ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་དུ་འཚོགས་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : ཚེ་རིང་རྒྱ་མཚོས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་སྐབས་བཅུ་གསུམ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་དུ་བསྡུས་པ་དང་། ཞིན་ཁྲང་ཞིན་གྱིས་གྲོས་ཚོགས་ལ་མགོ་འཛིན་གནང་།

ཚང་འཛོམས་གྲོས་ཚོགས་ལས་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ2022ལོའི་ཟླ5པའི་ཚེས23ཉིན་ཟི་ལིང་ནས་འཚོགས་རྒྱུ་ཡིན་པར་ཐག་བཅད་པ་དང་། ཚང་འཛོམས་གྲོས་ཚོགས་སྟེང་མཚོ་སྔོན་ཞིང་ཆེན་གྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པ་ཡི་འདེམས་སྒུག་གྲ་སྒྲིག་མི་སྣ་གཏན་འཁེལ་བྱས།

微信图片_20220517201324.jpg

ཟླ5པའི་ཚེས17ཉིན།  ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་དུ་བསྡུས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས17ཉིན།  ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གསུམ་པའི་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་བཅུ་གཉིས་པ་ཟི་ལིང་དུ་བསྡུས་ཤིང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་གྲོས་ཚོགས་ལ་མགོ་འཛིན་གནང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ། ལས་ཚབ་ཧྲིན་ཀྲང་ཝུའུ་ཞའོ་ཅུན་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ཡན་པའེ། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཡུས་ཚུང་ལེ་དང་མཱ་ཅི་ཞའོ། ཁྲེན་རུའེ་ཧྥན། ལིའུ་ཀེ་ཕིང་། ཝང་ལོས་མིང་། ཝང་ཝེ་ཏུང་། ཝང་དབྱང་། ཀྲའོ་ཡུའེ་ཞ།  ཝང་ཏ་ནན་བཅས་གྲོས་ཚོགས་ལ་ཞུགས། 

ཚང་འཛོམས་གྲོས་ཚོགས་སྟེང《ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པའི་དུས་ཚོད་སྐོར་གྱི་གཏན་འབེབས》ལ་གྲོས་ཞིབ་བྱས་ཏེ་གྲོས་འཆམ་བྱུང་བ་དང་། 2022ལོའི་ཟླ5ཚེས23ཉིན། ཟི་ལིང་དུ་ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་རྒྱུ་ཡིན་པར་གཏན་འབེབས་བྱས། ཚང་འཛོམས་གྲོས་ཚོགས་ལས་ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པའི་མཚོ་སྔོན་ཞིང་ཆེན་གྱི་འདེམས་སྒུག་གྲ་སྒྲིག་མི་སྣའི་མིང་ཐོའི་སྐོར་གྱི་གསལ་བཤད་ལ་ཉན་པ་དང་།《ཏང་གི་སྒྲིག་སྲོལ》དང《ཀྲུང་གོ་གུང་ཁྲན་ཏང་ས་གནས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྲོལ་ཡིག》བཅས་ཀྱི་འབྲེལ་ཡོད་གཏན་འབེབས་ལྟར། འདེམས་ཤོག་འཕངས་ནས་ཏང་གི་འཐུས་མི་ཚོགས་ཆེན་ཉི་ཤུ་པར་ཞུགས་པའི་མཚོ་སྔོན་ཞིང་ཆེན་གྱི་འདེམས་སྒུག་གྲ་སྒྲིག་མི་སྣའི་མིང་ཐོ་གཏན་འཁེལ་བྱས།ཚོགས་ཞུགས་མི་སྣ་ཡོངས་ཀྱིས་ཚན་ཆུང་བགོས་ནས་བགྲོ་གླེང་བྱེད་པའི་གོ་རིམ་ཁྲོད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་བཅུ་བཞི་པ་འཚོགས་པ་ནི་ཞིང་ཆེན་ཡོངས་ཀྱི་མི་རིགས་སོ་སོའི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་ལ། ཀྲུང་དབྱང་གིས་དོ་ཁུར་བྱེད་པ་དང་ཞིང་ཆེན་ཡོངས་ཀྱིས་དོ་སྣང་བྱེད་པ། མང་ཚོགས་ཀྱིས་རེ་སྒུག་བཅས་བྱེད་པའི་དོན་ཆེན་ཞིག་ཡིན་པས། གྲ་སྒྲིག་གི་ལས་དོན་སོ་སོ་ལེགས་པར་འགྲུབ་ཡོད། ཏང་གི་འཐུས་མི་ཚོགས་ཆེན་ཐེངས་ཉི་ཤུ་པའི་མཚོ་སྔོན་ཞིང་ཆེན་གྱི་འདེམས་སྒུག་གྲ་སྒྲིག་མི་སྣའི་ཐོག་མའི་འོས་སྦྱོར་མིང་འདོན་ལས་དོན་གྱི་གོ་རིམ་ཚད་ལྡན་དུ་བཏང་སྟེ། “གོང་གསུམ་དང་འོག་གསུམ”གྱི་བླང་བྱ་རྒྱུན་འཁྱོངས་བྱེད་པ་དང་། སྔར་ལས་ལྷག་པར་ཏང་ནང་ཁུལ་གྱི་དམངས་གཙོ་སྔར་ལས་རྒྱ་ཆེར་བཏང་བ་དང་། རྟོག་ཞིབ་རྩ་འཛུགས་བྱས་པ་ནན་མོ་དང་གཏིང་ཟབ་ཡིན་པ། ཡག་ཐོག་ལེགས་འདེམས་མངོན་འགྱུར་བྱུང་བ་དང་། འཐུས་མིའི་གྲུབ་ཆ་ཕྱོགས་ནས་བསམ་གཞིགས་མང་པོ་བྱས་ཡོད་པས། སྔོན་ཐོན་རང་བཞིན་དང་མཚོན་བྱེད་རང་བཞིན་མངོན་པ་སོགས་ཀྲུང་དབྱང་གི་བླང་བྱ་དང་ཞིང་ཆེན་གྱི་དོན་དངོས་དང་འཚམ་པར་བྱས་ཡོད་ཅེས་བརྗོད།

ཞིང་ཆེན་ཏང་ཨུའི་ཨུ་ཡོན་དང་རྗེས་སྣོན་ཞིང་ཆེན་ཏང་ཨུའི་ཨུ་ཡོན་རྣམས་གྲོས་ཚོགས་སུ་ཞུགས་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་རིང་རྒྱ་མཚོ།