ཀྲུང་གོ་བོད་ཀྱི་དྲ་བ།

རྨ་ཆུའི་འབབ་རྒྱུད་ཀྱི་སྤྱི་ཆིང་ཁྲི25ཡི་ས་ཆ་ལྗང་མདོག་ཅན་དུ་བསྒྱུར་རྒྱུ་རེད།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྒྱལ་ཁབ་འཐབ་ཇུས་གལ་ཆེན་ཁྲོད་མཉམ་འདྲེས་བྱེད་པ་དང་། རྨ་ཆུའི་མཚོ་སྔོན་འབབ་རྒྱུད་ཀྱི་ལྗང་མདོག་སྤུས་ཚད་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་གཏོང་ཆེད། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་རྨ་ཆུའི་འབབ་རྒྱུད་ཀྱི་ས་ཆ་སྤྱི་ཆིང་ཁྲི24.99ལྗང་མདོག་ཅན་དུ་བསྒྱུར་རྒྱུའི་འཆར་གཞི་བཟོས་ཡོད་པ་དང་། དེའི་ནང་ནགས་ཚལ་སྤྱི་ཆིང་ཁྲི11.69དང་། རྩྭ་ཐང་ཉམས་གསོ་བཅོས་སྐྱོང་སྤྱི་ཆིང་ཁྲི13.3ཟིན་ཡོད། 

གླེང་རིན་ཡོད་པ་ཞིག་ནི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དང་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་སྒྲིག་གཞིའི་ཚོད་ལྟའི་འཛུགས་སྐྲུན་བྱས་པ་ནས་བཟུང་། ཞིང་འབྲོག་མང་ཚོགས་རྒྱལ་ཁབ་སྤྱི་གླིང་སྲུང་སྐྱོང་དོ་དམ་ནང་ཞུགས་རྒྱུར་ཁྲིད་སྟོན་བྱ་ཆེད། རྨ་ཆུའི་སྟོད་རྒྱུད་དུ་སྐྱེ་ཁམས་སྤྱི་ཕན་ལས་གནས3000ལྷག་བཙུགས་ནས། ཁྱིམ་ཚང་རེར་ལས་གནས་རེའི་སྐྱེ་ཁམས་སྲུང་སྐྱོང་ནང་ཞུགས་རྒྱུ་མངོན་འགྱུར་བྱུང་།

གཞི་ཁྱོན་ཆེ་བའི་རྒྱལ་ཁབ་ཀྱི་ས་ཆ་ལྗང་བསྒྱུར་དང་། རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན། འདམ་རའི་སྲུང་སྐྱོང་བྱ་ཤུགས་ཆེ་རུ་གཏོང་བ། རྩྭ་ཐང་སྐྱེ་ཁམས་སླར་གསོ་ལ་ཤུགས་སྣོན་པ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་ལག་བསྟར་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་རྨ་ཆུའི་སྟོད་རྒྱུད་ཀྱི་སྐྱེ་ཁམས་འབྱུང་ཡུལ་ལ་སྲུང་སྐྱོང་བཟང་བོ་ཐོབ་པ་དང་། གཞི་གྲངས་ལས་ད་ལོ་ནས་བཟུང་རྨ་ཆུ་ས་ཁོངས་ལས་བཞུར་པའི་ཆུའི་སྤུས་ཚད་རིམ་པ་བཟང་བོར་སླེབས་ཡོད། ། 

རྩོམ་སྒྲིག་པ། : བདེ་ལེགས་མཚོ།