རྐྱེན་སོགས་ཞིབ་འཇུག་བྱ་གཞི་གལ་ཆེན་གསལ་སྟོན་ལ་དམིགས་ཏེ། སྤུས་ཚད་མཐོ་བའི་ངང་འབྲེལ་ཡོད་ཆེད་དོན་ཚན་རིག་རྟོག་ཞིབ་ཀྱི་ལས་འགན་ལེགས་སྒྲུབ་དང་། ཞིབ་འཇུག་བྱས་ནས་སྲུང་སྐྱོང་དང་ཉམས་གསོ། བཅོས་སྐྱོང་བཅས་ཀྱི་མ་ལག་གི་ཇུས་གཞི་འདོན་པ། རྒྱལ་ཁབ་ཀྱི་འཐབ་ཇུས་ལ་ཞབས་འདེགས་དང་མཚོ་སྔོན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཟུང་འབྲེལ་གནས་ལ་སྐུལ་འདེད། ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་དུས་ཐོག་ཏུ་སྔོག་འདོན་དང་། གནད་ཆེའི་ཚན་རྩལ་ལས་གཞི་དང་རྣམ་གྲངས་ཇུས་འགོད། མཚོ་སྔོན་ཞིང་ཆེན་དུ་ཚན་རིག་རྟོག་ཞིབ་ཀྱི་གྲུབ་འབྲས་གཞན་སྒྱུར་བྱེད་པར་ཧུར་ཐག་གིས་སྐུལ་འདེད་གཏང་ནས། སྐྱེ་ཁམས་ཀྱི“མཐོ་ས”དང་། ཐོན་ལས“གནས་བཞི”འཛུགས་སྐྲུན། “ཐཱན་གཉིས”ཀྱི་དམིགས་ཚད་མངོན་འགྱུར་བཅས་ལ་སྐུལ་འདེད་གཏོང་དགོས། ཚན་རིག་རྟོག་ཞིབ་ཀྱི་མཐུན་སྦྱོར་འགན་ལེན་ལམ་སྲོལ་དང་ཞབས་ཞུའི་འདེགས་སྐྱོར་མ་ལག་འཐུས་ཚང་དུ་གཏོང་བ་དང་། མཚོ་བོད་ས་མཐོའི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞབས་ཞུའི་ལས་སྟེགས་དང་ཕྱི་རོལ་གྱི་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་རྟེན་གཞི་འཛུགས་སྐྲུན་ལ་མགྱོགས་མྱུར་སྒོས་སྐུལ་འདེད་བཏང་སྟེ། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པར་ཁྱོན་ཡོངས་ནས་ཞབས་ཞུའི་འགན་ལེན་མཁོ་འདོན་བྱས་ནས། མཚོ་བོད་ཚན་རིག་རྟོག་ཞིབ་ཐེངས་གཉིས་པ་བདེ་བླག་ངང་སྤེལ་བར་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་པ་རེད། །