ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱི་སློབ་གྲྭ་ཆུང་འབྲིང་ཆུང་གིས་དྲ་ཐོག་སློབ་ཁྲིད་གོ་རིམ་ལྡན་པའི་ངང་སྤེལ་བ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཀླུ་མོ་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནི་རིམས་ནད་འགོག་སྡོམ་གྱི་རེས་སྐོར་གསར་པའི་འགྲན་སློང་ལ་འཕྲད་ཡོད་པ་དང་། མིག་སྔའི་རིམས་ནད་ཀྱིས་སློབ་གྲྭའི་སློབ་ཁྲིད་ལ་བཟོས་པའི་ཤུགས་རྐྱེན་ལ་ཁ་གཏད་ནུས་ལྡན་བྱ་ཆེད། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གིས་སློབ་ཁྲིད་ཚོགས་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མི་འཇོག་པ་རྒྱུན་འཁྱོངས་བྱས་ཏེ། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཤེས་རབ་སློབ་གསོའི་ལས་སྟེགས་སོགས་དྲ་རྒྱའི་ཐོན་ཁུངས་སྤྱད་ནས་དྲ་ཐོག་གི་སློབ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད།

རིམས་ནད་བྱུང་བ་ནས་བཟུང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི“སློབ་ཁྲིད་ཚོགས་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི”སློབ་ཁྲིད་བྱ་བ་དེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་དང་སྤྱི་ཚོགས་ཡོངས་ཀྱི་ཚད་མཐོའི་དོ་ཁུར་དང་རྒྱབ་སྐྱོར་ཤུགས་ཆེན་འོག་བརྟན་ཞིང་གོ་རིམ་ལྡན་པའི་ངང་སྤེལ་ཡོད། 《མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་གི་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་དུ“སློབ་ཁྲིད་ཚོགས་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི”སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམས་དང་ལག་བསྟར་བྱས་པ་ནས་བཟུང་། ས་གནས་ཁག་གི་སློབ་གྲྭ་སོ་སོའི་བླང་བྱ་ལྟར་ཡུལ་བབ་དང་བསྟུན་པ་དང་སློབ་གྲྭའི་གནས་ཚུལ་དང་བསྟུན་ནས“སློབ་ཁྲིད་ཚོགས་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི”ལས་ཀའི་ཇུས་གཞི་འཐུས་ཚང་བཟོས་པ་དང་། རྒྱལ་ཁབ་ཀྱི་སློབ་གྲྭ་ཆུང་འབྲིང་གི་ཤེས་རབ་སློབ་གསོའི་ལས་སྟེགས་ཀྱི་སྤུས་ལེགས་སློབ་གསོའི་ཐོན་ཁུངས་ལ་བརྟེན་ནས། གོ་རིམ་ལྡན་པའི་སྒོ་ནས“སློབ་ཁྲིད་ཚོགས་མཚམས་བཞག་རུང་སློབ་སྦྱོང་བྱེད་མཚམས་མི་འཇོག་པའི”ལས་དོན་བཀོད་སྒྲིག་ཞིབ་ཚགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང་གི་སློབ་གསོ་དང་སློབ་ཁྲིད་བྱ་བ་རིམས་ནད་འགོག་སྡོམ་རིང་རྒྱུན་རྣམ་འཁོར་སྐྱོད་བྱེད་པར་འགན་ལེན་ཏན་ཏིག་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།