ཀྲུང་གོ་བོད་ཀྱི་དྲ་བ།

མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་གུང་ཁྲང་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་པ།

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : གསང་བདག་རྒྱལ་གྱིས་བསྒྱུར།   སྤེལ་དུས། : 2022-05-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས16ཉིན། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་གོའི་གུང་ཁྲན་རིང་ལུགས་ན་གཞོན་ཚོགས་པ་བཙུགས་ནས་ལོ་འཁོར100ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ནན་མོ་དང་རྒྱུས་ལོན་གསལ་པོ་བྱས་པ་དང་། གུང་གཞོན་ཚོགས་པའི་གཟི་བརྗིད་སྲོལ་རྒྱུན་དར་སྤེལ་བཏང་ལ། ན་གཞོན་ཚོར་མཐུན་སྒྲིལ་དང་རྩ་འཛུགས་བྱས་ནས། ནམ་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་བྱས་པའི་ཁ་ཕྱོགས་བརྒྱུད་དེ་དཔའ་སྐྱེད་མདུན་སྐྱོད་བྱེད་རྒྱུའི་སྐུལ་སློང་བཏང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཞིན་ཁྲང་ཞིང་གིས་གཏམ་བཤད།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་མཱ་ཅི་ཞའོ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ནམ། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་ཝང་ཏཱ་ནན་ཚོགས་འདུར་ཞུགས།

བཞུགས་མོལ་ཚོགས་འདུའི་ཐོག ཀྲུང་གོ་ན་གཞོན་ལྔ་བཞི་གཟེངས་རྟགས་ཐོབ་མཁན་ནམ། ཟི་ལིང་གྲོང་ཁྱེར་མཁར་ནུབ་ཁུལ་མེ་གསོད་རུ་ཁག་མེ་གསོད་པ་མ་ནི་སྐྱབས་དང་། མཚོ་བྱང་ཁུལ་མིན་ཡོན་ཧུའེ་རིགས་རང་སྐྱོང་རྫོང་ཧོང་ཁྲིན་འབྲོག་པ་རྒན་པའི་སྐྱེ་ཁམས་ཕྱུགས་ལས་ཆེད་ལས་མཉམ་ལས་ཁང་གི་ལས་འཛིན་གཞོན་པ་མཱ་ཞིན་ཅུན། ཞིང་ཆེན་ཁོར་ཡུག་སློབ་གསོ་མཐུན་ཚོགས་ཀྱི་ཚོགས་གཙོ་ཡོའུ་ལུའུ་ཆེན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་ཡེ་མིན་ཧྲིན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་བྱེད་པར་དམིགས་ནས། ན་གཞོན་ཚོས་འབད་འཐབ་མདུན་སྐྱོད་བྱེད་པའི་ཁྲོད་འགན་སྒྲུབ་ཁུར་ལེན་བྱེད་པ་དང་། ན་གཞོན་གྲོང་གསེབ་དར་སྤེལ་ནང་ཞུགས་པ། ན་གཞོན་ལོ་ཆུང་གི་སྐྱེ་ཁམས་ཁོར་ཡུག་འདུ་ཤེས་ཀྱི་སོན་འདེབས་པ་བྱེད་པ། གུང་གཞོན་ཚོགས་པའི་འགན་འཁྲི་སྔར་ལས་ལག་བསྟར་བྱེད་པ་བཅས་ཀྱི་ཐད་ནས་སྔ་རྗེས་སུ་གཏམ་བཤད། ཞིན་ཁྲང་ཞིང་གིས་ཉན་ཞོར་དུ་ཟིན་བྲིས་འདེབས་པ་དང་། མཚམས་རེར་བརྗེ་རེས་བྱེད་ཅིང་། ཡུལ་དངོས་ལ་གསོན་ཤུགས་ཀྱིས་གཏམས།

ཞིན་ཁྲང་ཞིང་གིས་ནན་གྱིས་གསུང་དོན། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱིས་ཏང་གི་དར་ཆའི་ཁ་ཕྱོགས་དང་གུང་གཞོན་ཚོགས་པའི་དར་ཆའི་ཁ་ཕྱོགས་རྒྱུན་འཁྱོངས་བྱེད་པ་དང་། ཞིང་ཆེན་ཡོངས་ཀྱི་རྒྱ་ཆེའི་ན་གཞོན་ཚོས་མཐུན་སྒྲིལ་སྒོས་འཕེལ་རྒྱས་ཐད་ཞབས་འདེགས་ཞུ་བ་དང་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ། དབུལ་ཐར་འགག་སྒྲོལ་བྱེད་པ། གྲོང་གསེབ་དར་སྤེལ་གཏོང་བ། གནོད་འགོག་རྒུད་སྐྱོབ་བྱེད་པ། རིམས་ནད་འགོག་སྡོམ་བྱེད་པ་སོགས་ཀྱི་ལང་ཚོའི་ལག་ལེན་བྱ་འགུལ་ཁྲོད་ཞུགས་པར་སྣེ་ཁྲིད་བྱས་ཏེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་ཆེད་ལང་ཚོའི་བློ་གྲོས་དང་སྟོབས་ཤུགས་ཕུལ། གུང་གཞོན་ཚོགས་པས་བགྲོད་ལམ་གསར་པའི་སྟེང་ཤུགས་སྐྱེད་མཆོང་རྒྱུག་བྱེད་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་དང་དུས་རབས་ཀྱི་ཁ་ཕྱོགས་ཡང་དག་པར་ཁོང་དུ་ཆུད་པ་དང་། བླ་སྲོག་བསྐྲུན་པ་རྩ་བ་དང་། བློ་སེམས་གཅིག་ཏུ་བསྡུ་བ་དམིགས་འབེན། ནུས་པ་སྩོལ་བ་གཙོ་གནད་དུ་བཟུང་ནས། རྒྱ་ཆེའི་ན་གཞོན་ཚོས“གཏན་ཁེལ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་མྱོང་རྟོགས་ཟབ་མོ་བྱེད་པར་ཁྲིད་སྟོན་བྱེད་པ། “འདུ་ཤེས་བཞི”ཇེ་དྲག་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”བརྟན་པོར་འཛུགས་པ། “སྲུང་སྐྱོབ་གཉིས”སྒྲུབ་ཐུབ་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པ་དང་། ཐོན་ལས་ཀྱི“གནས་བཞི”འཛུགས་སྐྲུན་བྱེད་པ། སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཁྲོད་ཕུགས་འདུན་མངོན་འགྱུར་བྱེད་པ་དང་བྱས་རྗེས་འཇོག་པ་བཅས་ལ་འབད་བརྩོན་བྱེད་དགོས། །

རྩོམ་སྒྲིག་པ། : གསང་བདག་རྒྱལ།