ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་གྱིས་དམངས་འཚོ་ལེགས་བཅོས་བྱས་ཏེ་མི་དམངས་ལ་བདེ་སྐྱིད་ཀྱི་འཚོ་བ་སྐྲུན་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།     སྤེལ་དུས། : 2022-05-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1652835578513759.jpg

       གྲོང་གསེབ་ཀྱི་ཐོན་ལས་དར་སྤེལ་ལ་སྐུལ་འདེད་བཏང་སྟེ་རྒྱུན་ཆད་མེད་པའི“ཆུའི་སྒུལ་ཤུགས”འདོན་སྤྲོད་བྱས་པ་དང་། མཁར་གྲོང་གི་ཆུ་འདོན་གཅིག་དྲིལ་ཅན་གྱི་བཅོས་སྒྱུར་ཡོངས་སུ་སྤེལ་བར་བརྟེན་ནས། ཁྱིམ་ཚང་རེ་རེས་བདེ་འཇགས་ཀྱི་ཆུ་དང་བློ་བདེ་བའི་ཆུ་འཐུང་ཐུབ་པ་བྱུང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དམངས་འཚོ་ལེགས་བཅོས་བྱེད་པར་མཇུག་མཐའི་ས་ཚིགས་མེད་ལ། ཡོད་པ་ནི་རྒྱུན་ཆད་མེད་པའི་མགོ་འཛུགས་ས་གསར་བ་ཡིན། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་གསུམ་པའི་ཚུན་དུ། ཚོད་སླེ་ནས་སྒོར་ཁུག་བར་དང་། སློབ་གྲྭ་འགྲིམ་ནས་ལས་ཞུགས་བྱས་པ་ནས་ནད་ལ་ལྟ་བ་དང་སྨན་བཅོས་བྱེད་པའི་བར……རང་ཞིང་གིས་དམངས་འཚོ་འགན་སྲུང་དང་ལེགས་བཅོས་བྱེད་པ་དེ་ལས་དོན་ཡོད་ཚད་ཀྱི་མགོ་འཛུགས་ས་དང་རྐང་ཚུགས་སར་བརྩིས་ཏེ། དམངས་འཚོའི་དངུལ་གཏོང་ཇེ་མང་དུ་བཏང་བ་དང་། སྤྱི་ཚོགས་ལས་དོན་འཕེལ་རྒྱས་སུ་བཏང་བ། སྤྱི་ཚོགས་འགན་སྲུང་ལམ་ལུགས་འཐུས་ཚང་དུ་བཏང་སྟེ། དོན་དངོས་དང་བསྟུན་ནས་མི་དམངས་མང་ཚོགས་ཀྱིས་ཆེས་སེམས་ཁྲལ་བྱེད་པ་དང་ཆེས་ཐད་ཀར། ཆེས་མངོན་སུམ་ཡིན་པའི་ཁེ་ཕན་གནད་དོན་ཐག་གཅོད་བྱས་པ་དང་། མི་དམངས་མང་ཚོགས་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་བཅུག་ནས། མང་ཚོགས་ཀྱི་སྐྱིད་སྣང་དང་བདེ་སྣང་སྔར་ལས་མཐོར་འདེགས་ཆེན་པོ་བྱུང་། གྲོང་ཁྱེར་དང་གྲོང་གསེབ་བར། ཕན་ནུས་ལྡན་པའི་བྱེད་ཐབས་རེ་རེ་དང་། དམངས་འཚོའི་དོན་དངོས་རེ་རེས་མང་ཚོགས་ཀྱི་བདེ་སྐྱིད་འཚོ་བའི་རྨང་གཞི་སྲ་བརྟན་དུ་བཏང་། བདེ་སྐྱིད་བསྙེག་པའི་བགྲོད་ལམ་སྟེང་མཆོང་རྒྱུག་བྱེད་བཞིན་པའི་མཚོ་སྔོན་གྱིས་མུ་མཐུད་དུ་དམངས་འཚོ་འཕེལ་རྒྱས་ཀྱི་ལེའུ་གསར་བ་རྩོམ་བཞིན་ཡོད།  

2.jpg

སློབ་སྔོན་སློབ་གསོ་ནི་སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་མགྱོགས་མྱུར་བཏང་བའི་གྲུབ་ཆ་གལ་ཆེན་ཡིན་པ་དང་། སློབ་ལོ་རན་པའི་བྱིས་པར་འདྲ་མཉམ་དང་སྤུས་ཚད་མཐོ་བའི་སློབ་སྔོན་སློབ་གསོ་འདོན་སྤྲོད་བྱེད་པ་དེ་ཁྱིམ་ཚང་ཁྲི་སྟོང་གི་ཁེ་ཕན་དང་འབྲེལ་བ་ཡོད་ལ། དེ་ནི་ཏང་དང་སྲིད་གཞུང་གིས་མང་ཚོགས་ལ་དོན་དངོས་སྒྲུབ་པའི་དམངས་འཚོའི་བཟོ་འགོད་གལ་ཆེན་ཡིན།

3.jpg

 མཚོ་ཤར་གྲོང་ཁྱེར་ཧུའུ་ཀྲུའུ་རྫོང་ཝེ་ཡོན་གྲོང་རྡལ་ཞའོ་ཀྲོང་སྡེ་བའི་ཞི་ཡུས་ཞིའུ་ཡི་ཁྱིམ་དུ། མི་རབས་གསུམ་གྱིས་ལྷིང་འཇགས་ཀྱི་ཁྱམས་ར་རུ་བསྡད་དེ། ཕྱོགས་གཅིག་ནས་གཙགས་དྲུབ་ཀྱི་ལག་རྩལ་ཞིབ་འཇུག་བྱེད་བཞིན་ཡོད་ལ། ཕྱོགས་གཅིག་ནས་བདེ་སྐྱིད་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གླེང་མོལ་བྱེད་བཞིན་ཡོད།

4.jpg

ཟི་ལིང་གྲོང་ཁྱེར་གྱི་རྒན་སྐྱོང་བདེ་སྐྱིད་ཟ་ཁང་དུ་ནམ་ཡང་དགའ་སྤྲོའི་དགོད་སྒྲས་ཁེངས་ཡོད་དེ། དམངས་འཚོའི་དྲོད་ཁོལ་བརྒྱུད་སྤྲོད་བྱེད་བཞིན་ཡོད།

6.jpg

ཟི་ལིང་གྲོང་ཁྱེར་དུ་བརླན་ས་དང་སྐྱེ་ཁམས་སྤྱི་གླིང་རིམ་བཞིན་ཇེ་མང་དུ་སོང་བ་དང་བསྟུན་ནས། གྲོང་མི་རྣམས་ཀྱིས་ཟི་ལིང་གྲོང་ཁྱེར་གྱི་སྐྱེ་ཁམས་ཀྱི་མཛེས་སྡུག་དང་འཚོ་བའི་མཛེས་སྡུག་རོལ་མྱོང་བྱེད་བཞིན་ཡོད།

7.jpg

རང་ཉིད་ཀྱི་ངལ་རྩོལ་ལས་ཐོན་པའི་ཞོག་ཁོག་ས་ཞིང་སྟེང་དུ་སྤུངས་ཡོད་ཅིང་། མང་ཚོགས་ཀྱི་གདོང་ལ་ལོ་ལེགས་ཀྱི་འཛུམ་གྱིས་ཁེངས།

8.jpg

ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་གྲོང་རྡལ་ཅན་གསར་བའི་འཕེལ་རྒྱས་ལ་ཧུར་ཐག་གིས་སྐུལ་འདེད་བཏང་བ་དང་། གྲོང་རྡལ་གྱི་སྒྲིག་གཞི་དང་བྱེད་ནུས་མུ་མཐུད་དུ་ལེགས་བཅོས་བྱས་ཏེ། དཔལ་འབྱོར་འཕེལ་རྒྱས་ལ་སྔར་ལས་དགེ་མཚན་ལྡན་པའི་ཁོར་ཡུག་གསར་སྐྲུན་བྱས་ལ། གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཁྱོན་ཡོངས་ཀྱི་འཕེལ་རྒྱས་ལ་སྤྱི་འདོམས་བྱས་ཡོད།

9.jpg

སྤྱི་ཚོགས་རྒན་གསོའི་གསར་གཏོད་དཔེ་དབྱིབས་ཤིག་ཡིན་པའི་ཆ་ནས། “གསོ་བཅོས་ཟུང་འབྲེལ”གྱི་སྨན་བཅོས་ལག་རྩལ་དང་རྒན་གསོ་ཞབས་ཞུ་ཟུང་འབྲེལ་བྱས་པ་དེས་བགྲེས་སོང་མི་ཚོགས་ཀྱི་དམིགས་བསལ་གྱི་དགོས་མཁོ་བསྐངས་བ་མ་ཟད། རྒན་པ་རྣམས་ཀྱི་འཚོ་བའི་སྤུས་ཚད་ཇེ་མཐོར་གཏོང་བར་ཕན་ནུས་ལྡན་ལ། དེ་ནི་རྒན་པའི་བདེ་ཐང་བྱ་གཞག་གི་འགན་སྲུང་ནུས་ལྡན་ཡིན།

10.jpg

མཚོ་སྔོན་གྱི་ས་གཞི་ཆེན་མོའི་སྟེང་མི་རིགས་མཐུན་སྒྲིལ་གྱི་མེ་ཏོག་གང་སར་བཞད་ཡོད་ཅིང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་སིལ་ཏོག་ཀྱང་ཡལ་གའི་སྟེང་དུ་སྨིན་ཡོད། པར་འདི་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཧེ་ཡན་རྫོང་ཧ་ལེ་ཅིན་སོག་རིགས་ཤང་ཧ་ལེ་ཅིན་སྡེ་བའི་ལྷ་མོ་བཀྲ་ཤིས་ཚང་གི་བདེ་སྐྱིད་ལྡན་པའི་འཚོ་བ་རེད།

11.jpg

ཡུལ་གཞན་གནས་སྤོར་གྱིས་མང་ཚོགས་རྣམས་ལ་སྔར་ལས་ཚད་ལྡན་ཅན་དང་མི་གཤིས་ཅན་གྱི་ཞབས་ཞུ་ལོངས་སྤྱོད་བྱེད་དུ་བཅུག་པ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཡང་ཇེ་མཐོར་བཏང་ཡོད།

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།